དེ་རིང་ནི2026ལོའི་ཟླ01པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-19 09:16:36   |   65

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོའི་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་དེ་ཟླ2ཚེས2ཉིན་ནས་མགོ་བཙུགས་ཏེ་ཟླ3ཚེས13ཉིན་བར་མཇུག་འགྲིལ་རྒྱུ་དང་། དུས་ཡུན་ཉིན40ཡིན་པ་དང་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར5.39སྐྱེལ་འདྲེན་བྱ་རྒྱུ་རེད། 

02da7b6408540f171516d688afff2236.jpg

  • ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འགག་སྒོ་བཀག་ནས་ཟླ་བ་གཅིག་སོང་ཚུན་ཧའེ་ཁོའུ་འགག་སྒོས་གླིང་ཕྲན་ནས་ཁྲལ་མི་དགོས་པའི་དངོས་ཟོག་ཉོ་སྒྲུབ་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར48.6ལ་ལྟ་སྐུལ་དོ་དམ་བྱས་པ་དེ་དུས་མཚུངས་ལས46.8%འཕར་ཡོད། 

  • ཚེས18ཉིན། རྒྱལ་ཁབ་གནོད་འཚེ་འགོག་འཕྲི་ཨུ་ལྷན་གྱིས་ཨན་ཧུའེ་དང་ཧོ་ནན། ཧུའུ་ནན། ཀུའེ་ཀྲོའུ་སོགས་ཞིང་ཆེན་བཞིར་དམིགས་ནས་རྒྱལ་ཁབ་ཀྱི་དྲོད་ཚད་དམའ་བའི་ཁངས་ཆར་འཁྱགས་རོམ་གྱི་གནོད་འཚེའི་རིམ་བཞིའི་འཕྲལ་སྡོམ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། 

  • བཟོ་འཕྲིན་པུས་ཉིན་ཤས་གོང《སྤུས་ལེགས་ཁེ་ལས་འབྲིང་ཆུང་སྐས་རིམ་སྐྱེད་སྲིང་དོ་དམ་བྱ་ཐབས》གསར་ཤོས་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་ཏེ། ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་སྤུས་ལེགས་ཀྱི་སྐས་རིམ་སྐྱེད་སྲིང་ཁྱབ་ཁོངས་ནང་བཅུག་ཡོད། 

  • ཟླ1ཚེས19ཉིན་ནས་ཟླ3ཚེས4ཉིན་བར། ཚོང་དོན་པུས་འབྲེལ་ཡོད་ཚན་པ་དང་མཉམ་དུ“2026རྒྱལ་ཡོངས་ཀྱི་དྲ་ཐོག་ལོ་གསར་དངོས་ཟོག་དུས་ཆེན”གཉེར་རྒྱུར་མཛུབ་ཁྲིད་བྱ་རྒྱུ་རེད། 

  • འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2025ལོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ལོ་ཧྲིལ་པོའི་དངོས་ཟོག་ཉོ་འཚོང་ཕྱིར་གཏོང་ནང་འདྲེན་ཨ་སྒོར་དུང་ཕྱུར1063ཡིན་པ་དེ་དུས་མཚུངས་ལས12%འཕར་ཡོད། 

  • ཉིན་ཤས་གོང་། “གངས་འབྲུག”རྟགས་ཅན་ནེའུ་ཙི་ལན་ཁེ་ལའེ་སི་ཐེ་ཁྲེ་ཆི་གྲུ་ཁར་སྐྱོད་རིང་སྣུམ་རྒྱུ་དང་དེ་བཞིན་བཟའ་བཅའ་སོགས་དངོས་ཟོག་མཁོ་སྤྲོད་ཀྱི་ལས་འགན་ལེགས་སྒྲུབ་བྱས་ནས་ལྷོ་སྣེར་ཕྱིར་ལོག་བྱེད་བཞིན་ཡོད་པ་རེད། 

  • ཚེས17ཉིན། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཏེན་མག་དང་ནོར་ཝེ། སུའེ་ཏེན། ཧྥ་རན་སེ། འཇར་མན། དབྱིན་ཇི། ཧོ་ལན། ཧྥིན་ལན་བཅས་ཀྱིས་ཨ་རིར་ཕྱིར་གཏོང་བྱས་པའི་ཚོང་ཟོག་ལ་སྒོ་ཁྲལ་འཕར་མ་བསྡུ་རྒྱུ་དང་འབྲེལ་ཡོད་ཕྱོགས་ཀྱིས་ཨ་རིས“ཀེ་ལིན་ལན་གླིང་ཕྲན་ཕྱོགས་ཡོངས་དང་རྦད་དེ་ཉོ་རྒྱུའི”ཐད་གྲོས་མཐུན་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 

  • ས་གནས་དེ་གའི་དུས་ཚོད་ཚེས18ཉིན། ཨ་རིའི་སྒོ་ཁྲལ་གྱི་འཇིགས་སྐུལ་མདུན་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་དགོས་ངེས་ཀྱི་གནས་ཚུལ་འོག་ཧྥ་རན་སེའི་ཚབ་བྱས་ནས་ཡོ་རོབ་མནའ་འབྲེལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཡོ་བྱད་སྤྱོད་རྒྱུའི་རེ་ཞུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

    སྤྱི་ཚོགས།

  • གྲང་རླབས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཚེས18ནས་ཚེས21ཉིན་བར། རང་རྒྱལ་གྱི་དབུས་ཤར་རྒྱུད་ས་ཁུལ་དུ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་དྲོད་ཚད་ཆག་པ་དང་རླུང་ཆེན་གཡག་རྒྱུ་ཡིན་པ་དང་ཉིན་རེའི་ཆ་སྙོམས་སམ་ཡང་ན་དྲོད་ཚད་ཆེས་དམའ་ཤོས་ཡོངས་ཁྱབ་ཏུ6~12℃ཆག་རྒྱུ་རེད། 

112411d157b57fe0bbf571b07cf3d181.jpg

  • ཚེས18ཉིན། ཀྲུང་གོའི་ཚན་སྡེབ་ལིའུ་ཧྲེང་ཧྲུའུ་དང་ཐན་ཉིང་གིས2026ལོའི་ཧིན་རྡུའི་བྱ་སྒྲོའི་སྤོ་ལོའི་ཡོངས་གྲགས་འགྲན་བསྡུར་ཁྲོད་ལྗར་པན་གྱི་ཚན་སྡེབ་ཧྥུ་ཏའོ་ཡིའུ་ཅི་དང་སུང་པེན་མ་ཡིའུ་ལས་ལས་རྣམ་པར་རྒྱལ་ཏེ་བུད་མེད་ཟུང་གི་ཨང་དང་པོ་བླངས། 

94f009b3be7ffe54a9733bf2a48dc91c.jpg

  • ཚེས18ཉིན། ཀྲུང་གོའི་ཚན་སྡེབ་ལིའང་ཝེ་ཁེང་དང་ཝང་ཁྲང་གིས2026ལོའི་ཧིན་རྡུའི་བྱ་སྒྲོའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་ནང་ལྗར་པན་གྱི་ཚན་སྡེབ་ལུའེ་ཁྲོན་ཏ་ཧུའེ་དང་ཧྲན་ཞ་ཀུང་ཕིང་ལས་རྣམ་པར་རྒྱལ་ནས་སྐྱེས་པ་ཟུང་གི་ཨང་དང་པོ་བླངས། 

  • ཉེ་ཆར“བུ་མོ་ཆུང་ཆུང་ཞིག་གིས་སྒོར50ཡིས་ཨ་རག་གྲགས་ཅན་ཉོས་པའི”བརྙན་ཞིག་ལ་དོ་ཁུར་ཆེན་པོ་བྱུང་བ་དང་། བརྟག་དཔྱད་བྱས་པ་བརྒྱུད་ནང་དོན་རྫུན་མ་ཡིན་ལ། མིག་སྔར་སྤྱི་བདེ་ལས་ཁུངས་ཀྱིས་བརྙན་ལམ་པར་ལེན་མཁན་ཀྲོའུ་ཆེ་གེ་མོར་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད་པ་རེད། 

  • ཀྲུང་གོ་ཚན་རིག་ཁང་ཉེ་རབས་དངོས་ཁམས་ཞིབ་འཇུག་སུའོ་ཡིས་འདས་བརྡ་ཁྱབ་བསྒྲགས་བྱས་དོན། རང་རྒྱལ་གྱི་ཉིང་རྡུལ་དངོས་ཁམས་རིག་པ་མཁས་ཅན་དང་ཡོན་ཧྲི་ཝུའེ་པའོ་ཝུན་ནད་ཀྱིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེས17ཉིན་ལན་ཀྲོའུ་རུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ91ཡིན་པ་རེད། 

  • ནང་སོག་པའོ་ཐོའུ་གྲོང་ཁྱེར་གྱི་ཤིང་ལེབ་རྒྱུ་ཆ་བཟོ་གྲྭ་ཞིག་ཚེས18ཉིན་འབར་གས་དོན་རྐྱེན་ཐོན་ནས། ཉིན་དེའི17:30བར་མི2རྐྱེན་ལམ་དུ་ཤོར་བ་དང་མི5འབྲེལ་བ་ཆད་པ་དང་། གཞན་ཡང་མི66སྨན་ཁང་དུ་བསྐྱལ་བའི་ནང་མི3གྱི་རྨས་ལྕི་པོ་ཡོད་པ་རེད། 

5359ef352905e1124c9d9370173ff0e1.jpg

  • ཚེས18ཉིན“སྐར་འོད་གཉིས་འཚེར་བ—སན་ཤིན་ཏུའེ—ཅིན་ཧྲ་གནའ་ཤུལ་གྱི་གནའ་བོའི་ཧྲུའུ་ཡི་ཤེས་དཔལ་འགྲེམས་སྟོན”དེ་ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་དུ་སྤེལ་བ་རེད། 

  • ཆིང་ལན་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས18ནས19ཉིན་བར་ཉིན་རེར14:50ནས16:50བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱས་ནས་བསྐྱོད་མི་ཆོག་པའི་ཐ་ཚིག་བསྒྲགས་པ་རེད། 

    སྲིད་ཇུས།

  • ཚེས19ཉིན་ནས་བཟུང་། ལྕགས་ལམ་གྱི12306ལས་སྟེགས་ཀྱིས་འགྲུལ་པས་ཉོ་སྒྲུབ་བྱེད་ནོར་ཤོར་ནས་དུས་བཀག་ནང་རིན་མེད་ངང་སྤ་སེ་ཕྱིར་སློག་གི་ཞབས་ཞུ་བཏོན་པ་རེད། 

  • སི་ཁྲོན་གྱིས་ཚད་གཞི་དཔར་འགྲེམ་བྱས་ནས་ཞིང་ཆེན་དཔེ་མཛོད་ཁང་ལ་གཟའ་འཁོར་རེར་སྒོ་ཕྱེ་བའི་དུས་ཚོད་ཆུ་ཚོད70ལས་མི་ཉུང་བ་དང་གྲོང་ཁྱེར(ཁུལ)དཔེ་མཛོད་ཁང་ལ་ཆུ་ཚོད63ལས་མི་ཉུང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

  • ཨན་ཧུའེ་ཡིས་བྱ་ཐབས་དཔར་འགྲེམ་བྱས་ནས་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལག་རྩལ་བཟོ་པའི་སློབ་གླིང་ལ་ལས་ཞུགས་ཁ་གསབ་མ་དངུལ་ཁྲོད་ནས་མི་རེར་ཆ་སྙོམས་སྒོར1000གི་ཚད་གཞི་ལྟར་ཁ་གསབ་སྤྲད་པ་རེད། 

དེ་རིང་གི་གནམ་གཤིས། 

7b83c0c2af772b4b418a79274b5e25bc.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་དབུས་ནུབ་རྒྱུད། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་བྱང་རྒྱུད་དང་ནུབ་རྒྱུད། མཚོ་སྔོན་ཤར་ལྷོའི་རྒྱུད་དང་ནུབ་རྒྱུད། ཀན་སུའུ་རྨ་ནུབ་ས་ཁུལ། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཧྭ་བྱང་ལྷོ་རྒྱུད། ཧོང་ཧུའེ། ཅང་ཧོའེ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། ཅང་ཧན་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད་དང་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་ཤར་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་འབབ་རྒྱུ་རེད། 


མཉམ་སྤྱོད།