དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-27 09:15:07   |   675

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ1ཚེས26ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཁ་པར་བཏང་བ་རེད།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར། ཝུ་ར་ཀུའེ་ཤར་ངོགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨོར་ཞི་ཡིས་ཟླ2ཚེས1ནས་ཚེས7ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བསམ་འཆར་པར་འགྲེམས་བྱས་ནས་གྲོང་ཁྱེར་བར་གྱི་ལྕགས་ལམ་བདེ་འཇགས་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ས་གནས་སྲིད་གཞུང་དང་ལྕགས་ལམ་ཁེ་ལས་བར་མཉམ་ལས་བྱ་རྒྱུར་སྐུལ་ལྕག་བཏང་སྟེ་ད་ཡོད་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་ཤུགས་ལྷག་མ་ལེགས་པོར་སྤྱད་དེ་གྲོང་ཁྱེར་བར་གྱི་མེ་འཁོར་བདེ་བླགས་ངང་གཏོང་དགོས་པ་བཏོན་ཡོད།

  • ཚོང་དོན་པུས་ངོ་སྤྲོད་བྱས་པར་གཞིགས་ན། 2026ལོར་འཛད་སྤྱོད་དངོས་རྫས་ཀྱི་རྙིང་ཚབ་གསར་བརྗེ་སྲིད་ཇུས་ལེགས་སུ་བཏང་ནས་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། གྲངས་གཞི་ཐོན་རྫས། རིག་ནུས་ཐོན་རྫས་སོགས་སྤྱོད་ཤན་ཆེ་བའི་ཚོང་ཟོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུས2026ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་གི་སྐུར་སྐྱེལ་ཞབས་ཞུ་འགན་ལེན་ལས་དོན་བཀོད་སྒྲིག་བྱས་ནས། མྱུར་སྐྱེལ་པ་ལས་གནས་སུ་སྡོད་རེས་བྱེད་པའམ་ཡང་ན་དུས་ཆེན་རྗེས་སུ་ལས་གནས་སུ་ལོག་རྒྱུའི་བླང་བྱ་བཙན་ཤེད་ཀྱིས་བཏོན་མི་ཆོག་པ་ཁ་གསལ་བཏོན་ཡོད།

  • རང་རྒྱལ་གྱིས་ཀྲུང་ལུགས་གསོ་རིག་སྨན་ཁང་གི་བྱིས་ནད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་ཀྱི་རིམ་པ་གསུམ་པའི་གཞུང་བཙུགས་ཀྲུང་ལུགས་གསོ་རིག་སྨན་ཁང་གི་བྱིས་ནད་ཚན་ཁག་ཡོངས་སུ་ཁྱབ་པར་བྱེད་རྒྱུ།

  • རང་རྒྱལ་གྱིས་ཞིང་ལས་གནམ་གཤིས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་དང་ཁོངས་དབྱེ་ཕྱོགས་ཡོངས་ནས་སྤེལ་ཏེ་ས་གནས་ཁག་གིས་ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཆའི་བཀོད་པ་ལེགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ལས་ལ་གནམ་གཤིས་ཀྱི་གནོད་འཚེ་ཐེབས་པ་ཆུང་དུ་གཏོང་བ་སོགས་ལ་འདེགས་སྐྱོར་བྱ་རྒྱུ་རེད།

  • རྒྱལ་ནང་གི་སྡོད་མི་ཕྱིར་སྐྱོད་ཀྱི་དཔེ་འཐེན་བརྟག་དཔྱད་ཀྱི་སྡོམ་རྩིས་འབྲས་བུར་གཞིགས་ན། 2025ལོར་རྒྱལ་ནང་གི་སྡོད་མིའི་ཕྱིར་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར65.22ཟིན་པ་དང་། ལོ་གོང་མའི་དུས་མཚུངས་ལས་དུང་ཕྱུར9.07འཕར་ཡོད་ལ་འཕར་ཚད16.2%ཡིན།

  • ཕྱི་འབྲེལ་པུས་ཀྲུང་གོའི་སྤྱི་དམངས་ལ་དཔྱིད་གསར་དུས་ཆེན་རིང་འཇར་པན་དུ་མི་འགྲོ་བའི་དྲན་སྐུལ་བྱས་པ་དང་། རྒྱལ་ཁབ་མཁའ་འགྲུལ་དང་། ལྷོ་ཕྱོགས་མཁའ་འགྲུལ། ཤར་ཕྱོགས་མཁའ་འགྲུལ་བཅས་ཀྱིས་སྤྱི་བསྒྲགས་སྤེལ་ནས་འཇར་པན་དང་འབྲེལ་བའི་གནམ་གྲུའི་པ་སེ་རིན་མེད་ངང་ཕྱིར་སློག་བྱེད་པའི་སྲིད་ཇུས་ཟླ10ཚེས24ཉིན་བར་ནར་འགྱངས་བྱས་ཡོད།

  • རྒྱ་གར་ཤར་རྒྱུད་ཀྱི་བྷང་ག་ལར་ཉེ་ཆར་ཉི་ཕ་ནད་དུག་གི་རིམས་ནད་བྱུང་ཡོད་པ་དང་། ཉི་ཕ་ནད་དུག་ནི་མི་ཕྱུགས་གཉིས་ཀར་ཕོག་པའི་ནད་དུག་ཅིག་ཡིན་ཞིང་། ཤི་ཚད་སྤྱིར་བཏང་40%ཡན་ཟིན་གྱི་ཡོད་ལ། མིག་སྔར་ཆོག་མཆན་ཐོབ་པའི་རིམས་འགོག་སྨན་ཁབ་དང་དམིགས་བསལ་ཕན་ནུས་ལྡན་པའི་སྨན་མེད།

སྤྱི་ཚོགས།

  • ཚེས26ཉིན་གྱི་མཚན་མོ་ནས་ཚེས28ཉིན་བར། ཧྭ་བྱང་གི་དབུས་ལྷོ་རྒྱུད་དང་། ཧོང་ཧོའེ་དབུས་ནུབ་རྒྱུད། ཧྥུན་ཝེ་བདེ་ཐང་སོགས་སུ་རླུང་ཁམས་ཆེ་མོ་མཆེད་པའི་ཆ་རྐྱེན་ཅུང་ཞན་པ་དང་། ཅུང་དམའ་བ་ནས་འབྲིང་ཙམ་གྱི་སྨུག་རྡུལ་ཡོད་ལ། ས་ཁུལ་ཁག་གཅིག་གི་སྨུག་རྡུལ་ཅུང་ཚབས་ཆེ། མཚན་མོ་ནས་ཞོགས་པའི་བར་ས་ཁུལ་ཁག་གཅིག་ཏུ་སྨུག་པ་ཆེན་པོ་འཐིབ་རྒྱུ་རེད།

  • ཚེས26ཉིན་གྱི་དུས་ཚོད14:56སྟེང་། ཀན་སུའུ་ཀན་ལྷོ་ཁུལ་ཐེ་བོ་རྫོང་དུ་ས་ཡོམ་རིམ་པ5.5བྱུང་བ་དང་། ཡོམ་ཁུངས་གཏིང་ཚད་སྟོང་སྨི10ལ་སླེབས་ཡོད། ཀན་ལྷོ་དང་། ལུང་ནན། ཏིང་ཞི། ཐེན་ཧྲུའེ་སོགས་སུ་ཡོམ་ཚོར་ཆེན་པོ་བྱུང་།

01.jpg

  • རང་རྒྱལ་གྱི་གློ་བའི་འབྲས་སྐྲན་གྱི་ཐོག་མའི་ནད་དཔྱད་ཚོད་ལྟའི་སྨན་རྫས་ཁྲོམ་རར་བཀྲམས་རྒྱུའི་ཆོག་མཆན་ཐོབ་ནས་གློ་བའི་འབྲས་སྐྲན་གྱི་ཐོག་མའི་ནད་དཔྱད་བྱེད་ཚད་མཐོ་རུ་བཏང་ཡོད།

  • རང་རྒྱལ་གྱི་འོད་ཤུགས་ལྟེ་བའི་རྒྱུ་ཆར་འགག་རྩའི་རང་བཞིན་གྱི་གྲུབ་འབྲས་བྱུང་བ་དང་། རླུང་ཚན་ཐབས་འདུས་ཞི་ཐིན་ལྡེམ་ཤུགས་གཟུགས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱུང་སྟེ། རྒྱུ་ཆ་འདི་ནང་འདྲེན་ལ་བརྟེན་པའི་གནད་དོན་ནུས་ལྡན་ངང་ཇེ་ཆུང་དུ་བཏང་ཡོད།

  • 《རླངས་འཁོར་གྱི་ཕྱོགས་སྒྱུར་མ་ལག་གི་གཞི་རྩའི་བླང་བྱ》ཞེས་པའི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི་ཁྱབ་བསྒྲགས་བྱས་པ་དང་། རླངས་འཁོར་གྱི་ཕྱོགས་སྒྱུར་མ་ལག་གི་ལག་རྩལ་བླང་བྱ་དང་ཚོད་ལྟའི་བྱེད་ཐབས་ཁ་གསལ་བཟོས་ཏེ། སྐུད་ལམ་ཚོད་འཛིན་ཐོག་ནས་ཁ་ཕྱོགས་བསྒྱུར་བ་སོགས་ཀྱི་ལག་རྩལ་གསར་བར་བདེ་འཇགས་ཀྱི་མཐའ་མཚམས་གཏན་འཁེལ་བྱས་ཡོད།

  • 2026ལོའི་ཀྲུང་གོའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་ལས་རིགས་མཉམ་འབྲེལ་འགྲན་བསྡུརCBAགྲགས་ཅན་མི་སྣ་ཡོངས་ཀྱི་འགྲན་བསྡུར་ཁྲོད་ཐེངས་དང་པོའི་སྤོ་ལོ་རྒྱག་མཁན་གྱི་འདེམས་ཤོག་གི་མཇུག་འབྲས་ཚེས26ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ཀོང་ཏུང་རུ་ཁག་གི་ཞུས་ཅེ་སྤྱིའི་འདེམས་ཤོག་གི་ཨང་དང་པོ་རེད།

  • རྐང་རྩེད་སྤོ་ལོའི་བློ་སྒོ་འབྱེད་པའི་ལས་དོན་ཡག་པོ་སྒྲུབ་ཆེད། ཅང་སུའུ་ཡིས2018ལོ་ནས་བཟུང་གསོ་སྦྱོང་འཛིན་གྲྭ་དུས་ཐེངས450ཙམ་བཙུགས་ནས། མ་མཐའི་རྩལ་ཁྲིད་པ་ཁྲི1.4ལྷག་ཙམ་གསོ་སྐྱོང་བྱས་ཏེ་གཞོན་ནུའི་སྦྱོང་བརྡར་གྱི་རྨང་གཞི་བརྟན་པོར་ཡོང་བ་བྱས་ཡོད།

  • ཧང་ཀྲོའུ་ལིང་དབྱིང་ཧྥེ་ལེ་རི་བོའི་མཛེས་ལྗོངས་ཁུལ་དུ་སྔོན་མངགས་ལམ་སྲོལ་ལེགས་སྒྲིག་བྱས་ཏེ། “དྲ་ཐོག་གི་ཁ་གསབ”ཀྱིས“ཡུལ་དངོས་ཀྱི་གྲལ་སྒྲིག་པའི”ཚབ་བྱས་ནས་སྔོན་མངགས་རྩིས་ཐོའི་ཨང་གྲངས་ལ“ཁ་དན་ཚིག་གནས”ཀྱི་ཚོད་འཛིན་བྱས་པ་རེད།

  • ཧུའུ་ནན་ཁྲང་ཧྲ་གནམ་གྲུ་ཐང་གི་རྒྱུག་ལམ་གསུམ་པ་ནས་ཞིབ་བཤེར་བྱེད་འགོ་ཚུགས། རྒྱུག་ལམ་གསར་པ་སྤྱོད་འགོ་ཚུགས་རྗེས་པོ་དབྱིན་ཨང་རྟགས787དང་མཁའ་འགྲུལ་གནམ་གྲུ་A330སོགས་ཞེང་ཚད་ཆེ་བའི་འགྲུལ་སྐྱེལ་གནམ་གྲུ་བདེ་འཇགས་ངང་འཁོར་སྐྱོད་བྱེད་པའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

02.jpg

  • ཀྲུང་གོ་དང་ཨེ་ཅིབ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གལ་ཆེན་ཁྱབ་བསྒྲགས་བྱས་པ་དང་། ཨེ་ཅིབ་ཀྱི་ལུའུ་ཁེ་སུའོ་ཞིང་ཆེན་ཁར་ན་ཁེ་མོང་ཐུའུ་ལྷ་ཁང་གི་རྗེས་ཤུལ་ཁུལ་དུ་སྔོན་ཤེས་མེད་པའི་ལྷ་མཚོའི་འཛུགས་སྐྲུན་གྱི་རྗེས་ཤུལ་ཞིག་བདེ་བླག་ངང་གཙང་སེལ་བྱེད་ཐུབ་ཡོད།

སྲིད་ཇུས།

  • ཐེན་ཅིན་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་བྱེད་ཐབས་ལེགས་སུ་བཏང་ནས་སྡོད་ཁང་དངུལ་བུན་གྱི་ཁང་པ་དང་པོ་དང་གཉིས་པའི་བཅད་གྲངས་མཐོ་ཤོས་སོ་སོར་སྒོར་ཁྲི100དང་ཁྲི50ནས་སྒོར་ཁྲི120དང་སྒོར་ཁྲི100བར་མཐོ་རུ་བཏང་།

  • ཀྲེ་ཅང་གིས་བྱེད་ཐབས23བཏོན་ནས་དཔྱིད་གསར་དུས་ཆེན་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ནང་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་དུ་བརྗོད་དོན་གཙོ་བོའི་ཁྲོམ་རའི་ཚོང་འདུས་སྤེལ་བ་དང་། བཟའ་བཏུང་ཁེ་ལས་ཀྱི་ལོ་གསར་དགོང་མོའི་བཟའ་བཏུང་གི་ཁེ་ཕན་བསྐྱུར་རྒྱུར་རྒྱུར་རྒྱབ་སྐྱོར་བྱེད་པ། དྲ་ཐོག་ཚོང་དོན་ལས་སྟེགས་མཉམ་འགུལ་གྱིས་ཞག་སྡོད་ཀྱི་གཟིགས་སྐྱོང་འཛིན་ཤོག་སྤྲོད་པ་སོགས་ཚུད་ཡོད།

  • 《ཧྲའན་ཤིས་ཞིང་ཆེན་གྱི་སྨན་བཅོས་རྩོད་གཞི་ཐག་གཅོད་སྲོལ་ཡིག》ཁྱབ་སྒྲོག་བྱས་པ་དང་། སྨན་བཅོས་སྒྲིག་གཞིས་ཞུ་གཏུག་སྣེ་ལེན་ལམ་ལུགས་བཙུགས་ནས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། ནད་པའམ་ཡང་ན་དེའི་གཉེན་ཉེས་བཏོན་པའི་བློ་འདྲི་དང་། ཞུ་གཏུག བསམ་འཆར་བཅས་ལ་ངང་རྒྱུད་རིང་པོས་འགྲེལ་བཤད་དང་གསལ་བཤད་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

03.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ཤར་ལྷོ་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཞིན་ཅང་པེ་ཅང་གི་བྱང་རྒྱུད་དང་ནན་ཅང་གི་གཞོང་སའི་ནུབ་རྒྱུད། བོད་ལྗོངས་ཀྱི་ནུབ་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་འབབ་པ་དང་། ཅང་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ས་ཆ་མང་ཆེ་བ། ཀོང་ཞིའི་ས་ཆ་མང་ཆེ་བ། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།