དེ་རིང་ནི2026ལོའི་ཟླ01པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-15 09:10:53   |   155

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས14ཉིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས།

  • འགག་སྒོ་ལས་ཁུངས་ཀྱི་སྡོམ་རྩིས་ལ་གཞིགས་ན། 2025ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར་ཁྲི45.47ཟིན་པ་དེ་དུས་མཚུངས་ལས3.8%འཕར་ཡོད།

  • གྲངས་གཞི་ལས་མངོན་པ་ལྟར་ན། 2025ལོར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཆ་སྙོམས་ཁྲི1600ལས་བརྒལ་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་རྒྱལ་ནང་དུ་ཕྱིར་ཚོང་བྱེད་ཚད་ཀྱི་བསྡུར་ཚད50%ལས་བརྒལ་ཡོད།

  • 2025ལོར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར2900ལས་བརྒལ་བ་དང་རིན་ཐང་མཉམ་པའི་མི་དམངས་ཤོག་སྒོར་བཏང་།

1.jpg

  • ཚེས13ཉིན་གྱི་ཆུ་ཚོད22:16སྟེང་། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་དྲུག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་རྒྱང་ཚོར་ཨང་ལྔ་བཅུ་པའི་སྲུང་སྐར01བདེ་བླག་ངང་མཁའ་དབྱིངས་སུ་འཕེན་གཏོང་བྱས།

2.jpg

  • ཚེས13ཉིན་གྱི་ཆུ་ཚོད23:25སྟེང་། རང་རྒྱལ་གྱིས་ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་པ་སྤྱད་དེ་སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་སྲུང་སྐར18བདེ་བླག་ངང་འཕེན་གཏོང་བྱས།

  • ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པས་བསྟན་དོན། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་དཀར་ནག་གོ་ལྡོག་དང་། ཕྱི་ཕྱོགས་སྟོབས་ཤུགས་དང་ངན་འབྲེལ་བྱས་ནས་རང་བཙན་དོན་གཉེར་ཇི་ལྟར་བྱས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པའི་རྣམ་པར་གཡོ་འགུལ་གཏོང་མི་ཐུབ་པ་དང་། “ཐའེ་ཝན་རང་བཙན”ཕམ་ངེས་ཀྱི་མཇུག་འབྲས་ལ་འགྱུར་ལྡོག་གཏོང་མི་ཐུབ།

  • ཚེས14ཉིན་ཕྱི་འབྲེལ་པུས“ཁྲོམ་ཕུས་རྒྱལ་སྤྱིའི་བཅའ་ཁྲིམས་མི་དགོས” ཞེས་བརྗོད་པའི་ཐད་དུ། རྒྱལ་ཁབ་ཆེན་པོས་སྣེ་ཁྲིད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་བརྩི་འཇོག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་བསྒྲུབ་དགོས་ཞེས་བཤད།

  • ཚེས14ཉིན་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུའི་དཔུང་རུ1306གིས་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་གཡེང་བྱས། དེ་ནི་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་སྤེལ་བའི་ཁེ་དབང་སྲུང་སྐྱོང་གི་སྐོར་གཡེང་བྱེད་སྒོ་ཞིག་རེད།

    སྤྱི་ཚོགས།

  • ནོར་སྲིད་པུ་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་སྤེལ་ནས2026ལོའི་ཟླ1ཚེས1ཉིན་ནས2027ལོའི་ཟླ12ཚེས31ཉིན་བར་རང་བདག་སྡོད་ཁང་བཙོངས་པ་དང་འབྲེལ་ད་ལྟའི་སྡོད་ཁང་ཕྱིར་ཚོང་བྱས་རྗེས་ཀྱི་ལོ་གཅིག་ནང་བསྐྱར་དུ་སྡོད་ཁང་ཉོས་པའི་ཁྲལ་འཇལ་མཁན་ལ་སྡོད་ཁང་བཙོངས་ནས་སྤྲད་པའི་མི་སྒེར་གྱི་ཐོབ་ཁྲལ་ཕྱིར་སློག་པའི་གཟིགས་སྐྱོང་བྱ་རྒྱུ་ཁ་གསལ་བཏོན།

  • ཉེ་ཆར། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དུས་མགོའི་ཞིབ་བཤེར་དང《སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》གཞིར་བཟུང་། ཞེ་ཁྲེང་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱིས་ཁྲོམ་རར་ཁ་ལོ་སྒྱུར་བའི་དབང་ཆ་གང་བྱུང་དུ་སྤྱད་དེ་སྒེར་སྡེམ་བྱས་པའི་བྱ་སྤྱོད་ལ་གྱོད་དོན་ཐོ་འགོད་དང་བརྟག་དཔྱད་བྱས།

  • ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་ཚེས14ཉིན“ཚན་རྩལ་གནའ་རྫས་རྟོག་ཞིབ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་གལ་ཆེན”6ཁྱབ་བསྒྲགས་བྱས།

3.png

  • ཚེས14ཉིན།“གླང་སྐར་ཚོམ”ཀྱི་གཏན་འཇགས་གཤོག་ཐོག་མི་མེད་གནམ་གྲུ་ཆེ་གྲས་ཁྲོན་བོད་ས་མཐོའི་ས་ཁོངས་བརྒལ་ནས་ཐེངས་དང་པོ་འཕུར་བ་ཡིས་རང་རྒྱལ་གྱི་མཐོ་སྒང་མི་མེད་གནམ་གྲུའི་ཟོག་འགྲེམ་མཁའ་ལམ་ཆེ་གྲས་ཀྱི་ཚོད་ལྟའི་འཕུར་སྐྱོད་ལེགས་གྲུབ་བྱུང་བ་མཚོན།

4.jpg

  • རང་རྒྱལ་གྱི་མཚོ་འོག་ས་རིམ་བར་སྟོང་དུ་དྲང་འཕྱང་འབིགས་ཞིབ་དང་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པའི་འཕྲུལ་མི་ཐོག་མ་དེས་ལྷོ་རྒྱ་མཚོར་ཚོད་ལྟའི་ལས་ཀ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

5.png

  • ཉེ་ཆར་རྩ་ཆེའི་འདབ་ཆགས་རིགས་ཏེ་ཕུག་རོན་སྨུག་པོ་ཧའེ་ནན་གྱི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མངོན་ཡོད།

6.jpg

  • ཉེ་ཆར། ཧོ་ནན་ནན་དབྱང་གི་བུ་མོ་ཞིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་ན། སྐྲ་དཀར་པོར་གྱུར་པའི་རུ་འཁྱུར་དམག་མི་ཀྲང་ཞའོ་ཕིང་གྲང་ངར་ལ་མ་འཛེམས་པར་ཆུ་ནང་དུ་འཛུལ་ནས་རྒྱལ་ཁའི་ངང་བསྐྱབས།

    སྲིད་ཇུས།

  • ཀྲུང་གོ་གནམ་གཤིས་ཅུ་དང་དམངས་སྲིད་པུ་སོགས་སྡེ་ཚན་བདུན་གྱིས《མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ཁམས་གསོའི་གནམ་གཤིས་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》མཉམ་འབྲེལ་ཐོག་བཏོན་ནས། ཚོར་སྐྱེན་མེ་ཏོག་གི་རྡུལ་སོགས་ཀྱི་འགོག་བཅོས་ལས་དོན་ལ་མཐུན་སྦྱོར་སྐུལ་འདེད་བཏང་།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《ཐོལ་བྱུང་དོན་རྐྱེན་ལས་རྨས་སྐྱོན་ཕོག་པའི་རྨས་མའི་སྨན་བཅོས་སྐྱོབ་བཅོས་ཚད་གཞི(2025ལོའི་པར་གཞི)》དང《ཐོལ་བྱུང་དོན་རྐྱེན་ལས་འཚིག་རྨས་བྱུང་བའི་རྨས་མའི་སྨན་བཅོས་སྐྱོབ་བཅོས་ཚད་གཞི(2025ལོའི་པར་གཞི)》ཁྱབ་བསྒྲགས་བྱས།

  • ཧྥུ་ཅན་གྱིས་ཇུས་གཞི་པར་འགྲེམ་བྱས་ཏེ། ད་ཡོད་སྡོད་ཁང་ཁུལ་ཆུང་གི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། སྤྱི་པའི་རླངས་འཁོར་འཇོག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁུལ་ཆུང་ལ་གློག་གསོག་གཉེར་སྐྱོང་ཚོང་པས་གཅིག་གྱུར་འཛུགས་སྐྲུན་དང་། གཅིག་གྱུར་གཉེར་སྐྱོང་། གཅིག་གྱུར་སྲུང་སྐྱོང་བཅས་བྱེད་པའི་སྤྱི་པའི་གློག་གསོག་ཕུར་པའི་དཔེ་དབྱིབས་གཙོ་གནད་དུ་བཟུང་ནས་ཁྱབ་གདལ་གཏོང་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

7.png

  • ཞིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ཤར་རྒྱུད། ནང་སོག་གི་དབུས་ཤར་རྒྱུད། བྱང་ཤར་ས་ཁུལ་གྱི་དབུས་ལྷོ། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཅི་ལིན་གྱི་ཤར་ལྷོའི་རྒྱུད་དང་ལིའོ་ཉིང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་ཁངས་དྲག་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད། ཡུན་ནན་གྱི་ས་ཆ་མང་ཆེ་བ། ཀོང་ཞིའི་ནུབ་བྱང་རྒྱུད། ཀོང་ཏུང་གི་ཤར་ལྷོའི་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།