དེ་རིང་ནི2025ལོའི་ཟླ12པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-30 09:16:59   |   40

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོར་རང་རྒྱལ་གྱིས་ལོ་གཉིས་བསྟུད་མར་དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཏེ་ནང་མཁོ་རྒྱ་ཆེར་གཏོང་བ་དང་གྲུབ་ཆ་ལེགས་སུ་གཏོང་བ། སྒུལ་ནུས་ཆེ་རུ་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་བྱ་རྒྱུ་རེད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསླབ་གནས་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱེད་ཐབས་དཔར་འགྲེམ་བྱས་ནས། འཇོན་ཐང་ཆེ་བའི་འབུམ་རམས་པ་ཉུང་ཤས་ཤིག་གིས་རིག་ཚན་ལས་བརྒལ་ནས་རབ་འབྱམས་པའི་སློབ་གནས་ལེན་པར་རྒྱབ་སྐྱོར་བྱས་ཡོད། 

  • ཚེས29ཉིན་སློབ་གསོ་པུས《རྒྱལ་ཡོངས་ཀྱི་སློབ་ཞུགས་གོང་གི་བྱིས་པའི་སློབ་ཁོངས་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་ནས། ཁྲིམས་ལྟར་གཉེར་བའི་བུ་བཅོལ་ཁང་དུ་སློབ་སྦྱོང་བྱེད་མཁན་སློབ་ཞུགས་གོང་གི་བྱིས་པ་ཚང་མར་ངེས་པར་དུ་སློབ་ཁོངས་འཛུགས་དགོས་པ་ནན་བཤད་བྱས། 

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་བྱ་སྤྱོད་ཇུས་གཞི་བཏོན་ནས། 2026ལོའི་ཟླ1ཚེས1ཉིན་ནས་བཟུང་། གྲངས་གཞིའི་མི་དམངས་ཤོག་སྒོར་གྱི་དངུལ་ཁུག་ལྷག་གྲངས་དེ་དུས་ངེས་མེད་ཀྱི་བཅོལ་དངུལ་ལྟར་སྐྱེད་ཀ་རྩིས་རྒྱག་རྒྱུ་རེད། 

  • ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་ཀྱི་གཞུང་ཁོངས་དང་དེ་བཞིན་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར756257.6ཡིན་པ་དེ་དུས་མཚུངས་ལས1%འཕར་ཡོད། 

  • ཚེས29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགག་སྒོའི་དཔྱ་ཁྲལ་སྒྲིག་སྲོལ་ཨུ་ཡོན་ལྷན་ཁང་གིས་ཕྱི་ཕྱོགས་སུ《2026ལོའི་སྒོ་ཁྲལ་ལེགས་སྒྲིག་ཇུས་གཞི》ཁྱབ་བསྒྲགས་བྱས་པ་དེ2026ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

  • ཚེས29ཉིན་ནས་བཟུང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཤར་རྒྱུད་འཐབ་ཁུལ་གྱིས་སྐམ་དམག་དང་མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག་དཔུང་སོགས་ཀྱི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ། ཐའེ་ཝན་མཚོ་འགག་དང་ཐའེ་ཏའོ་བྱང་རྒྱུད། ཐའེ་ཏའོ་ལྷོ་ནུབ། ཐའེ་ཏའོ་ཤར་ལྷོ། ཐའེ་ཏའོ་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁོངས་སུ་ཚབ་མིང་ལ“དྲང་བདེན་གྱི་འགན་འཁྲི—2025”ཞེས་པའི་མཉམ་འབྲེལ་འཁྲབ་སྦྱོང་བྱེད་བཞིན་ཡོད། 

  • ཚེས29ཉིན་ཧྥུའུ་ཅན་མཚོ་ཐོག་ཉེན་རྟོག་རྩ་འཛུགས་དམག་གྲུའི་དཔུང་ཁག་ཐའེ་ཏའོ་གླིང་ཕྲན་མཐའ་འཁོར་གྱི་མཚོ་ཁོངས་དང་མ་ཙུའུ་གླིང་ཕྲན། ཝུའུ་ཆིའུ་ཡུས་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཕྱོགས་བསྡུས་ཁྲིམས་འཛིན་སྐོར་ཞིབ་བྱས་ཤིང་། དེ་ནི་ཀྲུང་གོ་གཅིག་གི་རྩ་དོན་གཞིར་བཟུང་ཐའེ་ཝན་གླིང་ཕྲན་དང་དེའི་ཞོར་གཏོགས་གླིང་ཕྲན་ལ་ཁྲིམས་ལྟར་དོ་དམ་ཚོད་འཛིན་བྱེད་པའི་བྱ་སྤྱོད་དངོས་ཤིག་ཡིན། 

  • ཀྲུང་གོའི་མཚོ་དོན་མཚོ་འགྲུལ་ཉེན་རྟོག་པས་ཟླ12ཚེས30ཉིན་གྱི་ཆུ་ཚོད08ནས18བར་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་འཁྲབ་སྦྱོང་གལ་ཆེན་བྱས་པ་དང་འབྲེལ་མདེའུ་དངོས་སྒྲིག་འཛུགས་བྱས་ནས་མེ་མདའ་རྒྱག་པ་དང་། དེའི་རིང་གྲུ་གཟིངས་གང་ཞིག་ཀྱང་བསྐྱོད་མི་ཆོག་པ་རེད།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། གུང་གསེང་རིང་ཉིན་རེར་ཆ་སྙོམས་ས་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི210ལས་བརྒལ་རྒྱུ་ཡིན་པ་དེ་ན་ནིང་གི་དུས་མཚུངས་ལས22.4%འཕར་རྒྱུ་རེད། 

    སྤྱི་ཚོགས།

47128be2b883830bbe5c1aae82d31f15.jpg

  • དེ་རིང་ནས་བཟུང་། མཁའ་རླུང་གྲང་མོ་ཞིག་གིས་ཁངས་ཆར་ཁྱེར་ནས་དྲོད་ཚད་ཆག་པ་དེས་རང་རྒྱལ་གྱི་དབུས་ཤར་རྒྱུད་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། དེ་རིང་དགོང་མོ་ནས་གནམ་ལོ་གསར་ཚེས་ཀྱི་ཞོགས་པའི་བར། རྨ་ཆུའི་ལྷོ་ཕྱོགས་སོགས་སུ་གཞི་ཁྱོན་ཆེ་བའི་ཁངས་ཆར་གནམ་གཤིས་འབྱུང་རྒྱུ་རེད། 

  • སྒུལ་བདེའི་བེད་སྤྱོད་ཐད་ཁྲིམས་འགལ་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་པའི་གནས་ཚུལ54བརྡ་ཁྱབ་བཏང་བ་རེད། 

  • 《རྒྱལ་ཡོངས་ཀྱི་རྒྱལ་དམངས་གཟུགས་གཞི་རྟོག་འཇལ་སྤྱི་བསྒྲགས》ལས་མངོན་པ་ལྟར་ན། རང་རྒྱལ་གྱི་རྒྱལ་དམངས་གཟུགས་གཞི་ཚད་ལོན་ཡན་གྱི་མི་གྲངས་བསྡུར་ཚད84.99%ཡིན་པ་དང་། རིམ་པ་བཟང་པོ་དང་དེ་ཡན་གྱི་མི་གྲངས་བསྡུར་ཚད30.99%ཡིན་པས་ཚང་མས་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། 

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་རང་རྒྱལ་གྱི་ལུས་རྩལ་པར་རྣམ་གྲངས31ཐོག་འཛམ་གླིང་གི་ཨང་དང་པོ146ཐོབ་ནས་འཛམ་གླིང་གི་ཟིན་ཐོ17བཏོད་ཡོད། 

302d5462ae3aa79786fc9cd309e78001.jpg

  • ཉེ་ཆར་ཧྥི་ལི་ཕིན་ཉེན་རྟོག་ཕྱོགས་ཀྱིས་བཙན་ཁྲིད་དང་མི་བསད་པའི་གྱོད་གཞི་མང་པོ་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་ཧྲི་ཁྲུན་ཧྥང་རང་ཕྱོགས་ལ་རྩིས་སྤྲད་པ་དང་། སྤྱི་བདེ་པུས་ཧྥུའུ་ཅན་སྤྱི་བདེ་ལས་ཁུངས་སྒྲིག་འཛུགས་བྱས་ནས་རྒྱལ་ནང་དུ་བཟུང་སྐྱེལ་བྱས་པ་རེད། 

  • ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་རིམ་འདས་ལས་གྲྭའི་ཧྲེན་ཀྲུང་བགྲོད་ལམ་ནུབ་ཀྱི་མིས་བཟོས་གླིང་ཕྲན་དེ་ཚེས29ཉིན་ནས་བཟུང་དངོས་སུ་གཉེར་སྐྱོང་བྱས་ནས། རྒྱ་ཆེའི་སྡོད་དམངས་ལ་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་རྒྱུ་རེད། 

3aeeac2620f5ba68edcf0f179f1e5a13.jpg

  • ཚེས29ཉིན། རྒྱལ་ནང་གི་གྲོང་ཁྱེར་ཁོངས(གྲོང་འདབས)ལྕགས་ལམ་གྱི་མཚོ་བརྒལ་ཟམ་ཆེན་ཐོག་མ་སྟེ། ཉིང་པོ་གྲོང་ཁྱེར་ཁོངས་ཀྱི་ལྕགས་ལམ་ཞང་ཧྲན་གྲུ་ཁའི་མཚོ་བརྒལ་ཟམ་ཆེན་བདེ་བླག་ངང་སྦྲེལ་མཐུད་བྱས་པ་རེད། 

  • སི་ཁྲོན་ཁྲེང་ཏུའུ་སྤྱི་བདེ་པུས་ཚོང་ཁང4Sཡི་འབར་གས་དོན་རྐྱེན་གྱི་ཉེན་རྟོག་པའི་གནས་ཚུལ་མུ་མཐུད་སྙན་སེང་ཞུས་ཤིང་། ཙེང་ཆེ་གེ་མོ་དང་ལུང་ཆེ་གེ་མོ་སོགས་ཀྱིས་འབྲེལ་ཡོད་དཀྲོག་གཏམ་འོལ་ཚོད་དང་རྫུན་བཟོ། ཁྱབ་སྤེལ་བཅས་བྱས་པའི་རྐྱེན་གྱིས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱས་པ་རེད། 

44869996eefb987ef2d26e6e6f0867a2.jpg

  • ཚེས31ཉིན་གྱི་དགོང་མོ། གནམ་གཤིས་ཀྱི་ཟློས་གར་ཆེན་པོ་ཞིག་སྟེ། ཟླ་བའི་འགེབས་སྲུང་སྐར་ཚོགས་འཆར་རྒྱུ་ཡིན་པས་རྒྱལ་ཡོངས་སུ་རྟོག་འཇལ་བྱེད་ཐུབ། 

微信图片_2025-12-30_082900_377.jpg

  • ཉེ་ཆར་ཧྲན་ཏུང་ལིན་དབྱི་ཡི་ཟོག་འདྲེན་རླངས་འཁོར་གཉིས་ལ་རྗེས་འདེད་ཀྱི་དོན་རྐྱེན་བྱུང་བ་ན། ལམ་བར་དུ་སྐྱོད་མཁན་ཕོ་གཞོན་ཝང་ཅ་་འཕྲལ་དུ་མདུན་དུ་བཅར་ནས་ཉེན་བརྡའི་མཚོན་རྟགས་བཞག་པ་དང་འབྲེལ་རོགས་སྐྱོབ་ཁ་པར་བརྒྱབ་པ་དང་། དེ་རྗེས་འགྲིམ་འགྲུལ་ཁྲིད་སྟོན་བྱེད་རོགས་བྱས་ཏེ་རྨས་མ་སྨན་བཅོས་བྱེད་པར་བསྐྱལ་རྗེས་གཞི་ནས་ཁ་བྲལ་བ་རེད། 

    སྲིད་ཇུས།

  • ཀྲེ་ཅང་གིས་སྒེར་གྱི་བཟོ་ཚོང་དུད་ཚང་གི་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་བཏོན་ཅིང་། མུ་མཐུད་དངུལ་བུན་གཏོང་བའི་སྲིད་ཇུས་དེ་ཁེ་ལས་ཆུང་ཕྲན་ནས་སྒེར་གྱི་བཟོ་ཚོང་དུད་ཚང་བར་རྒྱ་ཆེར་བཏང་ནས། “བསྟུད་མར་དངུལ་བུན་གཏོང་བ་དང་། སྟབས་བསྟུན་དངུལ་བུན་གཏོང་བའི”ལམ་སྲོལ་ཁྱབ་གདལ་བཏང་སྟེ། སྒེར་གྱི་བཟོ་ཚོང་དུད་ཚང་གི་གནས་སྐབས་རང་བཞིན་དང་དུས་ཚིགས་རང་བཞིན་གྱི་མ་དངུལ་དགོས་མཁོ་སྐོང་རྒྱུ་རེད། 

  • ཀུའེ་ཀྲོའུ་ཡིས་བསམ་འཆར་དཔར་འགྲེམ་བྱས་ནས། སྡེ་ཁུལ་གྱི་དགེ་སྒྲུབ་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ཐོ་འགོད་ཀྱི་ཆ་རྐྱེན་དང་མཐུན་པའི་སྡེ་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་ལ་གོ་རིམ་སྟབས་བདེ་རུ་གཏོང་བ་དང་སྒྲུབ་གཉེར་མགྱོགས་སུ་གཏོང་བ། དགེ་སྒྲུབ་རྩ་འཛུགས་ཀྱི་ཆ་རྐྱེན་དང་མཐུན་རིགས་དགེ་སྒྲུབ་རྩ་འཛུགས་སུ་དུས་གཅིག་ཏུ་ཐོ་འགོད་བྱེད་པ་ཡིན། 

  • ཀོང་ཞིས་མཐོ་སློབ་དང་ཚན་ཞིབ་ཁང་། གཞུང་བཙུགས་སྨན་ཁང་། དེ་བཞིན་ཆ་རྐྱེན་དང་མཐུན་པའི་བྱ་གཞག་ཚན་པ་བཅས་ལས་གནས་ཆེད་ལས་རང་བཞིན་ཅུང་ཆེ་བའི་དབང་གིས་གཅིག་གྱུར་གདན་ཞུའི་ནང་ཞུགས་རྒྱུར་མི་འཚམ་པའི་རིགས་དོ་དམ་དབང་ཆའི་ཚད་བཀག་གཞིར་བཟུང་། འབྲེལ་ཡོད་སྡེ་ཁག་གི་མོས་མཐུན་ཐོབ་པ་བརྒྱུད་གཏན་འབེབས་ཀྱི་གོ་རིམ་གཞིར་བཟུང་རང་མོས་ངང་ཡོངས་བསྒྲགས་གདན་ཞུ་བྱེད་ཆོག་ཅེས་ཁ་གསལ་བཏོན་ཡོད། 

    དེ་རིང་གི་གནམ་གཤིས། 

feea76b89b8314ebe9e3780bc508556b.jpg

  • ཞིན་ཅང་གི་ཐེན་ཧྲན་ས་ཁུལ་དང་ཞིན་ཅང་ལྷོ་རྒྱུད་ཀྱི་རི་ཁུལ། བོད་ལྗོངས་ཀྱི་ཤར་རྒྱུད། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་རྨ་ནུབ་དང་ཉིང་ཞའི་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་ཁངས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་ལ། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཀོང་ཞིའི་ནུབ་རྒྱུད། ཀྲེ་ཅང་ཤར་རྒྱུད། ལེ་ཀྲོའུ་ཕྱེད་གླིང་། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད། 


མཉམ་སྤྱོད།