དེ་རིང་ནི2026ལོའི་ཟླ01པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-12 09:14:23   |   55

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ1ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཧྥོ་ལོ་ལི་ཏ་མངའ་སྡེའི་མའེ་ཨ་སྨི་ཕ་ལམ་སྣེ་ཁྲིད་སློབ་གླིང་དང་། ཧྥོ་ལོ་ལི་ཏ་སློབ་ཆེན། མའེ་ཨ་སྨི་ཏའེ་ཏེ་སློབ་གླིང་བཅས་ལས་གྲུབ་པའི་གཞོན་ནུ་ལོ་ཆུང་གི་སློབ་གསོ་སྤེལ་རེས་ཚོགས་པའི་ཀྲུང་གོའི་དགེ་སློབ་ལ་འཕྲིན་ཡིག་བསྐུར།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་དཔག་བྱས་ན2030ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ལྕགས་ལམ་ལས་གཉེར་ལམ་ཐག་སྤྱི་ལེ་ཁྲི18ཙམ་ཟིན་རྒྱུ་དང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི6ཙམ་ཟིན་རྒྱུ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་པ་སྟེ། 2030ལོར་སླེབས་སྐབས“ནུབ་གློག་ཤར་འདྲེན”གྱི་གཞི་ཁྱོན་སྟོང་ཝ་དུང་ཕྱུར4.2ལས་བརྒལ་རྒྱུ་རེད།  

  • ཚོང་དོན་པུས་ཉིན་ཤས་གོང2026ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཤིང་། འཛད་སྤྱོད་འཕར་བའི་ཆེད་དོན་བྱ་སྤྱོད་སོགས་ཕྱོགས་བརྒྱད་ཀྱི་ལས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུ་རེད།

  • 2025ལོར་རང་རྒྱལ་གྱི་དངུལ་ཁང་དབར་གྱི་ཁྲོམ་རའི་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་སྒོར་དུང་ཕྱུར་ཁྲི10ལས་བརྒལ་ནས་ལོ་གཉིས་བསྟུད་མར་སྒོར་དུང་ཕྱུར་ཁྲི10ལས་བརྒལ་ཡོད།

1.jpg

  • ཚེས11ཉིན། ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ལས་འགན་ཐེངས42པ་སྒྲུབ་པའི“གངས་འབྲུག”རྟགས་ཅན་ནེའུ་ཙི་ལན་གྱི་ལི་ཐེར་ཏུན་གྲུ་ཁར་བསྡད་དེ་དངོས་ཟོག་མཁོ་སྤྲོད་དང་མི་སྣ་བརྗེ་རེས་ཀྱི་ལས་དོན་སྤེལ།

  • ས་གནས་དེ་གའི་ཟླ1ཚེས11ཉིན་སུའུ་ཏན་གྱི་ཙུང་ལི་ཁ་སྨིར·དབྱི་ཏེ་ལི་སིས་སུའུ་ཏན་སྲིད་གཞུང་རྒྱལ་ས་ཁར་ཐུམ་དུ་སྤོས་པ་ཁྱབ་བསྒྲགས་བྱས།

  • ཡོ་རོབ་མནའ་འབྲེལ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། 2022ལོའི་ཟླ2པར་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་རིམ་སྤོར་བྱུང་ཚུན། ཡོ་རོབ་མནའ་འབྲེལ་གྱིས་ཨུ་རུ་སུར་རེས་སྐོར་མང་པོའི་བཀག་སྡོམ་བྱས་པ་ལས་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ལ་ཕྱིར་གཏོང་བྱས་པའི་གྱོང་གུན་ཡོ་སྒོར་དུང་ཕྱུར480ཟིན།

    སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་རླུང་ཆེན་གྱི་སྔོན་བརྡ་སྔོན་པོ་བཏང་བ་སྟེ། དེ་རིང་སྔ་དྲོར་ནང་སོག་དང་། ཀན་སུའུ། ཉིང་ཞ། ཧྲན་ཏུང་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་རིམ་པ5ནས7བར་གྱི་རླུང་ཆེན་གཡུག་རྒྱུ་དང་། ཐོལ་རླུང་གི་རིམ་པ8ནས10ལ་སླེབས་རྒྱུ་རེད།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2025ལོའི་ལོ་མཇུག་བར། “832ལས་སྟེགས”(དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་དྲ་རྒྱའི་ཕྱིར་ཚོང་ལས་སྟེགས)ཀྱི་ཚོང་འགྲིག་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར600ལས་བརྒལ་ཡོད།

  • ཚེས11ཉིན་མ་ལེ་ཞི་ཡའི་བྱ་སྒྲོ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་ཐེངས་མང་པོ་མཇུག་གྲིལ་བ་དང་། ཀྲུང་གོའི་རུ་ཁག་གི་མཉམ་སྡེབ་ཧྥེང་ཡན་ཀྲེ་དང་ཧོང་ཏུང་ཕིང་གིས་མཉམ་བསྲེས་ཀྱི་ཨང་དང་པོ་བླངས་པ་དང་། ལིའུ་ཧྲེང་ཧྲུའུ་དང་ཐན་ཉིང་གིས་བུད་མེད་གཉིས་ཀྱི་ཨང་དང་པོ་བླངས།

  • 2026ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགསU23ཨེ་ཤེ་ཡ་བུམ་པའི་ཚོགས་ཆུངDཡི་རེས་སྐོར་གཉིས་པའི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་སྐར་གྲངས1:0གིས་ཨོ་སི་ཁྲུ་ལི་ཡའི་རུ་ཁག་ལས་རྣམ་པར་རྒྱལ།

  • ཀྲུང་གོ་གོ་མཚོན་བཟོ་ལས་ཚོགས་པས་རང་བརྟེན་ཞིབ་བཟོ་བྱས་པའི“ཐེན་མཱ-1000”མི་མེད་སྐྱེལ་འདྲེན་གནམ་གྲུ་ཚེས11ཉིན་བདེ་བླག་ངང་འཕུར་ཐེངས་དང་པོ་འཕུར།

  • ལེའོ་ཉིང་ཞིང་ཆེན་ལུས་རྩལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཤར་ས་ཁུལ་གྱི་གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཟླ5ཚེས23ཉིན་སྤེལ་རྒྱུ་རེད།

  • “ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”རིང་། པེ་ཅིང་རིག་གནས་ལས་གྲྭ་འཛུགས་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཏེ་པེ་ཅིང་སྒྱུ་རྩལ་རྟེན་མཛོད་ཁང་གི་རྣམ་གྲངས་མིག་སྔར་ལས་མགོ་བརྩམས།

  • སི་ཁྲོན་ཁྲེང་ཏུའུ་ཡི་སྐྱེས་པ་ཞིག་ཆུ་ནང་དུ་ལྷུང་བ་ན། ཉེན་ཁ་ཆེ་བའི་སྐབས་སུ་ལོ་བདུན་ཅུ་ལ་སླེབས་པའི་གྲོང་མི་ལིའུ་ཀུའེ་ཡོན་གཙང་པོའི་ནང་དུ་མཆོངས་ནས་སྐྱོབ་ཐབས་བྱས་པ་དང་། ངོགས་ཀྱི་མི་མང་པོས་མཉམ་དུ་རོགས་སྐྱོབ་བྱས་མཐར་སྐྱེས་པ་བདེ་འཇགས་ངང་བསྐྱབས།

    སྲིད་ཇུས།

  • ཐེན་ཅིན་གྱིས་ཡིག་ཆ་བཀྲམ་སྟེ་ཁུལ་རེར་ཉུང་མཐར་ཡང་རིམས་འགོག་འཆར་འགོད་སྒོ་བསྟེན་སྨན་ཁང་ངམ་ཡང་ན་བུ་བཙའི་ཚན་ཁག་གི་སྒོ་བསྟེན་སྨན་ཁང་གཅིག་དམིགས་འཛུགས་བྱས་ཏེ། ལོ་གཅིག་ཡན་གྱི་བྱིས་པར་ཁ་ཅེ་མེའོ་སྨན་ཁབ་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱས་ནས་ལོ་གཅིག་ནང་ཚུན་གྱི་བྱིས་པར་དབུགས་ལམRSVཡི་ཕུགས་ཕན་ཁེར་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན།

  • ཧོ་ནན་གྱིས་སྡེ་ལས་ཞབས་ཞུ་བ་དང་སྡེ་བདག་ཨུ་ལྷན(སྡེ་ལས་དོ་དམ་ཨུ་ལྷན)གྱིས་དུས་ཚིགས་རེའི་ཟླ་དང་པོའི་ཟླ་མཇུག་གོང་དུས་ཚིགས་གོང་མའི་སྤྱི་པའི་ཡོང་འབབ་ཀྱི་གཏོང་ཡོང་གནས་ཚུལ་ཡོངས་བསྒྲགས་བྱེད་དགོས་པ་དང་། ཡོངས་བསྒྲགས་བྱེད་ཡུན་ལས་ཀའི་ཉིན་གྲངས30ལས་མི་ཉུང་བ་བྱེད་དགོས་ཞེས་ཁ་གསལ་བཏོན།

  • ལེའོ་ཉིང་གིས་ཡིག་ཆ་བཀྲམ་སྟེ། གཏན་འཇགས་རྒྱུ་ནོར་ཉོ་ཚོང་དང་། ཁྲལ་འཇལ། ཐོ་འགོད་བཅས་བྱེད་པར“སྐར་ཁུང་གཅིག་གིས་བདག་སྤྲོད་དང་མཉམ་དུ་སྒྲུབ་གཉེར”བྱས་ཏེ། གྲོང་ཁྱེར་རིམ་པ་དེ་གའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལྟེ་གནས་ཀྱིས་གསར་དུ་བསྐྲུན་པའི་ཚོང་སྒྱུར་ཁང་པ་དང་ལག་བརྒྱུད་ཁང་པ་སྤོ་སྒྱུར་ཐོ་འགོད(ཉོ་ཚོང)བྱེད་པར་ལས་ཀའི་ཉིན་གཅིག་ནང་སྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས།

    དེ་རིང་གི་གནམ་གཤིས།

3.jpg

  • ནང་སོག་གི་ཤར་རྒྱུད་དང་བྱང་ཤར་ས་ཁུལ་གྱི་ས་ཆ་མང་ཆེ་བ། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ཁྲོད་དུ་ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་དང་ཅི་ལིན་གྱི་དབུས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ནས་ཁངས་ཆེན་འབབ་རྒྱུ་རེད། ཧུའུ་པེའི་ལྷོ་ནུབ་རྒྱུད་དང་། ཧུའུ་ནན་གྱི་དབུས་ནུབ་རྒྱུད། སི་ཁྲོན་གཤོང་སའི་དབུས་ལྷོ་རྒྱུད། ཁྲུང་ཆིང་གི་ས་ཆ་མང་ཆེ་བ། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།