དེ་རིང་ནི2026ལོའི་ཟླ01པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-06 09:01:23   |   121

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ1ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་དང་བཞུགས་མོལ་གནང་།

2.jpg

  • ཟླ1ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཨིར་ལན་གྱི་ཙུང་ལི་མ་ཏིང་དང་མཇལ་འཛོམས་གནང་།

  • ཟླ1ཚེས4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་མ་ཏི·ཏུན་པུའུ་ཡ་ལ་གློག་འཕྲིན་བཏང་ནས་ཁོང་ཀི་ནེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

  • ཉེ་ཆར་ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་ཏུ་ཏང་དངུལ་དོ་དམ་བྱེད་པའི་ཁྲོད་ནས་སྒོར་དུང་ཕྱུར4བཏང་སྟེ2026ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚམས་འདྲིའི་བྱེད་སྒོ་སྤེལ་རྒྱུར་སྤྱད།

  • ཚེས5ཉིན་ཚོང་དོན་པུ་སོགས་སྡེ་ཚན9ཡིས་ཡིག་ཆ་བཀྲམ་ནས་ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། ལྗང་མདོག་འཛད་སྤྱོད་སྔར་བས་དར་སྤེལ་བཏང་ནས་ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་བཏང་།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོའི་ཕྲུ་གུ་གསོ་བའི་ཁ་གསབ་ཚེས5ཉིན་ནས་བཟུང་རེ་ཞུ་བྱས་ཆོག

  • གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི7902.3སྐྱེལ་འདྲེན་བྱས།

3.png

  • ཉེ་ཆར། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་པའི་ཚན་ཞིབ་སྦྱོང་བརྡར་ལྟེ་གནས་ཀྱིས་སྣེ་ཁྲིད་དེ་སྒྲིག་འཛུགས་དང་ལག་བསྟར་བྱས་པའི་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པའི་བྲག་ཕུག་སྦྱོང་བརྡར་ཐོག་མ་དེ་ཁྲུང་ཆིང་གྲོང་ཁྱེར་ཝུའུ་ལུང་ཆུས་སུ་བདེ་བླག་ངང་མཇུག་གྲིལ།

  • ཚེས5ཉིན་ཕྱི་འབྲེལ་པུས་བསྟན་དོན། ཨ་རི་ཕྱོགས་ཀྱིས་ཙུང་ཐུང་མ་ཏུའུ་ལུའོ་སྟངས་དཔྱལ་གྱི་མི་ལུས་བདེ་འཇགས་ལ་འགན་ལེན་བྱས་ཏེ་ཙུང་ཐུང་མ་ཏུའུ་ལུའོ་དང་སྐུ་ཟླ་འཕྲལ་མར་གློད་གྲོལ་གཏོང་བ་དང་། ཝེ་ནེ་ཙུའེ་ལའི་སྲིད་དབང་རྩ་སློག་བྱེད་མཚམས་འཇོག་པ། གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་རེ་འབོད་བྱས།

  • ཚེས4ཉིན། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཙུང་ཐུང་གི་ཆེད་གཏོང་གནམ་གྲུ་སྟེ། “མཁའ་དམག་ཨང་དང་པོའི”ཐོག་སྨྱན་སྦྱོར་གྱི་མདུན་ནས་ཝེ་ནེ་ཙུའེ་ལ་དང་། ཁོ་ལོམ་པི་ཡ། ཁུ་པ། དབྱི་རན། མོ་ཞི་ཁོ་སོགས་རྒྱལ་ཁབ་ལ་འཇིགས་སྐུལ་བྱས།

    སྤྱི་ཚོགས།

5.jpg

  • 2026ལོའི་《ཤིང་རྟ་ལོའི》དམིགས་བསལ་སྦྲག་རྟགས་དེ་ཚེས5ཉིན་དངོས་སུ་འགྲེམ་སྤེལ་བྱས།

  • རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ཀྱིས་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། སྒུལ་བདེའི་ཉེར་སྤྱོད71ལ་ཁྲིམས་འགལ་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་པའི་གནས་ཚུལ་ཡོད།

  • ཆུ་བེད་པུའི་དེ་སྔའི་ཏང་ཙུའི་ཁོངས་མི་དང་། པུ་ཀྲང་གཞོན་པ་ཐེན་ཞུའེ་པིན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་རྟོག་དཔྱོད་དང་ལེན་བྱེད་བཞིན་ཡོད།

  • ཉེ་ཆར། རང་རྒྱལ་གྱི་རིག་ནུས་གནམ་གཤིས་སྔོན་བརྡའི་ལག་རྩལ་ཐད་ཚད་བརྒལ་བྱུང་བ་སྟེ། གཏད་རྒྱུག་ཆེ་བའི་གནམ་གཤིས་སྔོན་བརྡ་གཏོང་བའི་གོ་ཆོད་དུས་ཚོད་ཆུ་ཚོད4བར་རིང་དུ་གཏོང་རྒྱུ་རེད།

6.jpg

  • ཚེས5ཉིན། སྐབས42པའི་ཀྲུང་གོ·ཧར་པིན་རྒྱལ་སྤྱིའི་གངས་འཁྱགས་དུས་ཆེན་ཧེ་ལུང་ཅང་ཧར་པིན་གྱི་གངས་འཁྱགས་འཛམ་གླིང་དུ་མགོ་ཚུགས།

  • ཧྲང་ཧའེ་ཆིང་ཕུའུ་ཉེན་རྟོག་ཕྱོགས་ཀྱིས་སྐད་འཕྲིན་ཚོགས་པ་བརྒྱུད་ཁྲིམས་འགལ་ངང་ཤོག་སྦག་འཚོང་བའི་གྱོད་གཞི་ཞིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་དང་། དོགས་ཡོད་ཉེས་ཅན་ཐང་ཆེ་གེ་མོར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད།

7.jpg

  • ཉེ་ཆར། ཧྲན་ཏུང་ཙི་པོའི་ཚོང་ར་ཞིག་གི་ནང་དུ་སྐྱེས་པ་ཞིག་བརྒྱལ་གཟེར་ནད་འཕར་ཏེ་ཐང་ལ་འགྱེལ་བ་ན། རུ་འཁྱུར་དམག་མི་ཀྲང་ཧྥུའུ་ཏུང་གིས་གནས་ཚུལ་དེ་མཐོང་རྗེས་སེམས་རྣལ་དུ་ཕབ་ནས་རོགས་སྐྱོབ་བྱས་པ་དང120ཡུལ་དངོས་སུ་འབྱོར་རྗེས་གཞི་ནས་ཁ་བྲལ།

    སྲིད་ཇུས།

  • ལེའོ་ཉིང་གིས་ཇུས་གཞི་པར་འགྲེམ་བྱས་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཞབས་ཞུ་ལེགས་སུ་གཏོང་བ་དང་རེ་ཞུའི་བརྒྱུད་རིམ་སྟབས་བདེ་རུ་བཏང་སྟེ། “རེ་ཞུ་ཐེངས་གཅིག་དང་། བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་བ། མགྱོགས་མྱུར་དོན་འཁྱོལ་བྱེད་པ”བཅས་མངོན་འགྱུར་བྱ་རྒྱུ་རེད།

  • ཅང་ཞིས་ཇུས་གཞི་པར་འགྲེམ་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་ཁྱིམ་སྡོད་སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱས་ཏེ་དྲ་ཐོག་ཚོང་དོན་དང་། “གཟུགས་མེད་རིག་གནས་ཤུལ་བཞག”རྒྱུན་འཛིན་སོགས་དབང་པོ་སྐྱོན་ཅན་དང་འཚམ་པའི་མཉམ་འདྲེས་རྣམ་པའི་ལས་ཞུགས་བྱེད་སྟངས་འཕེལ་རྒྱས་བཏང་།

  • སི་ཁྲོན་ཁྲེང་ཏུའུ་ཡིས་བརྡ་ཐོ་བཏང་སྟེ། ཁང་པ་ཉོ་བའི་སྤྱི་གསོག་མ་དངུལ་ལེན་པར་མི་རབས་ནས་མི་རབས་བར་ཕན་ཚུན་རོགས་རེས་བྱེད་ཆོག་པའི་གཏན་འབེབས་མུ་མཐུད་ལག་བསྟར་བྱ་རྒྱུ་དང་། ལེན་པའི་ཆ་རྐྱེན་དང་མཐུན་པའི་དངུལ་བཅོལ་མཁན་གྱི་ཕ་མ་དང་བུ་ཕྲུག་གིས་ཁང་པ་ཉོས་པའི་ལོ་གཅིག་ནང་སྤྱི་གསོག་མ་དངུལ་ཐེངས་གཅིག་ལེན་རྒྱུའི་རེ་ཞུ་བྱེད་ཆོག

    དེ་རིང་གི་གནམ་གཤིས།

9.jpg

  • ཤིན་ཅང་ཨ་ལེ་ཐའེ་དང་ལྷོ་ནུབ་རྒྱུད་ཀྱི་རི་ཁུལ། ནང་སོག་གི་ཤར་རྒྱུད། ཧེ་ལུང་ཅང་གི་ས་ཁུལ་མང་ཆེ་བ། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཧྲན་ཞིའི་དབུས་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། སི་ཁྲོན་གཤོང་སའི་ཤར་ལྷོའི་རྒྱུད་དང་། ལྷོ་ནུབ་ས་ཁུལ་གྱི་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་པ་དང་། དེའི་ནང་ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།