དེ་རིང་ནི2026ལོའི་ཟླ01པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-21 08:44:01   |   144

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

a80606d084d9bdc0d3b0d09c24cf5468.jpg

  • ཞིང་ཆེན་དང་པུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས20ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དུ་སློབ་མགོ་བརྩམས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་། 

  • ཟླ་དང་པོའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་སི་ཐན-ཨར་ཧྲང་རེ·ཐུའུ་ཝ་ཏེ་ལ་གློག་འཕྲིན་བཏང་ནས་ཁོང་མུ་མཐུད་དུ་ཀྲུང་ཧྥེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས། 

  • ཟླ1ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་གྱི་མྱུར་བགྲོད་མེ་འཁོར་ལྕགས་ལམ་ནས་ཁ་བྲལ་ཏེ་རྡུང་ཁ་ཤོར་བའི་ལས་འཛོལ་ཐད་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པར་འཚམས་འདྲིའི་གློག་འཕྲིན་བཏང་། 

  • ཟླ1པའི་ཚེས20ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས། 

  • ཚེས20ཉིན། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་ཨང3པ་ཁྱབ་བསྒྲགས་བྱས་ཏེ། 《ལྟ་ཞིབ་བྱ་བའི་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། 2026ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

  • མི་སྒེར་གྱི་འཛད་སྤྱོད་དངུལ་བུན་གྱི་ནོར་སྲིད་སྐྱེད་གསབ་སྲིད་ཇུས་ལག་བསྟར་བྱེད་ཡུན2026ལོའི་ལོ་མཇུག་བར་རིང་དུ་བཏང་བ་དང་། དེའི་ནང་ཡིད་རྟོན་བྱང་བུའི་རྩིས་ཁྲའི་དུས་བགོས་ལས་སྒོ་རྒྱབ་སྐྱོར་བྱེད་ཁོངས་སུ་བཅུག་ནས་ལོ་རེའི་སྐྱེད་གསབ་བསྡུར་ཚད་བརྒྱ་ཆའི་གཞི་གྲངས1ཡིན། 

  • ནོར་སྲིད་པུ་སོགས་སྡེ་ཁག་བཞིས་བརྡ་ཐོ་བཏང་ནས་རྒྱལ་ཁབ་ཀྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ཐེབས་རྩ་བརྒྱུད་ཆེད་དོན་ཁག་ཐེག་འཆར་གཞི་བཟོས་ཏེ། ཆ་རྐྱེན་དང་མཐུན་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དམངས་ཁྲོད་མ་འཇོག་དངུལ་བུན་ལ་ཁག་ཐེག་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 

  • 2025ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི1267གསར་དུ་ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་ཆ་སྙོམས་རིན་ཐང5.2%ཡིན་ལ། ལས་ཞུགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད། 

  • ཚེས20ཉིན་རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུས《གཤགས་བཅོས་དང་སྨན་བཅོས་རམ་འདེགས་བཀོལ་སྤྱོད་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་འཛུགས་པའི་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》དཔར་འགྲེམ་བྱས་ནས། 3Dཔར་འདེབས་དང་། འཕྲུལ་ཆས་དཔུང་བ་དང་རྒྱང་ཁྲིད་གཤགས་བཅོས་སོགས་སྨན་བཅོས་ཚན་རྩལ་གསར་གཏོད་གྲུབ་འབྲས་ལ་དམིགས་ནས། གཅིག་གྱུར་རིན་གོང་རྣམ་གྲངས་བཙུགས་པ་རེད། 

  • ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་གྱི་ཀྲུང་གོའི་ཟ་ཁང་ཞིག་གི་ཉེ་འགྲམ་དུ་ཚེས19ཉིན་འབར་གས་བྱུང་ནས་མི་མང་པོ་ཤི་རྨས་བྱུང་བ་དང་། ཀྲུང་གོའི་སྤྱི་དམངས་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་ལྔ་ལ་རྨས་སྐྱོན་ཕོག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ལ་ཛ་དྲག་གི་འབྲེལ་གཏུག་བྱས་ཡོད། 

    སྤྱི་ཚོགས།

f0c93dce443209ae1867837c02396edf.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་ནས་སྔོན་དཔག་བྱས་ན། དེ་རིང་ཀུའེ་ཀྲོའུ་དང་ཧུའུ་ནན། ཀོང་ཞི། ཀོང་ཏུང་། ཡུན་ནན། ཅང་ཞི། ཧྥུའུ་ཅན་སོགས་ས་ཁུལ་ཁག་གཅིག་ཏུ་འཁྱགས་ཆར་དང་སེར་བ་ཡོད་པ་རེད། 

  • ཚེས20ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སྒོར85སྤར་ཡོད། རྒྱལ་ཡོངས་ཀྱི་ཆ་སྙོམས་ནས་བལྟས་ན། རླངས་སྣུམ་ཨང92པ་དང་། རླངས་སྣུམ་ཨང95པ། ཁྲའེ་སྣུམ་ཨང0པ་བཅས་སོ་སོར་ཧྲེང་རེར་སྒོར0.07སྤར་ཡོད། 

  • དེ་སྔའི་ཀྲུང་དབྱང་ཆོས་ལོག་གནད་དོན་དོགས་ཟོན་དང་ཐག་གཅོད་མགོ་ཁྲིད་ཚན་སྐོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལོག་གནད་དོན་འགོག་ཟོན་དང་ཐག་གཅོད་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀའོ་དབྱི་ཁྲེན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་ནས་ཕྱིར་འབུད་བྱས་པ་རེད། 

  • ཧའེ་ནན་ཞིང་ཆེན་སྒྲིག་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཁྲེན་ཞའོ་པོ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཁྲེན་ཞའོ་པོ་ལ་དུས་བཀག་བཙོན་འཇུག་ལོ་བཅུ་གཉིས་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། 

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཉེ་ཆར་ཟླ་བའི་ལྷ་མོ་ཨང་དྲུག་པ་རྟགས་ཅན་གྱི་ཟླ་བའི་ས་གཤིས་དངོས་དཔེ་ལ་མ་ལག་ལྡན་པའི་དབྱེ་ཞིབ་བྱས་པ་བརྒྱུད། རྒྱལ་སྤྱིའི་ཐོག་རང་བྱུང་གྲུབ་པའི་ལྡེབས་རྐྱང་པའི་ཐཱན་ནཱ་སྨི་སྦུ་གུ་དང་རྡོ་སྣག་ཐཱན་ཐོག་མར་ཤེས་རྟོགས་བྱུང་བ་དང་འབྲེལ་གཏན་འཁེལ་བྱས་པ་རེད། 

  • 2028ལོའི་ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་དུས་འཁོར་གྱི་རྒྱལ་ཁབ་ཕིང་ཕང་སྤོ་ལོའི་རུ་ཁག་གི་རྩལ་ཁྲིད་པ་འགྲན་རྩོད་གདན་ཞུའི་འབྲས་བུ་ཡོངས་བསྒྲགས་བྱེད་ཡུན་ལོངས་ཤིང་། ཀྲུང་གོའི་ཕིང་ཕང་སྤོ་ལོའི་མཐུན་ཚོགས་ཀྱིས་མིག་སྔར་རྒྱལ་ཁབ་རུ་ཁག་དང་རྒྱལ་ཁབ་གཞོན་ནུ་རུ་ཁག་གི་རྩལ་འཁྲིད་པའི་མིང་ཐོ་དངོས་སུ་གཏན་འཁེལ་བྱས་པ་རེད། 

  • “ཆིང་ཧྭའི་ཁྲམ་བྱང”ནང་རྟ་དང་འབྲེལ་བ་ཡོད་པའི་ཁྲམ་བྱང་གསར་པ5ལེགས་སྒྲིག་བྱས་ཡོད་ཅིང་། དེ་ནི་མིག་སྔར་ཀྲུང་གོའི་ཆེས་སྔ་བའི་རྒྱུད་རིམ་ལྡན་པའི་སྒོ་ནས་རྟ་དང་རྟ་གསོ་བ། རྟ་འདུལ་བ། རྟ་ཁ་ལོ་སྒྱུར་བ་བཅས་ཀྱི་ཡིག་རིགས་ཀྱི་དཔྱད་གཞི་ཞིག་ཡིན། 

f81ad435a322a7479c5c20f123f67d12.jpg

  • ལྗར་པན་ཐོ་ཁེའོ་ཡི་ཧྲང་ཡེ་སྲོག་ཆགས་གླིང་དུ་གནས་སྡོད་བྱེད་པའི་དོམ་ཁྲ“ཞའོ་ཞའོ”དང“ལེ་ལེ”ཚེས27ཉིན་སྲོག་ཆགས་གླིང་ནས་ཁ་བྲལ་ཏེ་མཁའ་ཐོག་ནས་ཀྲུང་གོར་ཕྱིར་ལོག་རྒྱུ་རེད། 

  • པའོ་ངར་ལྕགས་ལེབ་མོ་བཟོ་གྲྭའི་འབར་གས་དོན་རྐྱེན་ནང་མི་དགུ་རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱས་པ་དང་འབྲེལ་ཆད་མི་སྣ་གཅིག་གཏན་འཁེལ་བྱེད་བཞིན་ཡོད་པ་རེད། 

640.gif

  • ཉེ་ཆར་ཁྲེང་ཏུའུ་ཡི་ཕྱི་འཚོང་པ་ཐང་ཆིས་ཟ་མ་སྐྱེལ་བའི་ལམ་བར་དུ་ཉེ་འགྲམ་གྱི་བུད་མེད་ཞིག་གཙང་པོའི་ནང་ལྡིང་བ་མཐོང་། ཁོ་ཐེངས་གཉིས་ལ་ཆུ་ནང་དུ་སོང་ཞིང་། མཐར་མེ་ཟོན་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ཆུ་ནང་ལྷུང་བའི་མི་སྐྱོབ་ཐུབ་པ་བྱུང་ཡོད། 

    སྲིད་ཇུས།

  • ཐེན་ཅིན་གྱིས་བྱ་དགའ་ཐོབ་པ་དང་བྱས་རྗེས་བཞག་པ། བྱས་རྗེས་ཆེན་པོ་བཞག་པ་བཅས་ཀྱི་བྱ་གཞག་ཚན་པའི་ལས་དོན་མི་སྣར་ཐེངས་གཅིག་རང་བཞིན་གྱི་བྱ་དགའི་དངུལ་སྤྲོད་རྒྱུ་དང་། བྱ་དགའི་དངུལ་གྱི་ཚད་གཞི་ནི་་དགའ་ཐོབ་པར་སྒོར1500དང་། བྱས་རྗེས་བཞག་པར5000དང་། བྱས་རྗེས་ཆེན་པོ་བཞག་པར་སྒོར12000བཅས་ཡིན་པ་ཁ་གསལ་བཏོན་ཡོད། 

  • ནང་སོག་གིས་བརྡ་ཐོ་བཏང་ནས་ཀྲུང་ལུགས་གསོ་རིག(སོག་སྨན་བཅོས)ལ་འཚམ་པའི་ལག་རྩལ་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས100%ཡི་ཡུལ་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་ཀྲུང་ལུགས་གསོ་རིག་གི(སོག་སྨན་བཅོས)ལ་འཚམ་པའི་ལག་རྩལ་ཁག15ཡན་སྤེལ་ཐུབ་རྒྱུ་རེད། 

  • ཀུའེ་ཀྲོའུ་ཡིས་རྫོང(གྲོང་ཁྱེར་དང་ཆུས། དམིགས་བསལ་ཁུལ)བཅས་ཀྱི་འཕྲོད་བསྟེན་བདེ་ཐང(ནད་ཡམས་འགོག་སྡོམ)སྡེ་ཁག་གིས་ཁོངས་གཏོགས་ནང་གི་ཁྱི་སྨྱོན་ནད་སྔོན་འགོག་ཐག་གཅོད་ནང་ཞུགས་པའི་སྨན་དོན་མི་སྣ་ཚང་མར་ལོ་ལྟར་ཉུང་མཐར་ཡང་ཁྱི་སྨྱོན་ནད་སྔོན་འགོག་ཐག་གཅོད་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་གསོ་སྦྱོང་ཐེངས་རེ་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 

    དེ་རིང་གི་གནམ་གཤིས།

3b2ce6c56a7469578f78190d64b50c8c.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་དབུས་ཤར་རྒྱུད། ཤིན་ཅང་གི་ཐེན་ཧྲན་ས་ཁུལ། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཧུའུ་པེའི་ལྷོ་རྒྱུད་དང་ནུབ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད། ཀུའེ་ཀྲོའུ་དང་ཧུའུ་ནན་དབུས་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་འཁྱགས་ཆར་འབབ་པ་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་སི་ཁྲོན་གཤོངས་ས། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཅང་ཞིའི་དབུས་ལྷོ་རྒྱུད། ཧྥུའུ་ཅན་གྱི་དབུས་ནུབ་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་འབབ་རྒྱུ་རེད། 


མཉམ་སྤྱོད།