དེ་རིང་ནི2026ལོའི་ཟླ01པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-04 09:06:03   |   330

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས1ནས3ཉིན་བར། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར5.9ཡིན་རྒྱུ་རེད། 

  • ཚེས3ཉིན། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི1745སྐྱེལ་འདྲེན་བྱ་རྒྱུ་དང་འགྲུལ་སྐྱེལ་མེ་འཁོར་ཐེངས་གྲངས1343མང་དུ་གཏོང་རྩིས་ཡོད་པ་རེད། 

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་རང་རྒྱལ་གྱི་གསར་གཏོད་སྨན་རྫས་ཕྱི་ཕྱོགས་སུ་དབང་ཆ་སྤྲོད་པའི་ཉོ་འཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར1300ལས་བརྒལ་བ་དང་དབང་ཆ་སྤྲད་པའི་ཉོ་འཚོང་གྲངས་འབོར150ལས་བརྒལ་ཡོད་པ་རེད། 

  • རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་ལོ་ཧྲིལ་པོར་འཕེན་གཏོང་བྱེད་ཐེངས92ལ་སླེབས་ནས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

884208aec908bfbde336e274d8cd2f19.jpg

  • ཚེས3ཉིན། ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ལས་འགན་ཐེངས42པ་སྒྲུབ་པའི“གངས་འབྲུག”རྟགས་ཅན་གྱིས་ཆིན་ལིང་འབབ་ཚུགས་ཀྱི་དངོས་ཟོག་འདོན་འཇུག་དང་མི་སྣ་སྐམ་སར་འབུད་པའི་ལས་དོན། མཁའ་འགྲུལ་པར་ལེན། རྒྱ་མཚོའི་ཚད་འཇལ་རིས་འབྲི་སོགས་ཚན་རིག་རྟོག་ཞིབ་ལས་དོན་ལེགས་གྲུབ་བྱས་ནས། ནེའུ་ཙི་ལན་གྱི་ལི་ཐེར་ཏུན་གྲུ་ཁར་བསྐྱོད་པ་རེད། 

  • ཚེས3ཉིན་ཨ་རིས་ཝེ་ནེ་ཙུའེ་ལར་དམག་དོན་རྡུང་རྡེག་བཏང་བས་ཝེ་ནེ་ཙུའེ་ལའི་བདེ་འཇགས་ཉེན་ཁ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རང་རྒྱལ་གྱི་ཕྱི་འབྲེལ་པུ་དང་ཝེ་ནེ་ཙུའེ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོའི་སྤྱི་དམངས་ཉེ་ཆར་ཝེ་ནེ་ཙུའེ་ལར་གནས་སྐབས་སྐྱོད་མི་རུང་བའི་དྲན་སྐུལ་བྱས་པ་རེད། 

  • ས་གནས་དེ་གའི་དུས་ཚོད་ཟླ1ཚེས3ཉིན་གྱི་ཐོ་རེངས་སུ། ཝེ་ནེ་ཙུའེ་ལའི་ས་ཁོངས་ཀྱི་དམིགས་ཚད་མང་པོར་ཨ་རིའི་མཁའ་རྒོལ་བྱས་པ་རེད། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་དང་དེའི་སྐུ་ཟླ་འཛིན་བཟུང་བྱས་པ་དང་འབྲེལ་ཝེ་ནེ་ཙུའེ་ལ་ནས་ཁ་བྲལ་ཡོད་ཅེས་བཤད་པ་རེད། 

  • ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཚེས2ཉིན་ལྗར་པན་གྱི་དམག་འཁྲུག་ཉེས་ཅན20ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཨུ་རུ་སུ་ཕྱོགས་ཀྱིས་ལྗར་པན་དམག་རྒྱལ་རིང་ལུགས་པའི་ཉེས་སྤྱོད་མུ་མཐུད་ཐེར་འདོན་དང་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

  • མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚོགས་ཆེན་སྐབས་ཞེ་གསུམ་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། “སྤོ་བོ་མངར་རིལ”ཀུའུ་ཧྥང་ཀྲོའུ་འཁྲུངས་ནས་ལོ100འཁོར་བའི་དྲན་གསོའི་བྱེད་སྒོ་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དྲན་གསོའི་བྱེད་སྒོ་རབ་དང་རིམ་པའི་ནང་དངོས་སུ་བཅུག་ཡོད། 

    སྤྱི་ཚོགས།

  • རྒྱལ་ཁབ་གནོད་འཚེ་འགོག་འཕྲི་གེགས་སེལ་ཨུ་ལྷན་གྱིས་ཉིན་ཤས་གོང་ཞིབ་འཇུག་བརྡར་གཅོད་བྱས་པར་གཞིགས་ན། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་རང་རྒྱལ་གྱི་དྲོད་ཚད་དམའ་བ་དང་འཁྱགས་པས་བསྡམས་པའི་ཉེན་ཁ་ཅུང་ཆེ་བ་དང་། ལྷོ་ཕྱོགས་ཀྱི་ས་ཆ་མང་པོའི་ནགས་ཚལ་མེ་སྐྱོན་གྱི་རིམ་པ་མཐོ་བ། རྨ་ཆུ་སོགས་གཙང་པོར་འཁྱགས་དར་གྱི་གནོད་འཚེ་ཕོག་སྲིད་པས་ས་གནས་ཁག་གིས་གནོད་འཚེ་ཕོག་སྐབས་སྔོན་བརྡ་གཏོང་བ་དང་བརྡ་ལན་སྤྲོད་པའི་རྐྱེན་སྲོལ་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

  • པེ་ཅིང་གྲོང་ཁྱེར་ཚོང་དོན་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་པེ་ཅིང་གི་གཙོ་གནད་ཚོང་ཁང་དུ་འགྲུལ་པ་མི་ཐེངས་ཁྲི2800ལས་བརྒལ་ཡོད་ཅིང་། གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་ཧྲང་ཧའེ་ཡིས་གནས་སྐོར་བ་མི་ཐེངས་ཁྲི682.03ལ་སྣེ་ལེན་ཞུས་པ་དང་། རྒྱུ་རྐྱེན་ཧྲིལ་པོའི་གནས་སྐོར་འཛད་སྤྱོད་བསྡོམས་འབོར་སྒོར་དུང་ཕྱུར122.71མངོན་འགྱུར་བྱུང་ཡོད། 

  • ཚེས3ཉིན། 2026“ཀྲུང་གོར་ཉོ་སྒྲུབ་བྱེད”པ་དང་དཔྱིད་གསར་དུས་ཆེན་གྱི་འཛད་སྤྱོད་དུས་ཚིགས་མགོ་བརྩམས་པ་དང་ད་ལོ་ཚོང་དོན་པུས“ཀྲུང་གོར་ཉོ་སྒྲུབ་བྱེད་པའི”བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་ནས། ས་གནས་ཁག་ཏུ“དཔྱིད་གསར་དུས་ཆེན་དུ་དགའ་སྤྲོའི་ངང་ཉོ་བ”དང་སྤུས་ལེགས་འཛད་སྤྱོད་ཟླ་བ་སོགས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་རྒྱུ་རེད། 

5859168a8657729001b157e8f5fea40f.jpg

  • ཀྲུང་གོར་བཙན་འཛུལ་བྱེད་མཁན་ལྗར་དམག་གིས་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ནན་ཅིང་དམར་གསོད་ཆེན་པོའི་ནང་སྲོག་ཉེན་ལས་ཐར་བའི་ཞུས་ཏེ་མིང་ཚེས2ཉིན་གྱི་དགོང་མོ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ96ཡིན་པ་རེད། 

  • རང་རྒྱལ་གྱི་མཚོ་ཐོག་གི་རླངས་ཞིང་ཆེས་ཆེ་ཤོས“མཚོ་གཏིང་རྟགས་ཅན་དང་པོ”ཉེ་དུས་ཐོན་སྐྱེད་བྱེད་མགོ་བརྩམས་ཚུན་གྱི་གྲུ་གཟིངས་བརྒྱའི་མ་བཅོས་རྡོ་སྣུམ་ཕྱིར་གཏོང་ལས་དོན་ལེགས་གྲུབ་བྱུང་བ་དང་། 2025ལོར་སྣུམ་རླངས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི450ལས་བརྒལ་ནས། སྐམ་སའི་སྣུམ་ཞིང་འབྲིང་གྲས་ཀྱི་ཐོན་འབོར་དང་གཅིག་མཚུངས་ཡིན་པ་རེད། 

  • ཚེས3ཉིན། དྲ་ཐོག་ཏུ“ཧྲན་ཏུང་ཆིང་ཏའོ་སྨན་ཁང་ག་གེ་མོའི་ནད་གཡོག་པས་དགའ་རོགས་ཁྲིད་ནས་སྨན་ཁང་སྨན་སྡེབ་ཁང་དུ་སོང་བའི”དོན་དག་ལ་དམིགས་ནས། ཆིང་ཏའོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། 

  • ཚེས2ཉིན། 2026ལོའི་སྐབས་བཞི་པའི་གྲོང་ཚོ་རིམ་འདས་ཞེས་པ་ཀུའེ་ཀྲོའུ་རུང་ཅང་དུ་དངོས་སུ་མགོ་བརྩམས་པ་རེད། 

  • ཚེས3ཉིན། 2026ཝང་ཆིའུ་སྤོ་ལོའི་མཉམ་འབྲེལ་བུམ་པའི་ཞི་ཉི་འགྲན་ཁུལ་གྱི་ཚོ་ཆུངBའགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་པི་ལི་ཧྲིའི་རུ་ཁག་ལས་རྣམ་པར་རྒྱལ་ནས་མགོ་ཡག་པོ་ཞིག་ཚུགས་པ་རེད། 

    སྲིད་ཇུས།

  • 《འབྲི་ཆུའི་ཆུ་ཕག་སྐྱོབ་པའི་བྱ་སྤྱོད་འཆར་གཞི(2026ལོ་ནས2035ལོ་བར)》ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། འཚོ་གནས་བྱ་ཡུལ་གལ་ཆེན་ཉམས་གསོ་སོགས་བྱ་སྤྱོད་ཆེན་པོ10བརྒྱུད། 2030ལོར་སླེབས་སྐབས་འབྲི་ཆུའི་ཆུ་ཕག་རང་བྱུང་ཁྱུ་ཚོགས་ཀྱི་གྲངས་འབོར་མགོ་གྲངས1700ཡན་སླར་གསོ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད། 

  • ཧའེ་ནན་གྱིས་བརྡ་ཐོ་བཏང་ནས་ཤེས་ལྡན་པ་ནང་འདྲེན་དང་། གྲོང་ཁྱེར་དང་རྫོང་། རང་སྐྱོང་རྫོང་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ལོ་ཚད་ལོན་པའི་ཁེར་རྐྱང་སྡོད་དམངས་ཀྱིས་མི་སྒེར་གྱི་ཐོབ་ཐང་ཐོག་ནས་བདེ་སྡོད་ཁང་པ་ཉོ་རྒྱུའི་རེ་ཞུ་བྱེད་ཆོག

  • ཧྲན་ཏུང་གིས་མཐོ་སློབ་སློབ་གླིང་དང་སུའོ་ཡིས་ཁེ་ལས་དང་མཉམ་འབྲེལ་བྱས་ནས་ཚན་རྩལ་གྲུབ་འབྲས་གལ་ཆེན་གཞན་སྒྱུར་དང་ཐོན་ལས་ཅན་གྱི་འགག་སྒྲོལ་རྣམ་གྲངས་སྤེལ་རྒྱུར་སྐུལ་ལྕག་བྱས་པ་དང་། ཞིང་ཆེན་ནོར་སྲིད་ཀྱིས་རྣམ་གྲངས་རེར་འགྲོ་གྲོན་ཆེས་མཐོ་ཤོས་སྒོར་ཁྲི1500རོགས་སྐྱོར་བྱ་རྒྱུ་རེད། 

    དེ་རིང་གི་གནམ་གཤིས། 

092cd5882468ef44e33d42ba4a4f0d81.jpg

  • ཞིན་ཅང་གི་ནུབ་རྒྱུད་དང་བོད་ལྗོངས་ཀྱི་ས་ཆ་མང་ཆེ་བ། ནང་སོག་གི་ནུབ་རྒྱུད་དང་བྱང་ཤར་རྒྱུད། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཧྭ་བྱང་གི་ལྷོ་ནུབ་རྒྱུད། ཧོང་ཧོའེ་ཡི་ནུབ་རྒྱུད། ཧུའུ་པེའི་ནུབ་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད། ཧུའུ་པེའི་དབུས་ཤར་རྒྱུད་དང་འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་འབབ་རྒྱུ་རེད། 


མཉམ་སྤྱོད།