དེ་རིང་ནི2025ལོའི་ཟླ12པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-31 09:11:24   |   75

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་ཚེས29ནས30ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་། 

  • 2026ལོའི་ལོ་གསར་གྱི་ཟློས་གར་དགོང་ཚོགས་དེ་ཚེས30ཉིན་གྱི་དགོང་མོ་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་འཚོགས་པ་དང་ཞི་ཅིན་ཕིང་སོགས་གཟིགས་པར་ཕེབས་པ་རེད། 

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དོ་དགོང་ཆུ་ཚོད་བདུན་པར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད། 2026ལོའི་ལོ་གསར་གྱི་ཤིས་ཚིག་གསུང་རྒྱུ་རེད། 

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་གིས2026ལོའི་ཟླ1ཚེས4ནས7ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། 

  • 《2026ལོར་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས། རིག་ནུས་ཐོན་རྫས་ཁ་གསབ་ཁྱབ་ཁོངས་ནང་བཅུག་པ་སོགས་ཀྱི་དོན་ཚན་ཁ་གསལ་བཟོས་ཡོད། 

  • 2026ལོར་ཁག་དང་པོའི་སྒོར་དུང་ཕྱུར625ཡུན་རིང་དམིགས་བསལ་རྒྱལ་བུན་ལས་བརྒལ་ཏེ། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་རྒྱབ་སྐྱོར་བྱེད་པའི་འཆར་གཞི་སྔ་སྣུར་དུ་གཤམ་བསྒྲགས་བྱས་ཡོད། 

  • ནོར་སྲིད་པུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་སྤྱི་བསྒྲགས་སྤེལ་ནས། མི་སྒེར་གྱིས་ཉོས་ནས་ལོ་གཉིས་མ་ལོན་པའི་སྡོད་ཁང་ཕྱི་ཕྱོགས་སུ་ཕྱིར་འཚོང་བྱས་ཚེ། 3%གྱི་བསྡུ་ཚད་ལྟར་གནས་ཐང་འཕར་ཁྲལ་ཚང་མ་འཇལ་རྒྱུ་དང་། མི་སྒེར་གྱིས་ཉོས་ནས་ལོ2ཡན(ལོ2ཚུད་པ)གྱི་སྡོད་ཁང་ཕྱི་ཕྱོགས་སུ་ཕྱིར་འཚོང་བྱས་ཚེ་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ། 

  • 2025ལོར་རང་རྒྱལ་གྱི་འབྲུ་རིགས་ཉོ་སྒྲུབ་བྱེད་ཚད་རྒྱ་མ་དུང་ཕྱུར8300ལ་སླེབས་ནས་ལོ་གསུམ་བསྟུད་མར་རྒྱ་མ་དུང་ཕྱུར8000ཡན་བརྟན་པོ་བྱུང་ཡོད། 

  • སྙན་ཞུའི་ནང་རང་རྒྱལ་ཨ་རི་དང་འཇར་མན། ལྗར་པན་བཅས་ཀྱི་རྗེས་ཀྱི་གོ་ལ་ཧྲིལ་པོའི་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་གྱི་གྲས་སུ་ཚུད་པའི་རྒྱལ་ཁབ་ཨང་བཞི་པར་གྱུར་ཡོད། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག13གྱིས་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱས་ནས། སླད་ཕྱིན་ལོ་ལྔའི་ནང་ལྗིད་ཚད་དང་མཐོང་ཤུགས། སེམས་ཁམས། རུས་པ། ཁ་ནང་སོགས་ཕྱོགས་ལྔར་དམིགས་ནས་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་བདེ་ཐང་སྐུལ་འདེད་ལས་དོན་སྤེལ་རྒྱུ་རེད།

    640.gif 

  • ཚེས30ཉིན“དྲང་བདེན་འགན་འཁྲི—2025”འཁྲབ་སྦྱོང་ཉིན་གཉིས་པར་སླེབས་པ་དང་། དམག་རིགས་མང་པོས་མཉམ་འབྲེལ་ཐོག་ལངས་གཟུགས་ཀྱི་མེ་ཤུགས་རྡུང་རྡེག་བཏང་བ་རེད། ཧྥུའུ་ཅན་གྱི་མཚོ་ཐོག་ཉེན་རྟོག་ཐའེ་ཏའོ་གླིང་ཕྲན་མཐའ་འཁོར་གྱི་མཚོ་ཁོངས་སུ་ཁྲིམས་འཛིན་དོ་དམ་ཚོད་འཛིན་འཁྲབ་སྦྱོང་བྱས་པ་རེད། 

    སྤྱི་ཚོགས།

  • 2026ལོའི་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། མཁའ་རླུང་གྲང་མོ་ཞིག་གིས་སྔ་རྗེས་སུ་རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས10ལྷག་ཙམ་ལ་ཁངས་ཆར་ཉུང་བས་འགྲོ་སྐྱོད་བྱེད་རྒྱུར་འཚམ་པོ་ཡོད། 

7cb3e561c396d7a72e468375e6d04a08.jpg

  • ཚེས30ཉིན་པེ་ཅིང་ཐུང་ཀྲོའུ་འབབ་ཚུགས་དངོས་སུ་སྤྱོད་མགོ་བརྩམས་པ་དང་ཅིང་ཐང་གྲོང་ཁྱེར་དབར་གྱི་ལྕགས་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ཡོད། 

  • 2026ལོའི་དཔྱིད་གསར་སྐྱེལ་འདྲེན་མ་བྱས་གོང་། ཆུང་ཀྲོའུ་མཚོ་འགག་གི་འགྲུལ་སྐྱེལ་སྐྱེལ་འདྲེན་ཐད་ནུས་རྒྱུ་གསར་པའི་རླངས་འཁོར་མཚོ་སྒྲོལ་ཆེད་སྤྱོད་སྐྱེལ་འདྲེན་གྲུ་གཟིངས་གསར་སྣོན་བྱ་རྒྱུ་དང་། སྔོན་དཔག་བྱས་ན་མཚོ་ཐོག་སྐྱེལ་འདྲེན་ནུས་པ2025ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་རྨང་གཞིའི་ཐོག5%མཐོ་རུ་འགྲོ་རྒྱུ་རེད། 

  • ཁྲུང་ཆིང་གི་ལོ་རྒྱུས་ཐོག་ཁྱབ་རྒྱ་ཆེས་ཆེ་ཤོས་ཀྱི་དམངས་འཚོའི་ཆུ་བེད་ལས་གྲྭ་སྟེ། ཁྲུང་ཆིང་ནུབ་ཀྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གྲྭའི་ལམ་ཐིག་ཧྲིལ་པོར་ཆུ་ཤར་གཏོང་ཐུབ་པ་དང་། ལོར་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར10ལས་བརྒལ་ནས། མི་འབོར་ཁྲི1000ཙམ་ལ་ཕན་པ་ཐོབ་རྒྱུ་རེད། 

  • བོད་ལྗོངས་གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲེམས་མ་ལག་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོར་མྱུར་སྐྱེལ་ཞབས་ཞུ་ཤར་གཏོང་ཐུབ་ཚད100%ཟིན་ཡོད། 

  • ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀྲང་ཧྲི་ཕིང་གིས་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 

  • རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཁྲིམས་འགལ་སྒྲིག་འགལ་གྱི་ཚོང་རྟགས་སྤྱོད་པའི་བྱེད་སྤྱོད་རིགས་བདུན་བཅོས་སྒྲིག་བྱེད་པའི་ནང་མགོ་སྐོར་རང་བཞིན་སོགས་སྤྱོད་མི་ཆོག་པའི་ཐོ་འགོད་མ་བྱས་པའི་ཚོང་རྟགས་དང་མགོ་སྐོར་རང་བཞིན་གྱི་ཐོ་འགོད་ཚོང་རྟགས་སྤྱོད་པ་སོགས་ཚུད་ཡོད། 

  • ཚན་རྩལ་གསར་གཏོད་པང་ལེབ་ཀྱིས་ཁྲོམ་འགྲེམས་སྤྱི་གཉེར600པ་བསུས་ཤིང་། མིག་སྔའི་བར་ཚན་རྩལ་གསར་གཏོད་པང་ལེབ་ཀྱི་ཁྲོམ་རའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི10ལས་བརྒལ་ཡོད། 

8c1fd2ae593f5febf643de6dca4e7096.jpg

  • རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི“ཞང་ཡུན”AS700མི་བཞུགས་འཕུར་གྲུ་ལ་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ཐོབ་ནས། དངོས་སུ་ཐོན་སྐྱེད་འབོར་ཆེན་བྱེད་པའི་དུས་མཚམས་སུ་སླེབས་ཡོད། 

99898b1fc1df28064e96fdb209900b1b.jpg

  • རྒྱལ་སྤྱིའི་ཡུན་གཏན་ཨང་རྟགས29509པའི་རྒྱུ་སྐར་ཆུང་བ་ལ“ཁོང་ཐིང་ཡུན་སྐར”ཞེས་དངོས་སུ་མིང་བཏགས་ཡོད། ཁོང་ཐིང་ཡུན་ནི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡིན་པ་དང་། འོད་སྦྱོར་སྐྱིའི་སྤྲི་དཀར་གྱི་གྲུབ་ཆ་དང་ནུས་པའི་ཞིབ་འཇུག་ཐད་མ་ལག་རང་བཞིན་དང་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 

    སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་སོགས་སྡེ་ཁག་དྲུག་གིས་མཉམ་འབྲེལ་ཐོག་བཟོ་བཅོས་བརྒྱབ་པ་དང་། གཉེར་སྐྱོང་བྱེད་པོ་ཕྱིར་འཐེན་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས། “ལས་ཆོད་ཆེ་བའི་བྱ་བ་གཅིག་སྒྲུབ་པར”སྐུལ་འདེད་བཏང་ཡོད། 

  • ཧྲན་ཏུང་གིས་དབང་པོ་སྐྱོན་ཅན་བྱིས་པའི་དྲག་སྐྱེད་རོགས་སྐྱོབ་ཀྱི་སྒྲིག་སྲོལ་གསར་པ་བཏོན་ནས། དབང་པོ་སྐྱོན་ཅན་གྱི་རིགས་དང་ལོ་ཚད་ཀྱི་ཧེ་བག་དང་ཟུང་འབྲེལ་བྱས་ཏེ་དུས་མཚམས་དབྱེ་ནས་རོགས་སྐྱོབ་བྱེད་པ་དང་འབྲེལ་ཁྱིམ་ཚང་གི་ཁུར་པོ་སྔར་བས་ཡང་དུ་བཏང་ཡོད། 

  • 2026ལོའི་ཟླ1ཚེས1ཉིན་ནས་བཟུང་། ཀོང་ཏུང་གིས་ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིར་གོ་རིམ་ལྡན་པའི་ངང་ཁྱབ་གདལ་བཏང་ནས“ཐེངས་གཅིག་ལ་ཐོ་འགོད་ཉིན་གསུམ་བཀོལ་ཆོག་པའི”ཞབས་ཞུ་ལག་བསྟར་བྱས་པ་རེད། 

    དེ་རིང་གི་གནམ་གཤིས།

0916280b243b1da30ae47502c1368164.jpg

  • ནང་སོག་གི་ནུབ་རྒྱུད་དང་ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། ཧོ་ནན་གྱི་དབུས་ནུབ་རྒྱུད། ཧུའུ་པེའི་བྱང་རྒྱུད། ཁྲུང་ཆིང་གི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ནང་ཀན་སུའུ་ཤར་རྒྱུད་དང་ལྷོ་རྒྱུད། ཉིང་ཞའི་དབུས་ལྷོ་རྒྱུད། ཧྲའན་ཞིའི་དབུས་བྱང་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། ཧོ་ནན་ནུབ་རྒྱུད། ཧུའུ་པེའི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་དྲག་པོ་འབབ་ཀྱི་ཡོད། ཅང་ཧན་གྱི་ས་ཆ་མང་ཆེ་བ་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད་དང་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་ཆར་འབྲིང་བར་འབབ་ཀྱི་ཡོད་ཅིང་། དེའི་ནང་ཧུའུ་པེའི་ལྷོ་ནུབ་རྒྱུད་དང་ཧུའུ་ནན་གྱི་ནུབ་བྱང་རྒྱུད། ཁྲུང་ཆིང་གི་ཤར་ལྷོའི་རྒྱུད། ཀུའེ་ཀྲོའུ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།