དེ་རིང་ནི2026ལོའི་ཟླ01པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-20 09:18:40   |   37

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • 2025ལོར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི140ཡི་སྐས་རིམ་གསར་པར་ཐོག་མར་སླེབས་པ་དང་། འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་གོང་མ་ལས5.0%འཕར་ཡོད།

  • 2025ལོར་རྒྱལ་ཡོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར43377ཡིན་པ་དེ་ལོ་གོང་མ་ལས་མིང་ཐོག་ནས5.0%འཕར་བ་དང་། རིན་གོང་གི་རྒྱུ་རྐྱེན་ཕུད་ན་དངོས་སུ་འཕར་ཚད5.0ཡིན།

  • གྲངས་གཞི་ལས་མངོན་པ་ལྟར་ན། 2025ལོར་རྒྱལ་ཡོངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས98.23%ཡིན་ཞིང་། ལོ6བསྟུད་མར98%ཡན་རྒྱུན་འཁྱོངས་ཐུབ་ནས། “དུས་བདེ”དེ་རང་རྒྱལ་གྱི་བཀྲག་མདངས་འཚེར་བའི་རྒྱལ་ཁབ་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད།

  • སློབ་གསོ་པུ་སོགས་སྡེ་ཁག7གྱིས་ཡིག་ཆ་བཀྲམ་ནས་དམངས་ཡོངས་ཀྱི་སྐད་ཡིག་རིག་གནས་བྱང་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། སློབ་གྲྭ་འབྲིང་ཆུང་གིས་སྤྱི་སྐད་དང་ཚད་ལྡན་རྒྱ་ཡིག་འབྲི་བའི་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

  • ཚེས19ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་དངུལ་བུན་བསྐྱར་མ་དང་བསྐྱར་དུ་སྐྱེད་ཀ་བརྒྱ་ཆའི་གྲངས0.25དམའ་རུ་བཏང་བ་དང་ལོ་འདིའི་ནང་གྲུབ་ཆའི་རང་བཞིན་གྱི་སྐྱེད་ཀ་ཐོག་མར་དོན་འཁྱོལ་བྱས་པ་རེད།

  • ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་རྐྱེན་སྲོལ་གཞུང་ལས་ཁང་དང་ཀྲུང་དབྱང་སྒྲིག་ཨུ་གཞུང་ལས་ཐིང་གིས་ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་དཔེ་མཚོན་གནད་དོན3ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་རེད།

b1586b7e59535ae801912f9d34de103d.jpg

  • ལྷ་གྲུ་རྟགས་ཅན་ཉི་ཤུ་པའི་འཕུར་གྲུ་ཚེས19ཉིན་བདེ་འཇགས་ངང་ཤར་རླུང་སྐམ་སར་འབུད་ཐང་དུ་བདེ་བླག་ངང་ཕྱིར་ལོག་པ་དང་། དེ་ནས་བཟུང་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་བར་སྣང་འཕྲལ་སྡོམ་བྱ་སྤྱོད་ཀྱི་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

42afd6bd933e199e47be7b33a2683ca1.jpg

  • ཚེས19ཉིན་གྱི15:48སྟེང་། རང་རྒྱལ་གྱིས་ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་བཅུ་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་སྲུང་སྐར་སྦྲེལ་དྲའི་འཁོར་ལམ་དམའ་བའི་ཚོ་ཆུང19ཡི་སྲུང་སྐར་འཕེན་གཏོང་བྱས།

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིའི་ཁེ་ལས་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“གོ་སྐབས་གསལ་ཐོ”དམ་འཛིན་བྱས་ནས། དུང་ཕྱུར་ཁྲི་རིམ་པའི་ཁྲོམ་རའི་རིམ་འདས་ཁེ་ཕན་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།

  • ཚེས19ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི《འཛམ་གླིང་དཔལ་འབྱོར་གྱི་རྒྱང་ལྟའི་སྙན་ཞུའི》ནང་དོན་གསར་སྒྱུར་བྱས་ནས། 2026ལོའི་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག་མཐོ་རུ་བཏང་བ་རེད།

སྤྱི་ཚོགས།

4639e858874f7c5f4e3a621a726489b6.jpg

  • 2026ལོའི་ཐེངས་དང་པོའི་གྲང་རླབས་ཀྱིས་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། དེ་རིང་ཁྲུང་ཆིང་དང་ཀུའེ་ཀྲོའུ། ཀོང་ཞི་བྱང་རྒྱུད། ཧུའུ་ནན། ཅང་ཞི། ཀྲེ་ཅང་བཅས་ས་ཁུལ་དུ་དྲོད་ཚད་ཤུགས་ཆེན་ཆག་པའི་ལྟེ་གནས་སུ་འགྱུར་རྒྱུ་དང་། འབྲི་ཆུའི་དབུས་སྨད་རྒྱུད་ཀྱི་དྲོད་ཚད་ཆེས་མཐོ་ཤོས0°Cཡས་མས་ཙམ་ཡིན།

  • རྒྱལ་ཁབ་བར་སྣང་གནམ་གཤིས་རྟོག་འཇལ་སྔོན་བརྡ་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་ཚེས19ཉིན་གྱི2:9ཡས་མས་སུ་ཉི་མར་རིམ་པXཡི་ཁྲ་ཐིག་ཆེན་པོ་ཐོན་ཡོད། དེའི་ཤུགས་རྐྱེན་ཐེབས་ནས་ཚེས20ནས21ཉིན་བར་ས་སྡུད་འགུལ་སྐྱོད་ཅུང་ཆེན་པོ་འབྱུང་སྲིད།

  • དམངས་སྤྱོད་མཁའ་འགྲུལ་ཅུས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རྒྱལ་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི9500ལ་སླེབས་རྒྱུ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི238ཡིན་ཞིང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་རྒྱུ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་པའོ་ཀང་པང་ལེབ་རྒྱུ་ཆ་བཟོ་གྲྭའི་འབར་གས་དོན་རྐྱེན་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུའི་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱ་རྒྱུའི་ཐག་བཅད་པ་རེད།

  • ཉེ་དུས་ཁྲིམས་འགལ་བས12308ཡི་ཁེ་སྐྱོང་སྲུང་སྐྱོབ་ཀྱི་ཐད་སྦྲེལ་ཁ་པར་རྫུན་མ་སྤྱད་དེ་མགོ་སྐོར་གཏོང་བ་དང་། ཕྱི་འབྲེལ་པུའི་ཁེ་སྐྱོང་སྲུང་སྐྱོབ་ལྟེ་གནས་ཀྱིས་ཐད་སྦྲེལ་ཁ་པར་གྱིས་རང་འགུལ་ངང་སྤྱི་དམངས་ཀྱི་ཁ་པར་རྒྱག་མི་སྲིད་པས་མགོ་སྐོར་འོག་ཚུད་རྒྱུར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

  • 2025ལོར་ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་ནང་སའི་གྲོང་ཁྱེར9ཡི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི9.15ལ་སླེབས་ནས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ལ་འཕར་ཚད1/4ལས་བརྒལ་བའི་བྱས་རྗེས་བཞག་ཡོད།

  • ཚེས19ཉིན་གྱི19:32སྟེང་། ཡུན་ནན་ཀྲའོ་ཐུང་གྲོང་ཁྱེར་ཆའོ་ཅ་རྫོང་དུ་ས་ཡོམ་རིམ་པ5.1བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ10ཡིན།

  • ཀྲེ་ཅང་ཧྲའོ་ཞིང་ཉེན་རྟོག་ཕྱོགས་ཀྱིསDNAལག་རྩལ་ཆེས་གསར་ཤོས་སྤྱད་དེ། ལོ29ཡི་གོང་གི་དམར་གསོད་གྱོད་གཞི་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་སུན་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད།

640.gif

  • སྐབས32པའི་ཙི་ཀུང་རྒྱལ་སྤྱིའི་ཁུང་འབྲུག་གློག་སྒྲོན་ཚོགས་འདུ་ཚེས23ཉིན་མགོ་བརྩམ་རྒྱུ་རེད། སྐབས་འདིའི་གློག་སྒྲོན་ཚོགས་འདུའི་ཐོག་ཚོན་ཁྲ་ཅན་གྱི་གློག་སྒྲོན་དང་ཚོན་རྒྱག་པ། ཤོག་དྲས་འདྲ་གཟུགས་སོགས་སྲོལ་རྒྱུན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་དང་ལྷ་སྒྲུང་ལོ་རྒྱུས་སྙན་ངག ལོ་རྒྱུས་ཀྱི་གཏམ་རྒྱུད་བཅས་གསར་གཏོད་རང་བཞིན་གྱིས་མཉམ་འདྲེས་བྱས་ཡོད།

1e208b9cbf4ae64aa12ae07f1409ad67.jpg

  • ཁེ་ལ3563ཡོད་པའི་སྐར་མ་སྨུག་པོའི་ཕ་ལམ་སྔོན་པོ་ཞིག་ཉིན་ཤས་གོང་སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོ་རུ་ཡོངས་བསྒྲགས་ངང་འགྲེམས་སྟོན་བྱས་པ་དང་ལྗིད་ཚད་ནི་ཕ་ལམ་རིགས་གཅིག་པའི་ཆེས་མཐོ་ཤོས་རེད་ཅེས་བརྗོད་ཀྱི་ཡོད།

    སྲིད་ཇུས།

  • ཀྲུང་ལུགས་གསོ་རིག་གི་གཟུགས་གཞི་རིགས་དབྱེ་དང་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མར་བཟོས་ནས་ཁྱབ་བསྒྲགས་བྱས་ཏེ། ནད་མེད་སྨན་བཅོས་ལྟེ་གནས་དང་གཟུགས་པོར་བརྟག་དཔྱད་སྒྲིག་གཞི། གཞི་རིམ་སྨན་བཅོས་སོགས་ལ་ཁྲུན་ཐག་གཅོད་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

  • 《པེ་ཅིང་གྲོང་ཁྱེར་གྱི་འཕྲུལ་མིའི་ཆེད་ལས་གོ་མིང་གདེང་འཇོག་ཚོད་ལྟའི་བྱ་ཐབས》ཁྱབ་བསྒྲགས་བྱས་ནས། འཕྲུལ་མིའི་ཆེད་ལས་ལག་རྩལ་ཤེས་ལྡན་པ་འཚར་ལོངས་ཡོང་རྒྱུར་རིམ་སྤོར་མཛུབ་ཁྲིད་བྱས་ཡོད།

  • ཁྲུང་ཆིང་གིས་སློབ་གྲྭ་འབྲིང་ཆུང་དུ་དཔྱིད་སྟོན་གུང་གསེང་འཚོལ་ཞིབ་དང་ལག་བསྟར་བྱེད་རྩིས་ཡོད་པ་དང་། རྩ་དོན་ཐོག་ཟླ5པ་དང་ཟླ11པར་བཀོད་སྒྲིག་བྱ་རྒྱུ་དང་། ཐེངས་རེར་ཉིན2-3བར་བཀོད་སྒྲིག་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

ef97953c47b5f9893f1506fa9cc2e59f.jpg


  • ཧོང་ཧོའེ་ནུབ་རྒྱུད་དང་ལྷོ་རྒྱུད། ཅང་ཧའེ། ཅང་ཧན །འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཧྲན་ཞིའི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཅིང་། དེའི་ནང་ཧོ་ནན་ལྷོ་རྒྱུད་དང་ཨན་ཧུའེ་དབུས་བྱང་རྒྱུད། ཧུའུ་པེ། ཧུའུ་ནན་བྱང་རྒྱུད། ཅང་ཞིའི་ནུབ་བྱང་རྒྱུད། ཁྲུང་ཆིང་ཤར་རྒྱུད་སོགས་སུ་ངས་ཆེན་འབབ་པ་དང་། ཀུའེ་ཀྲོའུ་ཡི་ཤར་རྒྱུད་དང་། ཧུའུ་ནན་གྱི་ནུབ་རྒྱུད་དང་དབུས་བྱང་རྒྱུད། ཁྲུང་ཆིང་གི་ཤར་ལྷོའི་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཨན་ཧུའེ་ལྷོ་རྒྱུད། ཅང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་འཁྱགས་ཆར་དང་འཁྱགས་རིལ་ཡོད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་རྒྱུད་དང་ལྷོ་ནུབ་རྒྱུད། སི་ཁྲོན་གཤོང་ས། ཁྲུང་ཆིང་དབུས་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།