དེ་རིང་ནི2026ལོའི་ཟླ01པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-07 09:04:51   |   49

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • 《ཚོང་དོན་འདུམ་འགྲིག་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། ཟླ5ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཞིང་ལས་གྲོང་གསེབ་པུས“ཁྱད་ལྡན་ཡུལ་ཟོག”སྤུས་རྟགས་ཀྱི་ལོ་གསར་མཁོ་ཆས་ཀྱི་དཀར་ཆག་ཁག་གཅིག་ཁྱབ་བསྒྲགས་བྱ་རྒྱུ་དང་། འཛད་སྤྱོད་པས་ལྗང་མདོག་དང་ཁྱད་ལྡན་ལོ་གསར་མཁོ་ཆས་ཉོ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་རེད།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2026ལོར་ལྷོད་གྲོལ་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཆ་རྐྱེན་བལྟོས་བཅས་ཀྱིས་ལྷོད་གྲོལ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་རེད།

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོར་རང་རྒྱལ་གྱིས་རེས་སྐོར་གསར་པའི་གཏེར་ཁ་འཚོལ་བའི་འགུལ་སྐྱོད་སྤེལ་རྒྱུ་དང་ཆབས་ཅིག་ཆེད་དོན་བཅོས་སྒྲིག་བྱས་ནས་ཁྲིམས་འགལ་ངང་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་རེད།

  • 2024ལོ་ནས2025ལོའི་བར་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ལ་བརྟེན་ནས་འཛད་སྤྱོད་དངོས་རྫས་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི3.92ཟིན་པ་དང་། འཛད་སྤྱོད་པ་མི་ཐེངས་དུང་ཕྱུར4.94ལ་ཕན་པ་ཐོབ་ཡོད།

  • 2025ལོའི་བར་རང་རྒྱལ་གྱི་མཁའ་འགྲུལ་མི་འབོར་སྡོམ་འབོར་དུང་ཕྱུར5ལས་བརྒལ་ཏེ་རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་མཁའ་འགྲུལ་མི་འབོར་གྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོར་གྱུར།

  • ཕྱི་འབྲེལ་པུས་འཇར་པན་ཕྱོགས་ཀྱིས“བདེ་འཇགས་སྲུང་སྐྱོང་གི་ཡིག་ཆ་གསུམ”ལ་བཟོ་བཅོས་རྒྱག་རྩིས་ཡོད་པ་དེ་ཡིས་འཇར་པན་གྱིས“སླར་ཡང་དམག་དོན་ཅན”ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་ཉེན་ཁའི་འཕེལ་ཕྱོགས་མཚོན་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་དོགས་ཟོན་ཆེན་པོ་བྱེད་དགོས་ཞེས་བཤད།

  • སྙན་ཞུ་གསར་ཤོས་ལས་མངོན་པ་ལྟར་ན། ཀྲུང་གོས་རང་བརྟེན་ཞིབ་བཟོ་བྱས་པའི་ཐོན་ཁུངས་གསར་སྤེལ་གྱི་མི་ཐབས་རིག་ནུས་དཔེ་དབྱིབས་ཀྱིས་གོ་ལ་ཧྲིལ་པོའི་ཕབ་ལེན་སྡོམ་འབོར་ཁྲོད་བཟུང་བའི་བསྡུར་ཚད17.1%ཟིན་ནས་ཨ་རི་ལས་ཐོག་མར་བརྒལ་ཡོད།

    སྤྱི་ཚོགས།

  • རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ལྟ་ཞིབ་ཚད་ལེན་གསར་ཤོས་ལས་མངོན་པ་ལྟར་ན། 2025ལོ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་ཟིན་ཐོ་བཀོད་ཚུན་གྱི་ཆེས་དྲོ་ཤོས་ཀྱི་ལོ་གསུམ་གྱི་གྲས་ཤིག་ཡིན་པ་དང་། གླིང་སྣེའི་དྲོད་ཚད་ཡང་ནས་ཡང་དུ་ཟིན་ཐོ་གསར་པ་ལས་བརྒལ།

  • བཟོ་འཕྲིན་པུས་བརྡ་ཁྱབ་བཏང་བར་གཞིགས་ན། APPདངSDK22 ལ་བཙན་ཤེད་ཀྱིས་རང་འགུལ་ངང་གྲོན་དངུལ་སྤྲོད་པ་དང་སྐར་ཁུང་ཐོལ་བྱུང་སོགས་སྤྱོད་མཁན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་པ་ཤེས་རྟོགས་བྱུང་། 

  • ཉིང་པོ་ཀྲོའུ་ཧྲན་གྲུ་ཁས2025ལོར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར14ལས་བརྒལ་ནས་གོ་ལ་ཧྲིལ་པོའི“ཏུན་དུང་ཕྱུར14”རིམ་པའི་རིམ་འདས་གྲུ་ཁ་ཆེ་གྲས་དང་པོར་གྱུར་ཡོད།

  • ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ས་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་དུང་ཕྱུར1ལས་བརྒལ་ཡོད།

  • ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཧྲེང་ཀྲང་གཞོན་པ་ཀྲའོ་ཅིན་ཡུན་གྱིས་ལྐོག་རྔན་བླངས་པ་དང་ནང་ཁུལ་ཉོ་ཚོང་བྱས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས། ཀྲའོ་ཅིན་ཡུན་ལ་དུས་བཀག་བཙོན་འཇུག་ལོ་བཅོ་ལྔའི་ཁྲིམས་ཐག་བཅད།

0.jpg

  • ལམ་ཐུང་མྱུར་ཤུད་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཏེ་ཝུའུ་ཏ་ཅིང་གིས་ལུས་རྩལ་པའི་འཚོ་བ་མཇུག་རྫོགས་པ་ཁྱབ་བསྒྲགས་བྱས།

2.jpg

  • 《ཚིག་འཁྲི་སྐམ་པོ》རྩོམ་སྒྲིག་པུས2025ལོའི་རྒྱ་ཡིག་གི་ཡིག་ནོར་ཆེན་པོ་བཅུ་ཡོངས་བསྒྲགས་བྱས།

3.jpg

  • གནའ་རྫས་རྟོག་ཞིབ་ལས་དོན་པས་ཞི་ཨན་ནས་ཐང་རྒྱལ་རབས་ཀྱི་བང་སོ་ཞིག་རྙེད་པ་དང་། རྫ་ཆས་དང་ཟངས་ཆས། དེ་བཞིན་ནུབ་ཡུལ་གྱི་ཁྱད་ཆོས་ལྡན་པའི་གསེར་དངུལ་ཡོ་བྱད་སོགས་དངོས་པོ་རྙེད་ཡོད།

  • ཁྲེང་ཏུའུ་སྤྱི་བདེ་ལས་ཁུངས་ཀྱིས་ཉེ་དུས་ཁྲའེ་སྣུམ་སྤུས་ཞན་བཟོ་ཚོང་བྱེད་མཁན་གྱི་ཉེས་གསོག་ཚོགས་པ་ཞིག་རྩད་ཆོད་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི2000ལས་བརྒལ་ཡོད།

    སྲིད་ཇུས།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མཆན་བཀོད་བཀའ་ལན་ནང་འགན་བཅོལ་ནང་ཞུགས་མཁན་གྱིས་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩ་སྔོན་ལ་གཏོང་སྤྲོད་བྱ་རྒྱུའི་རེ་འདུན་ཞུ་བའི་དབང་ཆ་དེ་སྨན་བཅོས་འགྲོ་གྲོན་སྡོམ་རྩིས་རྒྱག་སྐབས་རང་གིས་སྨན་བཅོས་འགྲོ་གྲོན་སྤྲད་མིན་དང་འབྲེལ་བ་མེད་པ་ཁ་གསལ་བཏོན་ཡོད།

  • པེ་ཅིང་གིས་འགྲིམ་འགྲུལ་ལས་འཛོལ་གྱི་རྨས་མར“འགྲོ་གྲོན་མེད་པར་སྔོན་ལ་སྨན་བཅོས་བྱེད་པའི”བྱེད་ཐབས་ཁྱབ་གདལ་བཏང་ནས་རྨས་མ་འཕྲལ་མར་ཕྱོགས་ཡོངས་ནས་སྨན་བཅོས་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

  • ཀོང་ཀྲོའུ་ཡིས་རླངས་འཁོར་འཇོག་སའི་གྲོན་བསྡུའི་གཏན་འབེབས་གསར་པ་ཁྱབ་སྒྲོག་བྱ་རྩིས་ཡོད་པ་དང་། འགྲོ་ལམ་རླངས་འཁོར་འཇོག་སའི་རིན་གོང་སྲིད་གཞུང་གིས་གཏན་འཁེལ་དོ་དམ་བྱེད་པ་དང་། གཙོ་གནད་ས་ཁོངས་ཀྱི་ཐེངས་གྲངས་རྐྱང་པའི་རིན་གོང་མཐོ་ཤོས་སྒོར200ལས་བརྒལ་མི་ཆོག

    དེ་རིང་གི་གནམ་གཤིས།

5.jpg

  • ཞིན་ཅང་ཨ་ལི་ཐའེ་ས་ཁུལ་དང་། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ས་ཁུལ་མང་ཆེ་བ། ཅི་ལིན་གྱི་ཤར་རྒྱུད་དང་བྱང་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་དང་ཤར་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། ས་ཁུལ་ལ་ལར་ཁངས་འབྲིང་ནས་ཁངས་ཆེན་འབབ་རྒྱུ་རེད། སི་ཁྲོན་གཤོང་སའི་ལྷོ་རྒྱུད་དང་། ཡུན་ནན་གྱི་དབུས་རྒྱུད་དང་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།