དེ་རིང་ནི2026ལོའི་ཟླ01པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-13 09:08:40   |   364

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས12ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་།

  • ཚེས12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཕྱི་ཕྱོགས་སུ《“ཕན་ནུས་ཆེ་བའི་སྒོ་ནས་དོན་དག་གཅིག་སྒྲུབ་ཐུབ་པ”ཡི2026ལོའི་གཙོ་གནད་ཁག་དང་པོའི་གསལ་ཐོ》ཁྱབ་བསྒྲགས་བྱས་པའི་ནང་མི་སྒེར་དང་གཉེར་སྐྱོང་བྱེད་པོ་དང་འབྲེལ་བའི་དོན་ཚན་ཁྱོན13ཚུད་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག་བྱ་ཐབས་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་རིམ་པའི་ངོས་ནས་སྲིད་གཞུང་གི་མ་འཇོག་ཐེབས་རྩའི་བཀོད་སྒྲིག་དང་གཏོང་ཕྱོགས་ལ་གོ་རིམ་ལྡན་པའི་ཚད་ལྡན་ཐོག་མར་བཟོས་ཡོད།

  • ཚེས12ཉིན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས2025ལོའི་དུས་ཚིགས་བཞི་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་མི50མིང་ཐོའི་ནང་ཚུད་ཡོད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་དྲུག་གིས་གཏན་འབེབས་ཁྱབ་བསྒྲགས་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་པུར་འཇུག་གི་ཞབས་ཞུ་སྤེལ་མི་ཆོག་པ་ཁ་གསལ་བཟོས་ཡོད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཀྱི་ཚད་གཞིའི་ཡིག་ཆ་ཚང་མ་རིན་མེད་ངང་ཡོངས་བསྒྲགས་བྱས་ནས་ལོ་གཅིག་འགོར་རིང་། ལོ་ཧྲིལ་པོར་ལྟ་ཀློག་བྱེད་ཚད་ཐེངས་དུང་ཕྱུར་གཅིག་ལྷག་ཙམ་ཟིན་ནས་ཁེ་ལས་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་དགོས་མཁོ་ནུས་ལྡན་ངང་སྐོང་ཐུབ་ཡོད།

  • ཉེ་ཆར“ཞི་མཐུན་འགན་འཁྲི—2025”ཡི་ལས་འགན་སྒྲུབ་མཁན་གྱི་མཚོ་དམག་སྟེ།“དར་གོས་ལམ་བུའི་གྲུ་གཟིངས”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་རུ་འབྱོར་ནས་པར་ཙིར་དུ་དུས་ཡུན་ཉིན་བདུན་གྱི་མཛའ་མཐུན་འཚམས་འདྲི་བྱས་པ་དང་འབྲེལ་གསོ་རིག་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་མགོ་ཚུགས།

    སྤྱི་ཚོགས།

  • ཚེས12ཉིན་གྱི་དགོང་མོ་ནས་ཚེས16ཉིན་བར། བྱང་ཤར་ས་ཁུལ་གྱི་དབུས་ལྷོ་རྒྱུད་དང་། ཤིན་ཅང་གི་བྱང་རྒྱུད། ནང་སོག་གི་དབུས་ནུབ་རྒྱུད། ཀན་སུའུ་ཡི་ནུབ་རྒྱུད། ཧྭ་བྱང་གི་ནུབ་རྒྱུད་དང་བྱང་རྒྱུད་སོགས་ཀྱི་དྲོད་ཚད་སྔ་རྗེས་སུ་ཧྲེ་ཧྲི་ཏུའུ4ནས8བར་ཆག་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད10℃ལས་བརྒལ་བ་མར་ཆག་རྒྱུ་རེད།

  • ཚེས12ཉིན་མ་རྐངAཡི་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ཁྲི3.6ལས་བརྒལ་ནས་ཉིན་གཅིག་གི་ཚོང་འགྲིག་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

2.jpg

  • ཚེས12ཉིན་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲསC919ཀོང་ཀྲོའུ་ནས་ནན་ཅིང་གི་མཁའ་ལམ་དུ་ཐོག་མར་འཕུར་ནས་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲསC919ཡི་མཁའ་ལམ་དྲ་རྒྱ་སྔར་བས་དམ་པོར་བྱས་ཡོད།

  • ཨ་ཧྥང་ཕོ་བྲང2025ལོའི་གནའ་རྫས་རྟོག་ཞིབ་ལ་ཚད་བརྒལ་ཆེན་པོ་བྱུང་ནས་ཕོ་བྲང་གི་ས་དཔྱད་ཆུ་ལ་བརྟེན་ནས་བདམས་པ་གཏན་འཁེལ་བྱས་ཏེ་ཆིན་ཏུའུ་གྲོང་ཁྱེར་གྱི་འཆར་འགོད་འདུ་ཤེས་དང་ས་ཆ་འདེམས་པའི་གཏན་ཚིགས་ལ་ཞིབ་འཇུག་བྱ་རྒྱུར་ཁུངས་སྣེ་གལ་ཆེན་མཁོ་འདོན་བྱས་ཡོད།

  • ཨ་རིའི་ཉིའུ་གཡོད་ཚོང་ཟོག་ཉོ་ཚོང་ཁང་གི་གསེར་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཚེས11ཉིན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བརྒལ་ཞིང་། ཨང་སི་རེར་ཨ་སྒོར4612ལས་བརྒལ་ཡོད།

3.gif

  • ཉེ་ཆར། ཨན་ཧུའེ་ཧོ་ཧྥེའི་སྐྱེས་པ་ཞིག་ཆུ་ནང་དུ་ལྷུང་བ་དང་གཞོགས་འདེགས་ཉེན་རྟོག་པ་ཐའོ་རུང་ཁུའེ་ཡིས་གནས་ཚུལ་ཐོས་རྗེས་མགྱོགས་མྱུར་ངང་ཡོང་སྟེ། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གྲང་ངར་ཆེ་བའི་གཙང་པོའི་ནང་དུ་མཆོངས་ནས་སྐྱེས་པ་བདེ་བླག་ངང་སྐྱོབ་ཐུབ་པ་བྱུང་ཡོད།

    སྲིད་ཇུས།

  • པེ་ཅིང་གིས་བརྡ་ཐོ་བཏང་ནས་བུ་བཙའི་བརྟག་དཔྱད་འགྲོ་གྲོན་གྱི་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཚད་གཞི་མཐོ་རུ་བཏང་བ་དང་། ཐེབས་རྩས་མང་ཤོས་ལ་སྒོར་ཁྲི1གཏོང་སྤྲོད་བྱས་ཡོད།

  • ཧྲང་ཧའེ་ཡིས་བྱ་ཐབས་ཁྱབ་བསྒྲགས་བྱས་ཏེ། ལོ་ན་དམའ་བའི་རྒན་པ་དང་དེ་བཞིན་སྤྱི་ཚོགས་ཀྱི་ཁོངས་མི་གཞན་དག་གིས་དགོས་མཁོ་ཡོད་པའི་རྒན་པ་ལ་ཆེད་ལས་རང་བཞིན་མིན་པའི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་འབྲེལ་ཞབས་ཞུའི་དུས་ཚོད་ཐོ་འགོད་དང་གསོག་འཇོག་བྱས་ཏེ་རང་ཉིད་ལོ་ན་རྒས་ནས་ཞབས་ཞུ་བྱེད་དགོས་ཚེ་བརྗེ་ལེན་བྱེད་ཆོག

  • ཧའེ་ནན་གྱིས་བྱ་གཞག་ཚན་པའི་གདན་ཞུའི་ངོ་རྒྱུགས་ཀྱི་སྒྲིག་སྲོལ་པར་འགྲེམས་བྱས། སྤྱིར་བཏང་དུ་རྒྱུགས་སྤྲོད་སློབ་མ་རེ་རེའི་ངོ་རྒྱུགས་ཀྱི་དུས་ཚོད་སྐར་མ10ལས་མི་ཉུང་བ་བྱ་རྒྱུ་དང་། ངོ་རྒྱུགས་ཀྱི་སྦྱངས་འབྲས་ལ་བརྒྱ་ཆའི་ལམ་ལུགས་ལག་བསྟར་བྱས་ནས་སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞི་ལྟར་དཔྱད་བསྡུར་གཏན་འབེབས་བྱ་རྒྱུའི་གཏན་འཁེལ་བྱས།

    དེ་རིང་གི་གནམ་གཤིས།

5.jpg

  • ཧེ་ལུང་ཅང་གི་དབུས་ཤར་རྒྱུད་དང་། ཅི་ལིན་གྱི་དབུས་ཤར་རྒྱུད། ཞིན་ཅང་གི་བྱང་རྒྱུད་དང་ཤར་རྒྱུད་ས་ཁུལ། ཞིན་ཅང་ལྷོ་རྒྱུད་རི་ཁུལ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་འབབ་པ་དང་། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་ཐེན་ཧྲན་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།