དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-26 09:42:22   |   828

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉིན་ཤས་གོང་། ཀྲུང་དབྱང་དམག་ཨུས《དམག་དཔུང་ཏང་རྩ་འཛུགས་འདེམས་བསྐོའི་ལས་དོན་གྱི་གཏན་འབེབས》པར་འགྲེམས་བྱས་ཤིང་། 2026ལོའི་ཟླ2ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། 2025ལོར། རྒྱལ་ཡོངས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས70392་གསར་དུ་བཙུགས་པ་དང་། དུས་མཚུངས་ལས19.1%འཕར་ཡོད།

  • ཉེ་ཆར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཁག11གིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། 2026ལོའི“གླ་རྒྱག་ཞིང་པར་དྲོད་ཁོལ་སྐྱེལ་བའི”ཞབས་ཞུའི་བྱ་སྤྱོད་སྤེལ་ནས། དཔྱིད་གསར་དུས་ཆེན་རིང་གླ་རྒྱག་ཞིང་པའི་ཞབས་ཞུ་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུ་བཀོད་སྒྲིག་བྱས་པ་རེད།

  • “ལོ་ལྔའི་འཆར་གཞི་བཅུ་བཞིའི”རིང་། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་མ་ལག་གསར་པ་བཙུགས་ནས། ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ལོ་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར70སྐྱེལ་སྤྲོད་བྱས་ཡོད།

  • “ལོ་ལྔའི་འཆར་གཞི་བཅུ་བཞིའི”རིང་། རྒྱལ་ཡོངས་ཀྱིས་རིམ་རྩིས་བྱས་ན་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་སྒོར་དུང་ཕྱུར་ཁྲི6.5བཏང་ནས། དངུལ་བཅོལ་མཁན་གྱིས་སྒོར་དུང་ཕྱུར་ཁྲི9.4བླངས་ནས་སྡོད་ཁང་འཛད་སྤྱོད་ཐད་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་ཡོད།

  • 2025ལོའི་ལོ་མཇུག་བར། རང་རྒྱལ་གྱིས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ཁྱིམ་ཚང་ཁྲི147ལ་གེགས་མེད་སྒྱུར་བཀོད་ལེགས་སྒྲུབ་བྱས་ནས“ལོ་ལྔའི་འཆར་གཞི་བཅུ་བཞིའི”ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱས་ཡོད།

  • “ལོ་ལྔའི་འཆར་གཞི་བཅུ་བཞིའི”རིང་། རང་རྒྱལ་གྱིས་ཀྲུང་ལུགས་གསོ་རིག་གི་རྒྱལ་ཁབ་ཀྱི་ཚད་གཞི34ཁྱབ་བསྒྲགས་བྱས་ཡོད།

01.jpg

  • ཚེས25ཉིན་གྱི་ཐོ་རེངས་སུ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུ་དང་ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིསU23སྐྱེས་པའི་རྐང་རྩེད་སྤོ་ལོའི་ཨེ་ཤེ་ཡའི་བུམ་པའི་རྟིང་རྩོད་འགྲན་བསྡུར་ནང་ཨང་གཉིས་པ་ཐོབ་པའི་ཀྲུང་གོའི་རུ་ཁག་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

  • ཚེས25ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཀྲུང་གོའི་ཧོང་ཡན་གླིང་ཕྲན་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཧྥི་ལི་ཕིན་ཕྱོགས་ལ་ཧྥི་ལི་ཕིན་ནས་ཡིན་པའི་གྲུ་པ17བདེ་བླག་ངང་རྩིས་སྤྲོད་བྱས་པ་རེད།

  • ཧང་ག་རིའི་སའེ་ཆེ་ཉི་སློབ་ཆེན་ཁུང་ཙི་སློབ་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་ཉེ་ཆར་ཧང་ག་རིའི་ནུབ་བྱང་རྒྱུད་ཀྱི་གྲོང་ཁྱེར་ཅི་ཨར་དུ་འཚོགས་པ་དང་། དེ་ནི་ཧང་ག་རིར་བཙུགས་པའི་ཁུང་ཙི་སློབ་གླིང་བདུན་པ་དེ་རེད།

སྤྱི་ཚོགས།

  • ཚེས25ཉིན། ཁྲུང་ཆིང་གྲོང་ཁྱེར་གྱི་གཙང་གཉིས་ཁུལ་གསར་གྱི་སྒོ་བྱང་དངོས་སུ་བཀལ་བ་དང་། དེ་ནི་རང་རྒྱལ་གྱི་དབུས་ནུབ་ས་ཁུལ་གྱི་སྲིད་འཛིན་ཅན་མངོན་འགྱུར་བྱེད་པའི་རྒྱལ་ཁབ་རིམ་པའི་ཁུལ་གསར་ཐོག་མ་དེ་རེད།

  • ཉེ་ཆར། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་པོའི་རྒྱལ་སའི་དབར་ཀྲུང་གོའི་མཁའ་འགྲུལ་སིས་འཕུར་འགན་འཁུར་བའི་ཐད་གཏོང་ཐོག་མར་མངོན་འགྱུར་བྱུང་ཡོད།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས“འགྱིག་སྣོད”གློག་གཏོང་སྙིང་འཕར་འཕྲུལ་ཆས་ཞིབ་བཟོ་བྱས་པ་དང་། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཉེ་ཆར་དུས་དེབ《རང་བྱུང—སྐྱེ་དངོས་གསོ་རིག་འདུ་འགོད》ཐོག་བཀོད་ཡོད་པ་རེད།

02.jpg

  • ཀྲང་ཀུང་སྲང་གི་ས་འོག་ནས་ཐོན་པའི་དཀར་ཡོལ1000ལྷག་ཙམ་ཚེས24ཉིན་ཧོ་ནན་རུའུ་ཀྲོའུ་རུ་གཅིག་སྡུད་ཐོག་འགྲེམས་སྟོན་ཐེངས་དང་པོ་བྱས་པ་དང་། དཀར་ཡོལ་དེ་དག་ནི་གསར་དུ་ཐོན་པའི་ཡུག་རོ་མ་ལག་ཐོག་ཉམས་གསོ་བྱས་ནས་གྲུབ་པ་ཞིག་རེད།

  • ཏ་ལེན་མཚོ་དོན་ཅུས་མཚོ་འགྲུལ་ཐ་ཚིག་བསྒྲགས་ནས། ཟླ1ཚེས25ཉིན་གྱི་ཆུ་ཚོད16ནས་ཟླ2ཚེས1ཉིན་གྱི་ཆུ་ཚོད16བར། པོ་ཧའེ་མཚོ་འགག་གི་རྒྱ་མཚོ་སེར་པོའི་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ལས་འགན་སྒྲུབ་རྒྱུ་ཡིན་པས་གཞན་མངའ་ཁོངས་ནས་བསྐྱོད་མི་ཆོག་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས25ཉིན། 2026ཧིན་རྡུ་ཉི་ཞི་ཡའི་བྱ་སྒྲོའི་སྤོ་ལོའི་རྩེད་མཁན་འགྲན་བསྡུར་གྱི་བུད་མེད་རྐྱང་པའི་མཐའ་བསྡུར་ནང་། ཀྲུང་གོའི་བྱ་སྒྲོའི་སྤོ་ལོའི་འགྲན་ཞུགས་པ་ཁྲེན་ཡུས་ཧྥེས་ཐེ་ལན་གྱི་འགྲན་ཞུགས་པ་པི་ཁྲ་མུན་ལས་རྒྱལ་ནས་ཨང་དང་པོ་བླངས་པ་རེད།

03.jpg

  • ཚེས25ཉིན། “ལོ་བརྒྱའི་མེ་འཁོར་འབབ་ཚུགས”ཀོང་ཀྲོའུ་འབབ་ཚུགས་ཀྱིས་སྤྱིར་བཏང་མྱུར་ཚད་ཀྱི་མེ་འཁོར་ཆེས་མཐའ་མཇུག་བཏང་བ་དང་། དེས་ཀོང་ཀྲོའུ་འབབ་ཚུགས་ཕྱོགས་ཡོངས་ནས་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་སླེབས་པ་མཚོན།

  • མང་ཚོགས་ཀྱིས་སི་ཁྲོན་ཁྲེང་ཏུའུ་སློབ་ཆུང་དང་པོས“བཙན་ཤེད་ཀྱིས་དགེ་རྒན་རྣམས་ལོ་ཚོགས་འཁྲབ་སྟོན་ནང་ཞུགས་སུ་འཇུག་པར”ཞུ་གཏུག་བྱས་པར་དམིགས་ནས་ཁྲེང་ཏུའུ་གྲོང་ཁྱེར་ཅིང་ཅང་ཆུས་སློབ་གསོ་ཅུ་ཡིས་ཚེས25ཉིན་གནས་ཚུལ་བརྡ་ཁྱབ་བཏང་ནས། སློབ་གྲྭར་འབྲེལ་ཡོད་ལྷུ་ཚིགས་མེད་པ་བཟོ་རྒྱུའི་འགན་དཀྲིས་ཡོད་ཅེས་བཤད་པ་རེད།

  • ཧྲའན་ཤིས་ཤིས་ཨན་ཀྲོའུ་ཀྲི་རྫོང་འཕྲལ་སྡོམ་དོ་དམ་ཅུ་ཡིས་ཚེས25ཉིན་བརྡ་ཁྱབ་བཏང་དོན། ཆིན་ལིང་ཚུའེ་ཧྥུང་རི་བོའི་རྐང་ཐང་པ་མར་ལྷུང་བའི་དོན་རྐྱེན་ནང་མི1སྐྱོབ་ཐུབ་པ་དང་མི1རྐྱེན་ལམ་དུ་ཤོར་ཡོད།

04.jpg

  • ཀྲེ་ཅང་ཀྲུའུ་ཅི་ཡི་རྒན་པ་ཞིག་སྤྱི་ཚོགས་ཟློས་གར་གྱི་འཁྲབ་སྟོན་གྲོལ་རྗེས་གློ་བུར་དུ་མགོ་ཡོམ་འཁོར་ནས་འགྱེལ་བ་དང་། ལས་འགན་མཇུག་འགྲིལ་རྗེས་རླངས་འཁོར་ལ་བསྡད་ནས་རུ་ཁག་ཏུ་ལོག་པའི་མེ་ཟོན་རུ་ཁག་ལ་རོགས་སྐྱོར་བརྡ་འབྱོར་རྗེས་མྱུར་དུ་རླངས་འཁོར་ལས་བབས་ནས་མི་ཚོགས་ཁ་འགྲེམས་བྱས་ཤིང་། མེ་གསོད་རླངས་འཁོར་གྱིས་རྒན་པ་མགྱོགས་མྱུར་ངང་སྨན་ཁང་དུ་བསྐྱལ་བ་རེད།

སྲིད་ཇུས།

  • མཚོ་སྔོན་གྱིས་དོན་དངོས་ཐོག་ཕྲུ་གུ་གསོ་སྐྱོང་བྱེད་མཁན་མེད་པ་ངོས་འཛིན་བྱས་པ་མ་ཟད། མཐོ་རིམ་ལས་རིགས་སློབ་གྲྭ་དང་། ཆེད་ཚན་དཀྱུས་མ། དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གླིང་བཅས་སུ་བསྟུད་མར་སློབ་སྦྱོང་བྱེད་པའི་ཉིན་གང་ལམ་ལུགས་ཀྱི་སློབ་གྲྭར་སློབ་སྦྱོང་བྱེད་མཁན་སློབ་མར་མི་རེར་ལོ་རེར་སྒོར་ཁྲི་གཅིག་ལྟར་སློབ་སྐྱོར་རོགས་དངུལ་སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

  • ཧུའུ་ནན་གྱིས་བྱེད་ཐབས་བཏོན་ནས“ཡིད་རྟོན་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཟུང་དུ་འབྲེལ་བའི”ལས་ཀའི་བྱེད་སྟངས་ལ་སྐུལ་འདེད་བཏང་ནས་ཡིད་རྟོན་ལེགས་པའི་དམངས་གཉེར་ཁེ་ལས་ལ“དགོས་པ་མེད་ཚེ་ཞིབ་བཤེར་མི་བྱེད་པ་དང”དང“རེ་བ་ཡོད་ཚེ་ངེས་པར་དུ་ཁ་གཏད་འཇལ་བ”དང་། ཡིད་རྟོན་ཞན་པའི་དམངས་གཉེར་ཁེ་ལས་ལ“གནས་ངེས་མེད་ངང”“ལྟ་རྟོག་དོགས་ཟོན་བྱེད་རྒྱུ”རེད།

  • ཀོང་ཤིས་ཀྱིས་སྡོད་ཁང་གཞིས་ཁུལ་གྱི་སྤྱི་པའི་ཡོང་འབབ་དེ་སྡེ་བདག་ཡོངས་ལ་དབང་བ་དང་། ཚན་པ་དང་རྩ་འཛུགས། མི་སྒེར་བཅས་གང་རུང་ཞིག་གིས་ཁྲིམས་འགལ་ངང་བཙན་བཟུང་དང་ཆད་པ་གཅོད་པའམ་ཡང་ན་གཞན་སྤྱོད་བྱེད་མི་ཆོག

དེ་རིང་གི་གནམ་གཤིས།

05.jpg

  • ནང་སོག་གི་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་དབུས་ནུབ་རྒྱུད། ཤིན་ཅང་ཨ་ལི་ཐའེ་ས་ཁུལ། མདོ་དབུས་མཐོ་སྒང་གི་ཤར་རྒྱུད། ཧྭ་བྱང་གི་ནུབ་རྒྱུད་དང་བྱང་རྒྱུད། ཧོང་ཧོའེ་ནུབ་རྒྱུད་དང་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། སུའུ་ཝན་གྱི་དབུས་ལྷོ་རྒྱུད་དང་། ཧུའུ་པེ། ཧུའུ་ནན། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་བྱང་རྒྱུད་དང་ཤར་རྒྱུད། ཀུའེ་ཀྲོའུ། ཀོང་ཞིའི་བྱང་རྒྱུད། ཀོང་ཏུང་གི་ཤར་རྒྱུད། ཧྥུ་ཅན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།