དེ་རིང་ནི2026ལོའི་ཟླ01པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-09 09:04:28   |   42

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ1ཚེས8ཉིན་གྱི་ཉིན་གང་བོར་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལས་དོན་སྙན་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུར་གསན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།

  • ཟླ1ཚེས8ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུང་ལུན་ལ་གློག་འཕྲིན་བཏང་ནས་ཁོང་སླར་ཡང་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

  • ཟླ1ཚེས8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2026ལོའི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ལོའི”མགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

1.jpg

  • 2025ལོར་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་དུང་ཕྱུར45.88ཟིན་པ་དེ་དུས་མཚུངས་ལས6.4%འཕར་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་སྡེ་ཚོགས་སྤྱི་གཉེར་དང་ཀྲུང་གོའི་མཁའ་འགྲུལ་སྣུམ་སྡེ་ཚོགས་སྤྱི་གཉེར་བསྐྱར་སྒྲིག་བྱས།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་ཁྱོན་མི་དམངས་ཉེན་རྟོག་པ210དང་གཞོགས་འདེགས་ཉེན་རྟོག་པ142གཞུང་དོན་དུ་སྐུ་གཤེགས།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོར་རེས་སྐོར་གསར་པའི“རྩེ་གྲ་གཉིས”ཀྱི་མཐོ་སློབ་འཛུགས་སྐྲུན་བྱེད་མགོ་འཛུགས་རྒྱུ་རེད།

  • ཚེས8ཉིན་ཕྱི་འབྲེལ་པུས་བསྟན་དོན། འཇར་པན་གཡས་རུའི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་ཉིང་རྡུལ་གྱི་ཧམ་སེམས་ནི་འཇར་པན་དམག་རྒྱལ་རིང་ལུགས་རོ་ལངས་རྒྱག་པའི་ཉེན་བརྡ་ཡིན་པས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཡོད།

  • ཚེས7ཉིན་ཕོ་བྲང་དཀར་པོས་གསལ་བསྒྲགས་སྤེལ་ཏེ། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཙུང་ཐུང་དྲན་ཐོར་མིང་རྟགས་བཀོད་དེ་ཨ་རི “ཨ་རིའི་ཁེ་ཕན་དང་མི་མཐུན་པའི”རྒྱལ་སྤྱིའི་རྩ་འཛུགས66ནས་ཕྱིར་འཐེན་བྱེད་དགོས་པའི་མཛུབ་སྟོན་བྱས།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བ་སྟེ། ཚེས8ཉིན་གྱི་ཆུ་ཚོད20ནས་ཚེས9ཉིན་གྱི་ཆུ་ཚོད20བར་ནང་སོག་གི་ནུབ་རྒྱུད་དང་། ཀན་སུའུ་ཡི་ནུབ་རྒྱུད། ཉིང་ཞའི་དབུས་བྱང་རྒྱུད། ཧྲའན་ཞིའི་དབུས་བྱང་རྒྱུད། ཧྲན་ཞི། ཧོ་པེའི་དབུས་ལྷོ་རྒྱུད། པེ་ཅིང་བཅས་ཀྱི་ས་ཁུལ་ཁག་ཅིག་ཏུ་བྱེ་རྡུལ་དང་ས་རྡུལ་འཐིབ་པའི་གནམ་གཤིས་འདུག

  • ཉེ་ཆར་ཆའེ་ཁྲའོ་སྤྱི་གཉེར་གྱིས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ཏུ་སྔོན་འགོག་རང་བཞིན་གྱི་དམིགས་བསལ་སྦྱོར་རྟའི་ཕྲུ་གུའི་འོ་ཕྱེའི་ཐོན་རྫས་ཁག་ཅིག་ཚུར་བསྡུ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཕྲལ་དུ་ཆའེ་ཁྲའོ(ཀྲུང་གོ)ཚད་ཡོད་སྤྱི་གཉེར་གྱིས་ཀྲུང་གོའི་མངའ་ཁོངས་སུ་ཕྱིར་ཚོང་བྱེད་པའི་འབྲེལ་ཡོད་ཐོན་རྫས་ཚུར་བསྡུ་རྒྱུའི་ལྟ་སྐུལ་བྱས།

  • ཀྲུང་གོ་གནས་སྐོར་ཞིབ་འཇུག་ཁང་གིས་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། སྔོན་དཔག་བྱས་ན2025-2026དགུན་དུས་སུ་རང་རྒྱལ་གྱི་གངས་འཁྱག་གནས་སྐོར་གྱི་མི་གྲངས་མི་ཐེངས་དུང་ཕྱུར3.6ཟིན་རྒྱུ་དང་གངས་འཁྱག་གནས་སྐོར་སྤྲོ་གསེང་ཡོང་འབབ་སྒོར་དུང་ཕྱུར4500ཟིན་རྒྱུའི་རེ་བ་འདུག

  • ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཐོན་གྱི་ཏང་ཨུའི་རྒྱུན་ཨུ་དང་སི་ལིང་ཡོན་གཞོན་པ་ལི་ཞུས་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་པ་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

2.jpg

  • ཉེ་ཆར་མཁའ་འགྲུལ་བཟོ་ལས་ཧྲེན་ཧྥེ་ཡི་ཚོད་ལྟའི་འཕུར་སྐྱོད་རྒྱུག་ལམ་ཐོག་ལྗང་མདོག་གི་རྒོལ་གཏོར—35གནམ་གྲུ་མཁའ་དབྱིངས་སུ་འཕུར། དེ་ཡིས་ལོ་ཧྲིལ་པོའི་ཚོད་ལྟའི་འཕུར་སྐྱོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་མཚོན།

  • ཚེས7ཉིན་རྒྱལ་མཚམས་སྒྲོལ་བའི་རྒྱན་འཛུགས་གཡོ་ལེན་ཉེས་གསོག་ཚོགས་པའི་མགོ་གཙོ་གལ་ཆེན་ཏེ་ཁྲེན་ཀྲི་ཁམ་ཕུ་ཁྲེའི་ཕ་ནོམ་ཕེན་ནས་རང་རྒྱལ་དུ་སྐྱེལ།

  • ཚེས8ཉིན་ཀྲེན་ཆིན་ཝུན་གྱིས་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་ལས་སྟེགས་ཐོག་ཚོགས་པའི་དཔྱད་དཔོག་དང་སྨན་པའི་གྲོས་མགོ་བརྒྱུད་ཁོ་མོ2026ལོའི་ཨོ་སི་ཁྲུ་ལི་ཡའི་ཝང་ཆིའུ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

3.jpg

  • ཉེ་ཆར། ཨན་ཧུའེ་ཧོའེ་པེའི་ཏུའུ་ཞི་རྫོང་གི་བུད་མེད་ཅིག་ཆུར་ལྷུང་བ་ན། གཙང་པོའི་འགྲམ་དུ་ཉ་འཛིན་བཞིན་པའི་ཧྥང་ཁྲོན་མིང་གིས་མཐོང་བ་དང་། ཁོང་གྲང་ངར་ཆེ་བའི་གཙང་པོའི་ནང་མཆོངས་ནས་བུད་མེད་དེ་བསྐྱབས།

    སྲིད་ཇུས།

  • ཀྲེ་ཅང་གིས་བྱེད་ཐབས་བཏོན་ནས་རྐང་རྩེད་སྤོ་ལོ་དེ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་སློབ་ཚན་གྱི་སློབ་ཁྲིད་ནང་བཅུག་ནས་འབྲིང་རྒྱུགས་ཀྱི་ལུས་རྩལ་གདམ་གའི་ཁྱབ་ཁོངས་སུ་བཅུག

  • ཨན་ཧུའེ་ཡིས་བྱ་ཐབས་པར་འགྲེམ་བྱས་ཏེ། བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་རིགས་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པ་བརྒྱུད་གྱོད་ཐག་བཅད་རྗེས་དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་གྲངས་ཀྱི་མང་ཉུང་ལ་གཞིགས་ནས་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་པ་དང་མཐོ་ཤོས་སྒོར་ཁྲི30ཡིན།

    དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་། བྱང་ཤར་གྱི་ས་ཁུལ་མང་ཆེ་བ། ཧོ་པེའི་བྱང་རྒྱུད། ཧྲན་ཞིའི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་འབབ་རྒྱུ་རེད། དེའི་ནང་ནང་སོག་གི་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་དང་། ཡུན་ནན་གྱི་དབུས་རྒྱུད་དང་བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།