དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-23 09:45:27   |   354

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་བཀའ་རྒྱར་མཚན་རྟགས་བཀོད་ནས། 《དམག་དོན་རིགས་པའི་གཞུང་ལུགས་ལས་དོན་སྲོལ་ཡིག》ཁྱབ་སྒྲོག་བྱས་པ་དང་།  2026ལོའི་ཟླ3ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

  • 2025ལོར་འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་ལོ་ལེགས་བྱུང་ནས་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར14298དང་། ཐོན་འཕར་རྒྱ་མ་དུང་ཕྱུར168ལ་སླེབས་ནས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

  • སློབ་གསོ་པུས་བརྡ་ཐོ་བཏང་ནས། 2026ལོའི་མཐོ་རྒྱུགས་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་དེ་ཟླ6ཚེས7དང8ཉིན་འཚོག་རྒྱུ་རེད། 

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུ་སོགས་སྡེ་ཁག9ཡིས་ཟླ་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ2026ལོའི་དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་ནས། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་མཐའ་སྐྱོང་རོགས་སྐྱོར་གཅིག་སྡུད་ཐོག་ཡག་པོ་བསྒྲུབ་རྒྱུ་རེད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་ལས་ཁང་གིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག་སྒྲིག་འཛུགས་བྱས་ནས། 《བཟའ་བཅའི་བདེ་འཇགས་ཀྱི་རྒྱལ་ཁབ་ཚད་གཞིའི་སྔོན་བཟོའི་ཚལ》དང《སྔོན་བཟོའི་ཚལ་གྱི་བརྡ་ཆད་དང་རིགས་དབྱེའི》འཆར་ཟིན་བཀོད་དེ། ཉེ་ཆར་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཡིན་པ་རེད། 

  • ཚོང་དོན་པུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཁག་དགུ་ཡིས་མཉམ་འབྲེལ་ཐོག《སྨན་རྫས་སིལ་འཚོང་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་སྒྲོག་བྱས་པ་རེད། 

  • དམངས་སྲིད་པུ་དང་ནོར་སྲིད་པུས་ཉེ་ཆར་བརྡ་ཐོ་བཏང་ནས་གཅིག་གྱུར་དཔྱད་དཔོག་བྱས་པ་བརྒྱུད། འབྲིང་རིམ་དང་ཚབས་ཆེ་བ། ནུས་པ་རྦད་དེ་ཤོར་བའི་རྒན་པས“དམངས་སྲིད་ཀུན་ཁྱབ”བརྒྱུད། ཟླ་རེར་རྒན་གསོ་ཞབས་ཞུའི་འཛད་སྤྱོད་ཁ་གསབ་མཐོ་ཤོས་སྒོར800རེ་ཞུ་བྱེད་ཆོག་གི་ཡོད་པ་རེད། 

  • 2025ལོར་རྒྱལ་ཡོངས་སུ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཁྱོན3763ལ་ཆད་པ་བཅད་པའི་ནང་ཞིང་ཆེན་དང་པུ་རིམ་པའི་ལས་བྱེད་པ4དང་། ཐིང་དང་ཅུ་རིམ་པའི་ལས་བྱེད་པ116ཡོད་པ་རེད། 

  • བྱང་ཆིངས་ཀྱི་མགྲིན་ཚབ་པས་ཀེ་ལིན་ལན་གླིང་ཕྲན་སྐོར་གྱི་འབྲེལ་ཡོད་གཏམ་བརྗོད་ལ་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པས་བཤད་དོན། “ཀྲུང་གོའི་འཇིགས་སྐུལ”ཟེར་བར་ཁུངས་ལུང་སྤུ་ཙམ་ཡང་མེད། ཀྲུང་གོ་ཕྱོགས་ཀྱིས་གཟུགས་མེད་གྲིབ་བཟོ་དང་ཀྲུང་གོ་དེ་སྒེར་ཕན་སྒྲུབ་པར་བརྩི་བའི་ཁ་གཡར་སར་ངོ་རྒོལ་བྱ་རྒྱུ་ཡིན། 

  • མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པའི་གནས་སྐབས་ལས་ཚབ་སུན་ལེ་ཡིས་ཚེས21ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་བརྒྱད་ཅུ་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་སྲིད་གཞུང་དབར་གྱི་གྲོས་མོལ་ཚོགས་འདུ་ཐེངས་དང་པོའི་ཐོག་གཏམ་བཤད་སྤེལ་སྐབས། ལྗར་པན་གྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་ཐབས་བྲལ་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་བྱེད་ཐབས་བྲལ་བ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་སྡོད་ལས་འཛིན་དུ་འགྱུར་བའི་རེ་བ་བཤད་པའི་ཐོབ་ཐངམི་འདུག་ཅེས་བཤད།

     སྤྱི་ཚོགས།

  • ཉེ་ཆར་བཟོ་ཚོང་དངུལ་ཁང་དང་ཞིང་ལས་དངུལ་ཁང་། ཀྲུང་གོ་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་། འགྲིམ་འགྲུལ་དངུལ་ཁང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་བཅས་ཚང་མས་སྤྱི་སྒྲོག་སྤེལ་ནས་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་གྱི་ནོར་སྲིད་སྐྱེད་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ་འབྲེལ་ཡོད་ཞབས་ཞུ་ལེགས་སུ་གཏོང་རྒྱུ་རེད། 

2241d6ec737bb923c2006effc17a37f0.jpg

  • ཨ་འགོག་ཁྲའོ་རོགས་ཀྱི་མཁའ་ཐོག་དམག་འཐབ་དཔའ་བོ་བློ་མཐུན་ཝང་ཧའེ་ཡི་རྩ་ཆེའི་ཤུལ་བཞག་དངོས་རྫས་ཞལ་འདེབས་འབུལ་བའི་མཛད་སྒོ་ཉེ་ཆར་པེ་ཅིང་དུ་འཚོགས་པ་དང་། བློ་མཐུན་ཝང་ཧའེ་ཡི་གཉེན་ཉེའི་འཐུས་མིས་དོ་དམ་ཞིབ་ཚགས་བྱས་པའི་བློ་མཐུན་ཝང་ཧའེ་ཡི་ཤུལ་བཞག་དངོས་རྫས10ལྷག་ཙམ་ཀྲུང་གོའི་མཁའ་འགྲུལ་རྟེན་མཛོད་ཁང་ལ་གཟབ་ནན་གྱིས་ཞལ་འདེབས་ཕུལ་བ་རེད། 

  • རང་བྱུང་ཐོན་ཁུངས་པུའི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཅུ་ཀྲང་ཀྲང་ཅན་ལུང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་གྲང་བཟོའི་ལག་རྩལ་ཁྱབ་ཁོངས་སུ་ཚད་བརྒལ་གསར་པ་བྱུང་ནས་ནུས་རྒྱུ་ཟད་གྲོན་ཆེ་བའི་གྲངས་གཞིའི་ལྟེ་གནས་སོགས་རྩིས་རྒྱག་ནུས་པའི་རྨང་གཞིའི་སྒྲིག་བཀོད་ལ་ཐཱན་ཉུང་དང་ནུས་ཆེའི་གྲང་བཟོའི་ཐག་གཅོད་ཇུས་གཞི་གསར་པ་མཁོ་འདོན་ཐུབ་རེ་ཡོད་པ་རེད། 

  • ཀྲུང་གོ་དང་འཇར་མན་གྱིས་གྲོས་མཐུན་ལ་མིང་རྟགས་བཀོད་དེ། ཀྲུང་གོའི་དོམ་ཁྲ་གཉིས་བདམས་ནས་འཇར་མན་གྱི་ཧའེ་ལ་པུའུ་ལུན་སྲོག་ཆགས་གླིང་དུ་བསྐྱོད་དེ་དུས་ཡུན་ལོ་བཅུའི་དོམ་ཁྲའི་རྒྱལ་སྤྱིའི་སྲུང་སྐྱོང་མཉམ་ལས་བྱེད་མགོ་འཛུགས་རྒྱུའི་ཁ་ཆད་བྱས་ཡོད། 

19501f924dd9abc2b013715f1b53434a.jpg

  • ཚེས22ཉིན་པེ་ཅིང་བྱང་མཚོའི་སྤྱི་གླིང་གི་གཡུ་རྩིའི་ཐོག་ཁང་ཕྱིར་སློག་བྱས་པ་དང་། བྱང་མཚོའི“ནུབ་ཕྱོགས་ལྷ་ཡུལ”གྱི་ཆ་ཚང་རང་བཞིན་སླར་གསོ་ཐུབ་རྒྱུ་རེད། 

  • ཚེས22ཉིན་པའེ་ཡུན་གནམ་ཐང་གིT3གནམ་ཐང་གི་རྒྱལ་སྤྱིའི་དུས་གཏན་གནམ་གྲུའི་ལས་སྒོ་ཕྱོགས་ཡོངས་ནས་མགོ་བརྩམས་ཡོད། 

  • 2026ལོའི་གློག་བརྙན་དཔྱིད་གསར་དུས་ཆེན་གྱི་ཡིག་ཚགས་འཁྲབ་སྟོན་བྱེད་ལ་ཉེ། མིག་སྔའི་བར་གློག་བརྙན4ཟླ2ཚེས17ཉིན་གྱི་ལོ་གསར་ཚེས་གཅིག་ཉིན་སྟོན་རྒྱུ་གཏན་འཁེལ་བྱས་པ་དང་། དེ་ནི《དངངས་སྐྲག་སྐྱེས་པ》དང་། 《འཕུར་སྐྱོད་མི་ཚེ3》《སྐུ་སྲུང་བ། བྱེ་ཐང་ཆེན་པོ་རླུང་ལྡང་བ》《དོམ་མཐོང་བ། ལོ་རེར་དོམ་ཡོད》ཅེས་པ་བཅས་རེད། 

  • ཉེ་ཆར་ཧྥ་རན་སེའི་དཀར་ཆུའི་ཐོན་རྫས་ཁེ་ལས་ལ་ཁེ་ཐ་ལི་སི་སྤྱི་གཉེར་གྱིས་ཀྲུང་གོར་ཁག་ཐེངས་མང་པོརPicotརྟགས་ཅན་གྱི་ཕྲུ་གུ་དམར་འབྱར་གྱི་སྡེབ་སྦྱོར་འོ་རྩམ་ཚུར་བསྡུ་བྱས་པ་རེད། 

640.gif

  • ཉེ་ཆར། ཐེན་ཅིན་དུ་བྱིས་པ་ཞིག་ཆུ་ནང་དུ་ལྷུང་བ་དང་གནས་ཚུལ་ཚབས་ཆེན་ཡིན་པས། ལམ་བར་དུ་ཡོད་པའི་དབྱང་ཧའོ་ཡིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་འཁྱགས་ཆུར་མཆོངས་ནས་སྐྱོབ་ཐབས་བྱས་པ་དང་། ཁོང་གི་ལུས་པོ་འཁྱགས་པོར་གྱུར་ཅིང་རྨས་སྐྱོན་ཕོག་པ་དང་། མཐར་ཕྲུ་གུ་སྐྱོབ་ཐུབ་པ་བྱུང་ཡོད། 

    སྲིད་ཇུས།

  • ཁྲུང་ཆིང་གིས་སྨན་བཅོས་སྒྲིག་གཞིས་སྨན་རྫས་ཀྱི་སྨན་ནད་གསར་པ་དང་ཚབས་ཆེན་ཤེས་རྟོགས་བྱུང་བའམ་ཡང་ན་ཤེས་རྟོགས་བྱུང་བར་ཉིན15ཡི་ནང་ཚུན་དུ་སྙན་སེང་ཞུ་དགོས་པ་དང་། དེའི་ནང་ཤི་བའི་ནད་དཔེ་ངེས་པར་དུ་འཕྲལ་མར་སྙན་སེང་ཞུ་དགོས། 

  • ལེའོ་ཉིང་གིས་རླངས་འཁོར་རྙིང་ཚབ་གསར་བརྗེའི་ཁ་གསབ་ལག་བསྟར་ཞིབ་སྲོལ་ཁྱབ་སྒྲོག་བྱས་ནས། ཆ་རྐྱེན་དང་མཐུན་པའི་འབར་སྣུམ་རླངས་འཁོར་བེད་མེད་དུ་བཏང་བ་མ་ཟད། ཧྲེང2.0དང་དེ་མན་གྱི་འབུད་ཚད་ཀྱི་འབར་སྣུམ་རླངས་འཁོར་ཉོས་རིགས་ལ་རླངས་འཁོར་གསར་པའི་ཕྱིར་འཚོང་རིན་གོང་གི10%ལྟར་ཁ་གསབ་སྤྲོད་རྒྱུ་དང་། ཁ་གསབ་དངུལ་གྲངས་མཐོ་ཤོས་སྒོར་ཁྲི1.5ཡིན་པ་རེད། 

  • ཧྲན་ཏུང་གིས་སྲིད་ཇུས་བཏོན་ནས་འཕྲལ་སྡོམ་ཉེན་གཡོལ་བྱ་ཡུལ་གསར་སྐྲུན་སྒྱུར་བཀོད་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། 2035ལོར་སླེབས་སྐབས་ཁྲོམ་གཞུང་དང་སྡེ་ཁུལ་ཚང་མར་ཉུང་མཐར་ཡང་ཁག1བཀོད་སྒྲིག་བྱ་རྒྱུ་དང་། མི་རེའི་ཆ་སྙོམས་ནུས་ལྡན་ཉེན་གཡོལ་རྒྱ་ཁྱོན་སྨི་ངོས་གྲུ2.5ལས་མི་ཉུང་བ་བྱ་རྒྱུ་ཁ་གསལ་བཏོན་ཡོད། 

    དེ་རིང་གི་གནམ་གཤིས། 

3f03984f477e1d8da1087f983e522734.jpg

  • ཞིན་ཅང་དབྱི་ལི་ལུང་གཞུང་དང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ནུབ་རྒྱུད། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་བར་འབབ་པ་དང་། དེའི་ནང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་བོད་ལྗོངས་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་པོ་ནས་ཁངས་དྲག་པོ་འབབ་ཅིང་། ས་ཁུལ་ཁ་ཤས་སུ་ཁངས་དྲག་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།