དེ་རིང་ནི2026ལོའི་ཟླ01པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-16 09:16:01   |   49

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ1ཚེས16ཉིན་དཔེ་སྐྲུན་བྱ་རྒྱུ་ཡིན་པའི《བདེན་འཚོལ》དུས་དེབ་ཐེངས་གཉིས་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་དབྱང་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད》སྤེལ་རྒྱུ་རེད།

  • ཀྲུང་དབྱང་དངུལ་ཁང་གིས་སྲིད་ཇུས་དང་བྱེད་ཐབས་ཁག་ཅིག་བཏོན་ནས་དཔལ་འབྱོར་གྲུབ་ཆའི་ཕྱོགས་སྒྱུར་ལེགས་སྒྱུར་ལ་སྔར་བས་རམ་འདེགས་བྱ་རྒྱུ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་དང་། ནོར་སྲིད་པུས《ཁེ་ལས་ཀྱི་ལོ་ཕོགས་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམ་བྱས་ཏེ། ལས་བཟོ་དེ་བས་མང་བར་ཁེ་ལས་ཀྱི་ལོ་ཕོགས་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཁ་གསལ་བཏོན།

  • ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་། རྒྱལ་ཁབ་ཀྱི་གློག་དྲའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར་ཁྲི4ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་། མ་དངུལ་འཇོག་གྲངས་ཀྱི་སྡོམ་འབོར་དེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ལས་བརྒྱ་ཆ40འཕར་ཡོད།

  • ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིའི2026ལོ་འཁོར་གྱི་གཞུང་ཞབས་པ་བསྡུ་བའི་ཡིག་རྒྱུགས་སྐར་གྲངས་ཁྱབ་བསྒྲགས་བྱས། 

  • 2026ལོའི་རྒྱལ་ཡོངས་ཀྱི་དམག་བསྡུའི་ལས་དོན་སྤེལ་མགོ་ཚུགས། ལོ་སྟོད་ཀྱི་དམག་བསྡུའི་ལས་དོན་ཟླ2ཚེས24ཉིན་ནས་མགོ་ཚུགས་རྒྱུ་དང་། ཟླ3ཚེས31ཉིན་མཇུག་འགྲིལ་རྒྱུ་རེད། ལོ་སྨད་ཀྱི་དམག་བསྡུ་དེ་ཟླ8ཚེས15ཉིན་ནས་མགོ་ཚུགས་རྒྱུ་དང་ཟླ9ཚེས30ཉིན་མཇུག་འགྲིལ་རྒྱུ་རེད།

  • ཚེས15ཉིན། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི2025ལོ་ནས2026ལོའི་ལམ་ཐིག་ཧྲིལ་པོའི་ཆུ་འདྲེན་ལས་དོན་དངོས་སུ་སྤེལ་མགོ་ཚུགས།

1.png

  • ཚེས15ཉིན་གྱི་ཆུ་ཚོད12:01སྟེང་། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་ཨར་ཅི་རི་ཡའི་རྒྱང་ཚོར་སྲུང་སྐར་ཨང་གསུམ་པའི་སྲུང་སྐརAམཁའ་དབྱིངས་སུ་འཕེན་གཏོང་བྱས།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཚེས17ནས་ཚེས21ཉིན་བར་གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་ཏེ་ལྷོ་ཕྱོགས་ས་ཁུལ་གྱི་དྲོད་ཚད་མངོན་གསལ་དོད་པོས་ཆག་རྒྱུ་ཡིན་པ་དང་། དབུས་ཤར་རྒྱུད་ས་ཁུལ་དུ་དགུན་ཚུགས་ཚུན་གྱི་གངས་ཆར་འཁྱགས་རོམ་གྱི་གནམ་གཤིས་ཆེ་ཤོས་ཐོན་རྒྱུ་རེད།

  • 2025ལོར་རང་རྒྱལ་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་འགན་མུའུ་དུང་ཕྱུར1.27ལེགས་སྒྲུབ་བྱས།

  • ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་རྟེན་མཛོད་ཁང་ཐུང་ཀྲོའུ་ཡན་ལག་ཁང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་ཚུགས་པ་དང་། སྔོན་དཔག་བྱས་ན2027ལོར་སྤྱི་དམངས་ལ་དངོས་སུ་སྒོ་མོ་འབྱེད་རྒྱུ་རེད།

  • ཚེས14ཉིན་གྱི་དགོང་མོར། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཞིང་ལས་ཐོན་རྫས་སྤུས་རྟགས་འཛུགས་སྐྲུན་དང་ཐོན་འཚོང་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཏེ། བློ་མཐུན་ཧོ་ཅའོ་ལུང་ལ་རྨས་སྐྱོན་ཕོག་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་སྐུ་གཤེགས་པ་དང་དགུང་ལོ47ཡིན།

  • ཉིན་ཤས་གོང་། ཡུན་ནན་ལུའུ་ཧྥུང་གི“5·5”གས་རྡིབ་ལས་འཛོལ་གྱི་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་ཤིང་། མི5འཛིན་བཟུང་དང་ཁྲིམས་སྦྱོར་བྱས་པ་དང་། མི21སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་ལ་བརྟག་དཔྱད་བྱ་རྒྱུར་རྩིས་སྤྲོད་བྱས།

  • ཚེས15ཉིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་བདེ་སྲུང་ཅུའི་ཅུ་ཀྲང་ཏེང་པིང་ཆང་གིས་ཤང་ཀང་ཏ་ཕུའུ་མེ་སྐྱོན་ལས་རྐྱེན་ལམ་དུ་ཤོར་བའི་མི168བར་མང་དུ་ཕྱིན་ཡོད་ཅེས་བཤད།

  • ཚེས15ཉིན། ཞིན་ཅང་ཁ་ཧྲི་ནས་ཐ་ཧྲི་ཀན་བར་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མཁའ་ལམ་ཤར་གཏོང་བྱས།

2.png

  • ཉེ་ཆར། ཀོང་ཞི་ནན་ཉིང་གི་མཐོ་རིམ་སློབ་འབྲིང་གི་སློབ་མ་ཞིག་གཙང་པོར་མཆོང་ནས་རང་སྲོག་གཅོད་རྩིས་བྱས་པ་དང་། གུང་གསེང་གཏོང་བཞིན་པའི་དྲག་ཆས་ཉེན་རྟོག་པ་ལིན་ཧུང་ཅུན་ཆུར་མཆོང་ནས་མཐའ་འཁོར་མང་ཚོགས་ཀྱི་རོགས་རམ་འོག་གཞོན་ནུ་བདེ་བླག་ངང་མཚོ་འགྲམ་དུ་བསྐྱབས།

    སྲིད་ཇུས།

  • ཧྲང་ཧའེ་ཡིས་རང་འགུལ་འཁོར་གཏོང་སྒོ་དབྱེའི་ས་ཁོངས་རིམ་བཞིན་རྒྱ་ཆེར་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་གྲོང་ཁྱེར་གྱི་མྱུར་བགྲོད་གཞུང་ལམ་སྒོ་དབྱེ་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དེ་གའི་འབྲེལ་ཡོད་ས་ཁོངས་ཕན་ཚུན་སྦྲེལ་མཐུད་ཐུབ་པར་བྱེད་དགོས་ཞེས་ཁ་གསལ་བཏོན།

  • ཁྲུང་ཆིང་གིས་བྱ་ཐབས་པར་འགྲེམ་བྱས་ཏེ། འབུམ་རམས་ཕྱི་ཚར་གྱིས་འབྱུང་འགྱུར་ཐོན་ལས་ཁྱབ་ཁོངས་སུ་འཚོལ་ཞིབ་རང་བཞིན་དང་གསར་གཏོད་རང་བཞིན་གྱི་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཁྲུང་ཆིང་གྲོང་ཁྱེར་གྱི་འབུམ་རམས་ཕྱི་ཚར་གྱི་རོགས་སྐྱོར་རྣམ་གྲངས་དང་ཁྲུང་ཆིང་གསར་པའི་གཞོན་ནུའི་གསར་གཏོད་ཤེས་ལྡན་མི་སྣའི་རྣམ་གྲངས་ལ་སོ་སོར་སྒོར་ཁྲི60དང་སྒོར་ཁྲི30རོགས་སྐྱོར་བྱ་རྒྱུ་རེད།

  • ལེའོ་ཉིང་གིས་བྱ་ཐབས་བཏོན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་པ་སྟེ། རྣམ་གྲངས་ལས་ཡུལ་དུ་ཞུགས་རྒྱུའི་རེ་ཞུ་དེ“ཉིན་དེར་བདག་སྤྲོད་དང་ཉིན་དེར་སྒྲུབ་གཉེར”བྱེད་པ་དང་། སྤྱི་བསྒྲགས་དང་ཡོངས་བསྒྲགས་ཆ་འཕྲིན་སོགས་འགག་རྩའི་ལྷུ་ཚིགས་ལ“འཕྲལ་མར་སྒྲུབ་པ་དང་འཕྲལ་མར་ཁྱབ་བསྒྲགས་བྱེད་དགོས”པའི་གཏན་འབེབས་བྱས།

    དེ་རིང་གི་གནམ་གཤིས།

3.png

  • ཞིན་ཅང་གི་ཐེན་ཧྲན་ས་ཁུལ་དང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། ནང་སོག་གི་ཤར་ལྷོའི་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད། ཅི་ལིན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་འབབ་རྒྱུ་རེད། དེའི་ཁྲོད་དུ་ཞིན་ཅང་དབྱི་ལི་ལུང་ཁུལ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་ཁངས་དྲག་འབབ་པ་དང་། ཧུའུ་པེའི་ལྷོ་ནུབ་རྒྱུད་དང་། ཧུའུ་ནན་གྱི་དབུས་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་ཤར་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་དང་། ཧུའུ་ནན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།