དེ་རིང་ནི2026ལོའི་ཟླ01པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-14 08:53:03   |   83

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • སྐྱེ་ཁམས་ཐོན་རྫས་ཀྱི་སྤྱིའི་རིན་ཐངGEPཞིབ་རྩིས་ལག་རྩལ་ཕྱོགས་སྟོན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས། དེ་ཡིས་རང་རྒྱལ་གྱི“རི་སྔོན་ཆུ་དྭངས”ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་འབེབས་བྱེད་པའི་སྐྱེ་ཁམས་རིན་ཐང་ལ་ཚད་གཞི་ཡོད་པར་བྱས།

  • དམངས་སྲིད་པུ་སོགས་སྡེ་ཚན་བརྒྱད་ཀྱིས་བྱེད་ཐབས་འགའ་ཞིག་བཏོན་ཏེ་སྤུས་ལེགས་རྒན་གསོ་ཞབས་ཞུའི་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་བྱ་རྒྱུར་རོགས་རམ་བྱེད་པ་དང་། ཁྱིམ་སྡོད་རྒན་འཚམ་སྒྱུར་བཀོད་ཀྱི་ཐོན་རྫས་གསར་པ་བརྗེ་རྒྱུར་ལ་སྐུལ་འདེད་བཏང་ནས་རྒན་པ་ལ་འཚམ་པའི་སྡོད་གནས་རྣམ་པ་གཏོད་རྒྱུ་སོགས་ཁ་གསལ་བཏོན་ཡོད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཚན་ལྔས་ཡིག་ཆ་བཀྲམ་ནས་དྲ་རྒྱའི་གདན་ཞུའི་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ། དྲ་རྒྱའི་ལས་སྟེགས་ཀྱིས་གདན་ཞུའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་སྐབས་བདེན་པ་དང་ཁྲིམས་མཐུན་ཡིན་དགོས་པ་ལས་གདན་ཞུའི་ཆ་འཕྲིན་ལ་ཁ་གཡར་ནས་ཁྲིམས་འགལ་ངང་མིག་དབང་འགུག་པ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཚི་སྣའི་ཐོན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་པའི་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་པ་སྟེ། ཕྲུ་གུ་དམར་འབྱར་དང་བྱིས་པའི་ཚི་སྣའི་ཐོན་རྫས་དང་ལུས་འབྱར་ནང་གོས་ལ་བསྐྱར་དུ་ལས་སྣོན་བྱས་པའི་ཚི་སྣ་མ་བཅོས་རྒྱུ་ཆར་སྤྱོད་རྒྱུ་གཏན་འགོག་བྱས་ཡོད།

  • སློབ་གསོ་པུས་ཧེ་ལུང་ཅང་ཞིང་ལས་ལས་གྲྭའི་ལས་རིགས་ལག་རྩལ་སློབ་ཆེན་སོགས་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ14འཛུགས་རྒྱུའི་མོས་མཐུན་བྱེད་རྩིས་ཡོད།

1.png

  • རང་རྒྱལ་གྱིས་ཞིབ་འཇུག་གསར་བཟོ་བྱས་པའི་ཚོར་འདྲེན་ཆས་ལ་ཚོད་ལྟས་ར་སྤྲོད་བྱས་ཟིན་པས། དབྱེ་འབྱེད་ཚད་མཐོ་བའི་མཚོ་གཏིང་གི་སྒུལ་བདེའི་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱེད་ཐུབ།

  • རྒྱལ་ཁབ་བདུན་ཚོགས་པའི་ནོར་སྲིད་པུ་ཀྲང་གིས་ཞི་ཐུའུ་ཀྲུང་གོར་བརྟེན་རྒྱུ་ཉུང་དུ་གཏོང་རྒྱུ་ཡིན་ཞེས་བཤད་པ་དང་། རང་རྒྱལ་གྱི་ཕྱི་འབྲེལ་པུས་གོ་ལ་ཧྲིལ་པོའི་འགག་རྩའི་གཏེར་ཁའི་ཐོན་ལས་སྦྲེལ་ཐག་གི་བརྟན་འཇགས་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་ཅེས་བཤད།

  • འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་ཚེས23ཉིན་རྒྱལ་ཚོགས་ཚོགས་མགོ་ཚུགས་པའི་ཉིན་མོར་གྲོས་ཁང་འོག་མ་མེད་པར་བཟོས་ནས་འདེམས་བསྐོ་ཆེ་མོ་སྔ་སྣུར་དུ་བྱ་རྒྱུའི་གཏན་འབེབས་བྱས།

  • འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཡོངས་བསྒྲགས་སྙན་ཞུའི་ནང་དྲ་རྒྱའི་མགོ་སྐོར་གཡོ་འཕྲུལ་དེ་གྲངས་འཛིན་དཔལ་འབྱོར་ཁྲོད་རྩ་སློག་རང་བཞིན་ཆེ་ཤོས་ལྡན་པའི་སྟོབས་ཤུགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་ངང་ཁ་གཏད་གཅོག་དགོས་ཞེས་བསྟན་ཡོད།

    སྤྱི་ཚོགས།

  • ཟླ1ཚེས26ཉིན་གྱི་ཆུ་ཚོད་བཅུ་གཉིས་ནས་བཟུང་རྒྱལ་ཡོངས་ལྕགས་ལམ་གྱིས་མེ་འཁོར་འཁོར་སྐྱོད་རེའུ་མིག་གསར་པ་ལག་བསྟར་བྱ་རྒྱུ་རེད། རེའུ་མིག་ལེགས་སྒྲིག་བྱས་རྗེས་འགྲུལ་སྐྱེལ་མེ་འཁོར243གསར་སྣོན་བྱ་རྒྱུ་རེད།

  • ཚོང་ལས་འཇིག་རྟེན་འཕུར་སྐྱོད་ལ་མ་རྐངAཡི་ཁྲོམ་རའི་ནང་དགའ་པོ་བྱེད་ཚད་མང་དུ་ཕྱིན་པ་དང་། ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཀྱི་ཕྱོགས་བསྡུས་མ་རྐང་མང་པོ་ཞིག་གིས་ཡོངས་བསྒྲགས་བྱས་ནས་མ་འཇོག་བྱེད་མཁན་ལ་ཉེན་ཁར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས།

  • ཀྲུང་གོའི་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2025ལོར་རྒྱལ་ཡོངས་ཀྱི་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་གྱི་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར616.55ཟིན་པ་དེ་དུས་མཚུངས་ལས6.39%འཕར་ཡོད།

  • ཞིབ་དཔྱོད་ལས་ཁུངས་ཀྱིས་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་། ཀྲུའུ་རེན་ལུང་ཞང་གིས་ལྐོག་ཟ་དང་། ལྐོག་རྔན་བླངས་པ། འགན་དབང་གང་བྱུང་དུ་སྤྱད་པ། ནང་ཁུལ་ཉོ་ཚོང་བཅས་བྱས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

2.jpg

  • ས་གནས་དེ་གའི་ཚེས12ཉིན། 2025-2026འགྲན་ཚིགས་ཀྱི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་རང་མོས་རྣམ་པའི་གངས་ཤུད་བར་སྣང་རྩལ་ནུས་འཛམ་གླིང་བུམ་པའི་འགྲན་སྡུར་དེ་ཨ་རིའི་ཕུའུ་ལའེ་ཞི་ཏེ་མཚེའུ་རུ་མཇུག་གྲིལ། ཞུས་མེང་ཐའོ་དང་སུན་ཅ་ཞུ་ཡིས་སོ་སོར་འགྲན་ཐེངས་འདིའི་བུད་མེད་དང་སྐྱེས་པའི་འཛམ་གླིང་བུམ་པའི་འགྲན་སྡུར་གྱི་སྤྱིའི་ཨང་དང་པོ་བླངས།

3.jpg

  • ཚེས13ཉིན་གོ་ལ་ཧྲིལ་པོའི་ཀྲའོ་ཝ20ཟིན་པའི་མཚོ་ཐོག་རླུང་འཕྲུལ་ཐོག་མ་དེ་ཧྥུ་ཅན་མིན་ནན་མཚོ་ཁོངས་སུ་བདེ་བླག་ངང་དཔྱངས་འདྲེན་བྱས་པ་དང་། འཁོར་ལོའི་ཚངས་ཐིག་ལ་སྨི300ཡོད།

4.png

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཟླ་བའི་ལྷ་མོ་ཨང་དྲུག་པའི་ས་རྒྱུར་དབྱེ་ཞིབ་བྱས་པ་ལྟར་ན། ལྷོ་སྣེ-ཨའེ་ཐེ་ཁེན་གཤོང་སའི་གདོང་གཏུག་གིས་ཟླ་བའི་གོ་ལའི་རྒྱབ་ཀྱི་གཏིང་ཟབ་སའི་དངོས་པོ་བོར་བརླག་ཏུ་བཏང་ཞིང་། གདོང་གཏུག་ཆེ་གྲས་ཀྱིས་ཟླ་བའི་གོ་ལའི་རིམ་འགྱུར་ལ་ཤུགས་རྐྱེན་ཐེབས་ཚུལ་ལ་ཤེས་རྟོགས་བྱེད་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།

  • ཧྲན་ཞི་ལི་ཁྲེང་རྫོང་གིས་སྔོན་གཤེགས་དཔའ་བོའི་སྐུ་རུས་གསུམ་གྱི་ཐོབ་ཐང་གཏན་འཁེལ་བྱས་པ་དང་། སྔོན་གཤེགས་དཔའ་བོ་གསུམ་ནི་ཀྲུའུ་ཞན་ཧོའེ་དང་། ཧྲི་ཁྲེང་ཕུའུ། ཀུའོ་ཅིན་ཀུའེ་བཅས་ཡིན་པ་རེད།

    སྲིད་ཇུས།

  • པེ་ཅིང་གིས་བྱེད་ཐབས15བཏོན་ནས་སྤྱི་གླིང་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་། སྤང་ཐང་དང་ཆུ་འགྲམ་ས་ཁོངས་སྒོ་དབྱེ་བྱེད་པར་སྐུལ་ལྕག་བཏང་སྟེ། གུར་ཕུབ་པ་དང་ཆུ་འགྲམ་དུ་གནས་སྐོར་ངལ་གསོ་བྱེད་པ་སོགས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་བཏང་།

  • ཧྲང་ཧའེ་ཡིས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་འཛད་སྤྱོད་འཕར་སྣོན་དང་རྒྱ་སྐྱེད་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས28ཁྱབ་བསྒྲགས་བྱས།

  • ཀོང་ཏུང་སྨན་བཅོས་འགན་བཅོལ་གྱིས་རིན་གོང་གི་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་པ་སྟེ། འདའ་ཁའི་གཟིགས་སྐྱོང་དེ་རིན་གོང་རྣམ་གྲངས་ནང་བཅུག་སྟེ“སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་གྲོན་དངུལ”དང“རིམ་དབྱེའི་ནད་སྐྱོང”སྣ་ཚོགས་དང་དུས་གཅིག་ཏུ་རིན་བསྡུ་མི་ཆོག་པའི་གཏན་འབེབས་བྱས།

    དེ་རིང་གི་གནམ་གཤིས།

5.jpg

  • ཞིན་ཅང་གི་བྱང་རྒྱུད་དང་ནང་སོག་གི་དབུས་རྒྱུད། ཀན་སུའུ་ཡི་ནུབ་རྒྱུད། མཚོ་སྔོན་གྱི་དབུས་རྒྱུད། ཧེ་ལུང་ཅང་གི་བྱང་ཤར་རྒྱུད། ཅི་ལིན་གྱི་དབུས་ལྷོ། ལིའོ་ཉིང་གི་བྱང་རྒྱུད་དང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་འབབ་རྒྱུ་དང་། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད་དང་ཡུན་ནན་གྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།