དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-28 09:15:49   |   418

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ1ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་སུ་འཚམས་འདྲི་གནང་བར་ཕེབས་པའི་ཧྥིན་ལན་གྱི་ཙུང་ལི་ཨོར་པོ་དང་མཇལ་འཛོམས་གནང་བ་རེད།

  • རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་དང་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་2026ལོའི་ཟླ3ཚེས5ཉིན་དང་ཟླ3ཚེས4ཉིན་སོ་སོར་པེ་ཅིན་དུ་འཚོག་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་ཀུན་གྱི་གསར་འགོད་པ་སྐབས་དེར་བཅར་འདྲིར་ཞུགས་པར་དགའ་བསུ་ཞུ་བ་དང་། གསར་འགོད་པས་མིང་ཐོ་འགོད་མཚམས་འཇོག་པའི་དུས་ཚོད་ནི་ཟླ2ཚེས3ཉིན་ཡིན།

  • གསར་དུ་བཟོ་བཅོས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》ཚེས27ཉིན་ཁྱབ་བསྒྲགས་བྱས་ཤིང་། ཟླ5ཚེས15ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

  • ཚེས27ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཁག་གསུམ་གྱིས་དུར་འཇུག་ཞབས་ཞུའི་གྲོན་བསྡུའི་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ་རེད།

  • རང་རྒྱལ་གྱིས《ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་གཞི་རྩའི་ཁེ་དབང་འགན་སྲུང་བྱེད་ཐབས》དང《ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པའི་གཞི་རྩའི་ཁེ་དབང་འགན་སྲུང་གི་གནས་སྐབས་ལག་བསྟར་གཏན་འབེབས》སོགས་ཁྲིམས་སྲོལ་མང་པོ་བཏོན་ཏེ་ངལ་རྩོལ་པའི་ཁེ་དབང་ལ་འགན་སྲུང་བྱ་རྒྱུ་རེད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས《སྔོ་ཚལ་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་ཞིབ་བཤེར་ཞིབ་སྲོལ(བསམ་འཆར་བསྡུ་ལེན་མ་ཟིན)》བཟོ་བཅོས་རྒྱག་རྒྱུ་སྒྲིག་འཛུགས་བྱས་ནས་ཉེ་ཆར་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་རྒྱལ་ཡོངས་ཀྱི་མི་ཐེངས་ཁྲི410ལྷག་ཙམ་ལ་མཐོ་རིམ་ལས་མི་ཡན་གྱི་ལག་ཁྱེར་ཐོབ་པ་དང་མི་ཐེངས་ཁྲི27ལྷག་ཙམ་ལ་ལག་རྩལ་པ་ཡན་གྱི་ལག་ཁྱེར་ཐོབ། དབུ་བཞུགས་ལག་རྩལ་པ་དང་དམིགས་བསལ་ལག་རྩལ་པ་མི་ཐེངས3000ཙམ་དཔྱད་བསྡུར་གདན་ཞུ་བྱས་ཡོད།

  • ཚེས27ཉིན། ལྷོ་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པས་ཧྥི་ལི་ཕིན་གྱིས་ས་ཁོངས་ཕྱིའི་རྒྱལ་ཁབ་བསླུ་བྲིད་བྱས་ནས“མཉམ་འབྲེལ་སྐོར་ཞིབ”ཟེར་བའི་ཐད་གཏམ་བཤད་སྤེལ་ནས་འཐབ་ཁུལ་དཔུང་སྡེས་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀའོ་ཧྲི་ཙུའོ་མུའོ་ཡིས་ཐའེ་དབན་དང་འབྲེལ་བའི་གཏམ་བརྗོད་གསར་ཤོས་ལ་ལན་བཏབ་ནས་ལོ་རྒྱུས་དང་བཅའ་ཁྲིམས་གང་ཞིག་གི་ཐད་འཇར་པན་ཕྱོགས་ལ་ཀྲུང་གོའི་ཐའེ་ཝན་ལ་སྐད་ཆ་བཤད་པའི་ཐོབ་ཐང་གང་ཡང་མེད་ཟེར།

  • ས་གནས་དེ་གའི་དུས་ཚོད་ཚེས27ཉིན། ཀྲུང་གོའི་མཁའ་དམག་བརྒྱད་གཅིག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་གི་རྒོལ་གཏོར—10འཁྲབ་སྟོན་གནམ་གྲུ7སིང་ཀ་ཕོར་ཀྲང་དབྱི་གནམ་ཐང་དུ་འཕུར་ནས་ཟླ2ཚེས3ཉིན་ནས་ཚེས8ཉིན་བར་འཚོག་རྒྱུའི་སིང་ཀ་ཕོར་གྱི་མཁའ་འགྲུལ་འགྲེམས་སྟོན་སྐབས་བཅུ་པར་གདན་ཞུས་ལྟར་ཞུགས་པ་རེད།

སྤྱི་ཚོགས།

  • རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུ་སོགས་སྡེ་ཁག་གིས་ཚེས27ཉིན《ནད་ཡམས་སྔོན་འགོག་ཚོད་འཛིན་ཁྱབ་ཁོངས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ལག་བསྟར་ཇུས་གཞི》ཡོངས་བསྒྲགས་བྱས་ནས། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས་གཞི་རིམ་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དྲ་རྒྱ་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་བཏང་སྟེ། དེང་རབས་ཅན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་གི་རྨང་གཞིའི་སྒྲོམ་གཞི་འཛུགས་རྒྱུ་ཁ་གསལ་བཏོན་ཡོད།

  • ཚེས27ཉིན། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས2025ལོའི“ནང་རྩོད་རྣམ་པའི”འགྲན་རྩོད་གྱོད་གཞི་གལ་ཆེན་བཅུ་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

  • ཀྲུང་གོའི་ཚན་རིག་སློབ་གླིང་སློབ་ཆེན་སྐར་མའི་བར་གྱི་འཕུར་སྐྱོད་སློབ་གླིང་དངོས་སུ་བཙུགས་པ་དང་། ཀྲུང་གོའི་ཚན་རིག་ཁང་འཐབ་ཇུས་ལག་རྩལ་མཐོ་བའི་ཞིབ་འཇུག་ཅུའི་ཅུ་ཀྲང་ཡོན་ཧྲི་ཀྲུའུ་ཅུན་ཆང་གིས་ཡོན་ཀྲང་གི་འགན་བཞེས།

  • སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རིན་པའོ་ཧུའེ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ཚེས27ཉིན་པེ་ཅིང་དུ་བཙུགས་པ་དང་། སྐབས་འདིའི་འཐུས་མི་ཚོགས་པས་རང་རྒྱལ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱི་རྒྱལ་འགྲན་ཞུགས་རྣམ་གྲངས་དང་ལུས་རྩལ་པའི་གཞི་ཁྱོན་ཐད་ཟིན་ཐོ་གསར་པ་བཏོད་ཡོད།

  • ཚེས27ཉིན་གྱི་ཐོ་རེངས་སུ། ཀན་སུའུ་ཐེ་བོ་ས་ཡོམ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་གྱི་འཕྲལ་སྡོམ་རས་གུར་ཚང་མར་གློག་འཐེན་ཡོད།

02.jpg

  • འཇར་པན་དུ་སྡོད་པའི་དོམ་ཁྲ“ཞའོ་ཞའོ”དང“ལེ་ལེ”ཚེས27ཉིན་གྱི་ཉིན་གུང་ཏུང་ཅིང་ཧྲང་ཡེ་སྲོག་ཆགས་གླིང་ནས་རང་རྒྱལ་དུ་ཕྱིར་ལོག་རྒྱུ་རེད།

  • ལོ་འཁོར་འདིའི་ཆེས་ཆེ་བའི་ཟླ་བ་ཚེས29ཉིན་མཁའ་དབྱིངས་སུ་ཤར་རྒྱུ་རེད།

  • ཚེས27ཉིན། རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུ་ཡིས་རང་རྒྱལ་དུ་ཉི་ཕ་དུག་ནད་ཀྱི་ནད་གཞི་ཐོན་མེད་པ་དང་རིམས་ནད་ཀྱིས་རང་རྒྱལ་ལ་ཐོན་པའི་ཤུགས་རྐྱེན་ལྟོས་བཅས་ཀྱིས་ཆུང་ཙམ་ཡོད་ཅེས་བཤད་པ་རེད།

03.gif

  • ཉེ་ཆར། ཧོ་ནན་ལུའོ་དབྱང་གི་བྱིས་པ་ཞིག་སེམས་ཆུང་མ་བྱས་པར་དར་ཆགས་པའི་མཚེའུ་རུ་ལྷུང་བ་དང་། ལམ་འགྲོ་བ་པན་ཅུན་ནན་གྱིས་བྱིས་པ་བསྐྱབ་རྗེས་འཁྱགས་ཆུའི་ནང་དུ་ལུས་པ་དང་ལམ་འགྲོ་བ་གཞན་པས་རོགས་རམ་འོག་བདེ་བླག་ངང་མཚོ་འགྲམ་དུ་བུད།

སྲིད་ཇུས།

  • ཐེན་ཅིན་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་རྒན་གསོའི་སྒྲིག་གཞིའི་གྲོས་མཐུན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་རྒན་གསོའི་སྒྲིག་གཞིའི་ནང་གི་ལོ65དང་དེ་ཡན་གྱི་འདུག་སྡོད་རྒན་པར་ལོ་ལྟར་གཅིག་སྡུད་ཐོག་གཟུགས་པོར་བརྟག་དཔྱད་ཐེངས་རེ་བྱ་རྒྱུར་སྐུལ་ལྕག་བཏང་ཡོད།

  • ཀོང་ཏུང་གིས་སྲིད་ཇུས་བཏོན་ནས་མི་ཐབས་རིག་ནུས་ཀྱི་ནུས་སྤྲོད་འགྲིམ་འགྲུལ་སྐྱེལ་འདྲེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ནང་སྦྲག་སྲིད་མྱུར་སྐྱེལ་གྱི་མཇུག་སྣེའི་རིག་ནུས་བསྡུ་གཏོང་ཞབས་ཞུ་ཁྱབ་གདལ་གཏོང་བ་དངAIདཔེ་དབྱིབས་རྩིས་ཐབས་སྤྱད་དེ་བསྡུ་སྒྲིག་ལམ་ཐིག་ལེགས་སུ་གཏོང་བ་སོགས་ཚུད་ཡོད་པ་རེད།

  • ཀུའེ་ཀྲོའུ་ཡིས་དངོས་ཚན་ཚོང་ཁང་མེད་པའི་དྲ་སྦྲེལ་བཟའ་བཅའ་གཉེར་སྐྱོང་བྱེད་མཁན་གྱིས་བཟའ་བཅའ་བཟོ་འཚོང་གི་རྣམ་གྲངས་དང་དེ་བཞིན་ཁ་ཐོར་བཟའ་བཅའ་བྲིན་འཚོང་བྱ་རྒྱུའི་རེ་ཞུ་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

04.jpg

  • ཞིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ནས་ཁངས་ཆེན་འབབ་པ་དང་། དེའི་ནང་བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་ཀྱི་རི་ཁུལ་ས་ཁུལ་དུ་དྲག་ཁངས་ནས་དྲག་ཁངས་ཆེན་པོ་འབབ་རྒྱུ་ཡིན་ལ། ས་ཁུལ་ཁ་ཤས་སུ་དྲག་ཁངས་ཧ་ཅང་ཆེན་པོ་འབབ་རྒྱུ་རེད། ཅང་ནན་གྱི་ཤར་རྒྱུད་དང་ཀུའེ་ཀྲོའུ་ཡི་དབུས་རྒྱུད། ཡུན་ནན་གྱི་ཤར་ལྷོ་རྒྱུད། ཀོང་ཞིའི་ནུབ་རྒྱུད། ཀོང་ཏུང་གི་ཤར་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།