དེ་རིང་ནི2026ལོའི་ཟླ01པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-22 09:18:05   |   60

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

019e1c546ff421000e9fcd1bd31aeac0.jpg

  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་ཁྲེན་ཏུང་ལ“རིམ་པ་དང་པོའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་། ཁྲེན་ཀྲུང་རུའེ་དང་ཝང་ཅེ་ལ“འཇིག་རྟེན་འཕུར་སྐྱོད་པ”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་མ་ཟད། “རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”ཀྱང་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། 

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་རང་རྒྱལ་གྱི་མི་ཐབས་རིག་ནུས་ཀྱི་ལྟེ་བའི་ཐོན་ལས་གཞི་ཁྱོན་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི1.2ལས་བརྒལ་བ་དང་། རིམ་རྩིས་བྱས་ན་མིའི་གཟུགས་འཕྲུལ་མིའི་ཐོན་རྫས330ལྷག་ཙམ་ཡོངས་བསྒྲགས་བྱས་ཡོད། 

  • ཞིང་ལས་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ཞིང་ལས་སྐྱེ་དངོས་རང་བརྟེན་འདེམས་གསོའི་སོན་རིགས་ཀྱིས95%ཡན་བཟུང་བ་དང་། སྒོ་ཕྱུགས་དང་ཆུའི་ཐོན་ཐོན་རྫས་རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་སོན་ཁུངས་ཁྲོམ་ར་བཟུང་ཚད་སོ་སོར80%དང86%ལས་བརྒལ་བ། “སྐེ་འགག”གི་གནད་དོན་རྒྱུན་མཐུད་ངང་ཐག་གཅོད་བྱས་པ། “ཀྲུང་གོའི་འབྲུ་རིགས”གཙོ་བོར“ཀྲུང་གོའི་སོན་རིགས”སྤྱོད་ཀྱི་ཡོད། 

  • སྐྱེ་ཁམས་ཁོར་ཡུག་པུས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྔོན་སྐྱོད་ཁུལ་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཀྲེ་ཅང་ཨན་ཅི་སོགས་རྫོང(གྲོང་ཁྱེར་དང་ཆུས)23བདམས་ཐོན་བྱུང་ཡོད།

  • 2026ལོའི་དཔྱིད་གསར་སྐྱེལ་འདྲེན་དེ་ཟླ2ཚེས2ཉིན་ནས་མགོ་བརྩམས་ཏེ་ཟླ3ཚེས13ཉིན་མཇུག་འགྲིལ་རྒྱུ་དང་ཁྱོན་ཉིན40ཡིན་པ་རེད། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་དང་། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་བྱེད་ཚད་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རེ་ཡོད་པ་རེད། 

  • 2025ལོའི་ཟླ1པོ་ནས་ཟླ11པའི་བར། ཞིབ་དཔྱོད་ལས་ཁུངས་ཀྱིས་ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་ཉེས་གསོག་མཁན1067ཁྲིམས་སྦྱོར་བྱས་པ་དང་། གླ་ཆ་འགྱངས་ཆད་སྒོར་དུང་ཕྱུར2.1བདའ་འདེད་བྱས་ཡོད། 

  • ལྕགས་ལམ་སྡེ་ཁག་གིས་རྒན་པ་འགྲུལ་པའི་ཁ་པར་ཐོག་ནས་སྤ་སེ་ཉོ་བའི་ཞབས་ཞུ་བཏོན་པ་དང་། མེ་འཁོར་ནང་སྡོད་པའི་དུས་ཚོད་ནི་ཟླ2ཚེས2ཉིན་དང་དེ་རྗེས་ཀྱི་སྔོན་འཚོང་དུས་ཚོད་ནང་རླངས་འཁོར་མ་བཏང་གོང་གི་ཉིན་གསུམ་དང་དེ་ཡན་གྱི་རྒན་པ་འགྲུལ་པའི་མེ་འཁོར་སྤ་སེ་ཉོ་ན། འགྲུལ་པས་ལྕགས་ལམ12306འགྲུལ་པའི་ཞབས་ཞུའི་ཁ་པར་བརྒྱབ་ནས་སྤ་སེ་ཉོ་ཆོག་པ་མ་ཟད། དྲ་ཐོག་གམ་ཡང་ན་དྲ་ཕྱིའི་རྣམ་པའི་ཐོག་ནས་སྤ་སེའི་དངུལ་སྤྲོད་ཆོག་གི་ཡོད་པ་རེད། 

  • ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཏེན་མག་རང་སྐྱོང་མངའ་ཁོངས་ཀེ་ལིན་ལན་གླིང་ཕྲན་ཉོ་བ་དང་ཐ་ན་དྲག་ཤུགས་ལ་བརྟེན་ནས་ཀེ་ལིན་ལན་གླིང་ཕྲན་འཕྲོག་པའི་སྐོར་གྱི་བཤད་ཚུལ་ལ་དམིགས་ཏེ། ཏེན་མག་གི་དབུ་བཞུགས་བློན་ཆེན་ཧྥུའུ་ལེ་ཙེ་ལི་ཁེ་སེན་གྱིས་ཏེན་མག་གིས་བདག་དབང་དང་མཐའ་མཚམས་སོགས་ཀྱི་གནད་དོན་ཐད་གྲོས་མོལ་བྱེད་མི་སྲིད་ཅེས་བཤད་པ་རེད། 

  • ས་གནས་དེ་གའི་དུས་ཚོད་ཚེས21ཉིན་ལྗར་པན་གྱི་དེ་སྔའི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལྐོག་གསོད་ཕོག་པའི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཧྲན་ཧྲང་ཁྲེ་ཡེ་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་པ་རེད། 

  • ཚེས21ཉིན་ལྷོ་ཁོ་རེ་ཡའི་དེ་སྔའི་རྒྱལ་དོན་ཙུང་ལི་ཧན་ཏེ་ཀྲུའུ་ཡིས་ནང་འཁྲུག་ལ་གཞོགས་འདེགས་བྱེད་པ་སོགས་ཉེས་མིང་གི་དབང་གིས་འདྲི་གཅོད་དང་པོར་དུས་བཀག་བཙོན་འཇུག་ལོ23བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། 

    སྤྱི་ཚོགས།

665cf92083a5dfbe3af1c66196369843.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་འཁྱགས་རོམ་གྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ཀུའེ་ཀྲོའུ་ཡི་དབུས་ལྷོ་རྒྱུད་དང་ཧུའུ་ནན་ལྷོ་རྒྱུད། ཀོང་ཞི་བྱང་རྒྱུད། ཀོང་ཏུང་གི་ནུབ་བྱང་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། གཙང་པོའི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་འཁྱགས་ཆར་དང་སེར་བ་ཡོད་པ་རེད། 

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ཟླ12པའི་ཟླ་མཇུག་བར། རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྒྲིག་བཀོད་ཀྱི་གྲངས་འབོར་ཁྲི2000ལས་བརྒལ་ནས་གོ་ལ་ཧྲིལ་པོའི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་དྲ་རྒྱ་ཆེས་ཆེ་ཤོས་བསྐྲུན་ཡོད་པ་རེད། 

  • པེ་ཅིང་གྲོང་ཁྱེར་བསྡོམས་རྩིས་ཅུས་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2025ལོར་པེ་ཅིང་གིGDPསྒོར་དུང་ཕྱུར་ཁྲི5ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་ཧྲང་ཧའེ་རྗེས་ཀྱི་རང་རྒྱལ་གྱི་དཔལ་འབྱོར་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི5ལས་བརྒལ་བའི་གྲོང་ཁྱེར་གཉིས་པར་གྱུར་ཡོད་པ་རེད། 

  • ཚེས21ཉིན། ཧྲང་ཧའེ་གྲོང་ཁྱེར་ཁྲལ་དོན་སྡེ་ཁག་གིས་ཁྲིམས་ལྟར“ཕིན་ཏའོ་ཏའོ”ལ་ཆད་པ་བཅད་པ་རེད། 

  • ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་དངུལ་ཁང་གི་མགོ་འཛིན་གཞོན་པ་ཀྲང་ཀེང་ཧྲེང་གིས་ལྐོག་རྔན་བླངས་པ་དང་ཁྲིམས་འགལ་ངང་དངུལ་བུན་བཏང་བའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཀྲང་ཀེང་ཧྲེང་ལ་དུས་བཀག་བཙོན་འཇུག་ལོ་བཅོ་བརྒྱད་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། 

  • ཨན་ཧུའེ་ཡིས་མིག་སྔར་ཨན་ཧུའེ་བྱང་རྒྱུད་ས་ཁུལ་གྱི་མང་ཚོགས་ཀྱིས་ཆུ་འདྲེན་ལས་གྲྭ་ཕྱོགས་ཡོངས་ནས་བརྟན་པོའི་ངང་ཆུ་མཁོ་འདོན་བྱས་ཏེ། ཨན་ཧུའེ་བྱང་ཆིངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཁྲི3000ཡི་ས་འོག་གི་ཆུའི་ཆུ་མགོ་བརྗེ་རྒྱུ་མངོན་འགྱུར་བྱུང་ཡོད། 

  • ཚེས21ཉིན་བར། པའོ་ངར་ལྕགས་པང་ལེབ་རྒྱུ་ཆ་བཟོ་གྲྭའི་འབར་གས་དོན་རྐྱེན་གྱིས་མི10རྐྱེན་ལམ་དུ་ཤོར་བ་དང་། མི84ལ་རྨས་སྐྱོན་ཕོག་ཡོད་ལ། རྨས་མ་ཚང་མའི་ཚེ་སྲོག་ལུས་རྟགས་བརྟན་པོ་ཡོད་པ་རེད། 

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གནད་དོན་ཡོད་པའི་གློག་གསོག་ཆས་སྐྱོན་ཆ་ཚུར་བསྡུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས2025ལོར་སྒུལ་བདེའི་གློག་ཁུངས་ཐོན་སྐྱེད་ཁེ་ལས་ལ་ཚུར་བསྡུ་ཐེངས10བྱ་རྒྱུར་སྐུལ་འདེད་བཏང་བ་དང་། འབྲེལ་ཡོད་གྲངས་འབོར་ཁྱོན་ཁྲི139.77ཡོད་པ་རེད། 

  • བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2025ལོར་ཀྲུང་གོའི་གློག་བརྙན་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར8172.59ལ་སླེབས་པ་དང་། སྤ་སེ་བཙོང་ཚད་ཀྱི་སྐུལ་ཁྲིད་བཏགས་གྲངས1:15.77ཟིན་ནས་ཚང་མ་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད་པ་རེད། 

bd956e3d4459f82ecc19450e9a49c678.jpg

  • ཚེས21ཉིན་གྱི་ཐོ་རེངས་སུ། 2026ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིU23སྐྱེས་པའི་རྐང་རྩེད་སྤོ་ལོའི་ཨེ་ཤེ་ཡ་བུམ་པའི་རྟིང་རྩོད་ཕྱེད་ཀའི་ནང་ཀྲུང་གོའི་རུ་ཁག3:0ཡི་ཐོག་ནས་ཝེ་ཐེ་ནམ་གྱི་རུ་ཁག་ལས་རྣམ་པར་རྒྱལ་བ་དང་། ལོ་རྒྱུས་ཐོག་འགྲན་བསྡུར་དེའི་རྟིང་རྩོད་འགྲན་བསྡུར་ནང་ཐེངས་དང་པོ་ཚུད་པ་རེད། ཚེས24ཉིན་གྱི་དགོང་མོ་ཀྲུང་གོའི་རུ་ཁག་གིས་ལྗར་པན་རུ་ཁག་དང་སྐབས་འདིའིU23ཨེ་ཤེ་ཡ་བུམ་པའི་ཨང་དང་པོ་རྩོད་རྒྱུ་རེད། 

    སྲིད་ཇུས།

  • ཐེན་ཅིན་གྱིས་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་དུ་ལོ་གསུམ་ནས་དྲུག་བར་གྱི་བུ་བཅོལ་ཁང་དུ་ཡོད་པའི་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་བྱིས་པ་དང་། སྔོན་གཤེགས་དཔའ་བོའི་བུ་ཕྲུག དྭ་ཕྲུག་དང་དབང་པོ་སྐྱོན་ཅན་བྱིས་པ་བཅས་ལ་སློབ་ཞུགས་གོང་གི་སློབ་གསོའི་རོགས་དངུལ་སྤྲད་པ་དང་རྩ་དོན་ཐོག་སློབ་མ་རེར་ལོ་རེར་རོགས་དངུལ་སྒོར1500སྤྲོད་རྒྱུ་རེད། 

  • ཀོང་ཞིས་བརྡ་ཐོ་བཀྲམ་ནས2027ལོར་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ནང་ཞུགས་པ་ནས་བཟུང་། ཆ་རྐྱེན་འཛོམས་པའི་དབང་པོ་སྐྱོན་ཅན་ཚབས་ཆེན་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་གཞི་རྩའི་སྨན་བཅོས་གུན་སྐྱོབ་ནང་ཞུགས་པའི་མི་སྒེར་གྱིས་གྲོན་དངུལ་སྤྲོད་པའི་ཆ་ཤས་ལ་ཁ་གསབ་ཆ་ཚང་སྤྲོད་རྒྱུ་རེད། 

  • ཧུའུ་པེས་གློག་སྐས་བདེ་འཇགས་ལས་དོན་དེ་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་ཀྱི་ནང་དོན་ནང་བཅུག་ནས། ལས་ཀ་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ལས་འཛོལ་ཐོན་པར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། 

    དེ་རིང་གི་གནམ་གཤིས། 

a54a885c7bfa7036fca231846e149eb7.jpg

  • ཧེ་ལུང་ཅང་གི་ཤར་རྒྱུད་དང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཤར་ལྷོའི་རྒྱུད། ཧྲན་ཏུང་ཕྱེད་གླིང་། ཀུའེ་ཀྲོའུ་དབུས་ཤར་རྒྱུད། ཧུའུ་ནན་དབུས་ལྷོ་རྒྱུད། ཅང་ཞིའི་དབུས་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད་ལ། ཀུའེ་ཀྲོའུ་དབུས་ལྷོ་རྒྱུད་དང་ཧུའུ་ནན་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད། ཀོང་ཏུང་གི་ནུབ་བྱང་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། འབྲི་ཆུའི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་འཁྱགས་ཆར་ཡོད་ཅིང་། ཡུན་ནན་གྱི་ཤར་ལྷོའི་རྒྱུད་དང་ཀོང་ཞིའི་དབུས་ནུབ་རྒྱུད། ཧྥུའུ་ཅན་གྱི་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད། 


མཉམ་སྤྱོད།