དེ་རིང་ནི2026ལོའི་ཟླ01པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-05 09:01:50   |   164

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ1ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའེ་ཙེར་ཝ་ལའེ་མངའ་སྡེའི་མེ་སྐྱོན་དོན་རྐྱེན་ཐད་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཕ་མུའུ་ལན་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

  • ཚེས4ཉིན་དམག་གི་དཔུང་སྡེ་ཡོངས་ཀྱི2026ལོའི་དམག་དོན་སྦྱོང་བརྡར་བྱེད་མགོ་ཚུགས།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་རྒྱལ་ཁབ་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར42.55ཟིན་པ་དེ་དུས་མཚུངས་ལས4.2%འཕར་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། རང་རྒྱལ་གྱི་དམའ་དབྱིངས་སྒྲིག་ཆས་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་ལོ་རེར་ཆ་སྙོམས10%ཡན་གྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད།

  • ཚེས4ཉིན་སློབ་གསོ་པུའི་གཞུང་ཕྱོགས་དྲ་བའི་ཐོག་ཐེན་ཅིན་ལས་རིགས་སློབ་ཆེན་སོགས་སློབ་གྲྭ15འཛུགས་རྒྱུ་མོས་མཐུན་བྱེད་རྩིས་ཡོད་པ་ཡོངས་བསྒྲགས་བྱས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《ལྗང་མདོག་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་དང་མཚོན་རྟགས་དོ་དམ་བྱ་ཐབས》བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས། དེ་ཡིས་རང་རྒྱལ་གྱི་ལྗང་མདོག་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་དང་མཚོན་རྟགས་མ་ལག་དེ་མཚོན་རྟགས་རྐྱང་པའི་དོ་དམ་ནས་བདེན་དཔང་ར་སྤྲོད་ཀྱི་སྦྲེལ་ཐག་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་སྤོས་པའི་འགྱུར་ལྡོག་ཆེན་པོ་མཚོན།

  • ཚེས4ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་བཟོ་འཕྲིན་པུ་སོགས་སྡེ་ཚན་གྱིས་འདྲ་བཟོའི་སྨན་རྫས་ཀྱི་དཀར་ཆག་ཁག་བཞི་པའི་ནང་སྣ་ཁ21དང་ཐོན་རྫས་ཀྱི་གཏན་འབེབས47བསྡུ་རྒྱུར་སྐུལ་ལྕག་བྱས་པ་དང་། དེ་དག་སྐྲན་ནད་འགོག་པ་དང་། དབང་རྩའི་མ་ལག སྐྱེ་འཕེལ། འཕྲོ་ནུས་རང་བཞིན་གྱི་ནད་དཔྱད་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་ཁྱབ་བསྒྲགས་བྱས།

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་སྟངས་དཔྱལ་གཉིས་བཙན་ཤེད་ཀྱིས་ཚོད་འཛིན་བྱས་པའི་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་སྟེ། ཨ་རི་ཕྱོགས་ཀྱིས་ཙུང་ཐུང་མ་ཏུའུ་ལུའོ་སྟངས་དཔྱལ་གྱི་མི་ལུས་བདེ་འཇགས་ལ་འགན་ལེན་བྱས་ཏེ། ཙུང་ཐུང་མ་ཏུའུ་ལུའོ་དང་སྐུ་ཟླ་འཕྲལ་དུ་གློད་གྲོལ་གཏོང་བ་དང་། ཝེ་ནེ་ཙུའེ་ལའི་སྲིད་དབང་མགོ་རྟིང་སློག་མཚམས་བཞག་སྟེ་གྲོས་མོལ་བྱས་པ་བརྒྱུད་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་འབོད་བྱས།

  • ཚེས4ཉིན་གྱི་ཕྱི་དྲོར། ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་གནམ་གྲུར་བསྡད་དེ་རྒྱལ་ས་པེ་ཅིང་གི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཞིང་། དུས་ཡུན་ཉིན་བཞིའི་ཀྲུང་གོར་འཚམས་འདྲི་བྱེད་མགོ་ཚུགས།

    སྤྱི་ཚོགས།

1.png

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྨུག་པའི་ཉེན་བརྡ་སེར་པོ་བཏང་བ་དང་། དེ་རིང་སྔ་དྲོར་ཧོ་པེ་དང་། ཧྲན་ཏུང་། ཧོ་ནན། ཧྲན་ཞི། ཨན་ཧུའེ། ཅང་སུའུ། ཧུའུ་པེ། ཧུའུ་ནན། ཅང་ཞི། ཀུའེ་ཀྲོའུ། ཡུན་ནན་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་སྨུག་པ་ཆེན་པོ་ཡོད།

  • 2026ལོའི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང(ཟླ1ཚེས1ནས3ཉིན་བར)ཧའེ་ནན་གླིང་ཕྲན་ནས་ཁྲལ་མི་དགོས་པར་དངོས་ཟོག་ཉོ་སྒྲུབ་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར7.12ཟིན་པ་དེ་དུས་མཚུངས་ལས128.9%འཕར་ཡོད།

  • 2026ལོའི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང(ཟླ1ཚེས1ནས3ཉིན་བར)རྒྱལ་ཡོངས་སུ་རྒྱལ་ནང་དུ་གནས་སྐོར་དུ་འགྲོ་མཁན་མི་ཐེངས་དུང་ཕྱུར1.42ཡོད་ཅིང་། འགྲོ་སོང་སྒོར་དུང་ཕྱུར847.89བཏང་ཡོད།

  • ཧུའུ་པེ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཀྲོའུ་ཞན་ཝང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད།

  • ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་གི་དེ་སྔའི་པུ་རིམ་པ་གཞོན་པའི་སྐོར་ཞིབ་པ་ཞུས་ཁྲོན་ཀྲི་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་ཕུད།

  • ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་སྤྱི་གཉེར་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ལིའུ་ཧྲའོ་ཡུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་ཕུད།

  • དེ་སྔའི་ཀྲུང་ཧྭ་ཚོགས་པའི་ཏང་ཙུའི་ཁོངས་མི་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧྥེང་ཀྲི་པིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་ཕུད།

  • སྤ་སེ་ལས་དོན་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། 2026ལོའི་གནམ་ལོ་གསར་ཚེས་ཀྱི་ཉིན་གསུམ་གྱི་གློག་བརྙན་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར7.39ཟིན་པ་དང་། གློག་བརྙན་ལ་ལྟ་མཁན་མི་ཐེངས་ཁྲི1857ལས་བརྒལ་ཡོད།

2.jpg

  • ཉེ་ཆར་ཧའེ་ནན་ལིང་ཧྲུའེ་ཡི་མཚོ་འགྲམ་ཞིག་ཏུ་བུད་མེད་ཅིག་ཆུ་ནང་དུ་ལྷུང་བ་དང་། ཤིན་ཅང་པ་ཀྲོའུ་ཡི་གཞོན་ནུ་ཚའོ་ཁེ་ཐུའུ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མཚོ་ནང་དུ་མཆོངས་ནས་སྐྱོབ་ཐབས་བྱས་ཏེ་བུད་མེད་མཚོ་འགྲམ་དུ་བསྐྱལ།

    སྲིད་ཇུས།

  • ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྲ་གཟུགས་སྙིགས་རོའི་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་སྤྱོད་འཆར་གཞི》པར་འགྲེམ་བྱས།

  • ཐེན་ཅིན་གྱིས་ལས་འཁྱུར་ལུས་རྩལ་པས་རང་བརྟེན་ལས་འདེམས་ཀྱི་བྱེད་ཐབས་གཞིར་བཟུང་ལས་འཁྱུར་བྱས་ཚེ་ཐེངས་གཅིག་རང་བཞིན་གྱི་དཔལ་འབྱོར་ཁ་གསབ་དངུལ(གཞི་རྩའི་འདུག་གནས་གྲོན་དངུལ་དང་། ལུས་རྩལ་ལོ་ཚད་ཀྱི་ཁ་གསབ། གྲུབ་འབྲས་བྱ་དགའ་བཅས་ཁག་གསུམ་ཚུད་པ)དང་ལས་གཏོད་ལས་ཞུགས་ཀྱི་རོགས་དངུལ་སྤྲོད་རྒྱུ་ལས་ལས་འཁྱུར་གྲོན་དངུལ་སྤྲོད་རྒྱུ་མིན་པ་ཁ་གསལ་བཏོན།

  • ཧྲན་ཏུང་གིས་ནུས་པ་ཤོར་བའི་རྒན་པའི་བདེ་ཐང་ཞབས་ཞུའི་བྱ་སྤྱོད་སྤེལ་ཏེ་ལོ་རེར་རེ་འདུན་ཞུ་མཁན་གྱི་ནུས་པ་ཤོར་བའི་རྒན་པ་ལ་ཉུང་མཐར་ཡང་བདེ་ཐང་དཔྱད་དཔོག་དང་། གཟུགས་པོ་བརྟག་དཔྱད། བདེ་ཐང་སླར་གསོའི་ནད་གཡོག་རྩལ་ནུས། བཟའ་བཅའི་འཚོ་བཅུད་ལེགས་གཏོང་མཛུབ་ཁྲིད་སོགས་ཀྱི་ཞབས་ཞུ་ཐེངས1སྤེལ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

6.jpg

  • ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་། ཐེན་ཧྲན་རྒྱུད་དང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་ས་ཁུལ། ནང་སོག་གི་དབུས་ནུབ་རྒྱུད་དང་ཧེ་ལུང་ཅང་གི་ཤར་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད། མཚོ་སྔོན་གྱི་ནུབ་རྒྱུད། ཧྲན་ཞིའི་བྱང་རྒྱུད། ཧུའུ་པེའི་ལྷོ་ནུབ་རྒྱུད། ཁྲོན་ནུབ་ས་མཐོ། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཨན་ཧུའེ་ཡི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཀོང་ཞིའི་དབུས་བྱང་རྒྱུད། ཀོང་ཏུང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད། དེའི་ནང་ཧུའུ་ནན་གྱི་ལྷོ་རྒྱུད་དང་ཀུའེ་ཀྲོའུ་ཡི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།