དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-29 09:24:25   |   520

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ1པའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་བཅིངས་འགྲོལ་འཐབ་རྩོད་ཀྱི་འཐབ་འཛིང་པ་རྒན་པར་འཕྲིན་ལན་སྤྲིངས་གནང་བ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《སྲིད་དོན་སྒུལ་བདེའི་དྲ་སྦྲེལ་ཉེར་སྤྱོད་བྱ་རིམ་ཚད་ལྡན་ཅན་དོ་དམ་བྱ་ཐབས》པར་འགྲེམས་བྱས་ནས། གཅིག་གྱུར་ཐོག་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དང་ཕན་ནུས་ཇེ་མཐོར་བཏང་ཡོད།

  • རང་བྱུང་ཐོན་ཁུངས་པུ་སོགས་སྡེ་ཁག་གསུམ་གྱིས་ཡིག་ཆ་བཀྲམ་ནས་གསར་དུ་བསྐྲུན་པའི་གྲོང་ཁུལ་དང་སྡོད་ཁང་རྣམ་གྲངས་ལ་འཆར་འགོད་ཀྱི་ཚད་གཞི་གཞིར་བཟུང་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་དུས་གཅིག་ཏུ་བཀོད་སྒྲིག་བྱས་ནས་ཀུན་ཕན་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

  • རྒྱལ་ཡོངས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཚོགས་འདུའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་གཙོ་གནད་འགོས་ནད་ལ“ནད་མང་མཉམ་འགོག”ཚོད་ལྟ་བྱས་ནས་གྲོང་ཁྱེར་ས་ཁོངས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་མཉམ་འབྲེལ་སྒྲིག་གཞི་འཛུགས་རྒྱུ་ཚོད་ལྟ་བྱ་རྒྱུ་རེད།

  • 2025ལོར། དཔལ་འབྱོར་འཕར་བ་སོགས་ཀྱི་རྒྱུ་རྐྱེན་གྱི་སྐུལ་ཁྲིད་འོག་ཁྲལ་དོན་སྡེ་ཁག་གིས་ལོ་ཧྲིལ་པོར་ཁྲལ་གྲོན་སྣ་ཚོགས་སྒོར་དུང་ཕྱུར་ཁྲི33.1བསྡུས་པ་རེད།

  • 2025ལོར། ཀྲུང་གོའི་མངའ་ཁོངས་སུ་གནས་སྐོར་དུ་ཡོང་མཁན་ཕྱོགས་ཡོངས་ནས་སླར་གསོ་ཐུབ་པ་དང་། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུའི་གྲངས་གཞི་ལས་མངོན་པར། 2025ལོར་རྒྱལ་ཁོངས་སུ་ཡོང་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི8203.5ཟིན་པ་དང་། དུས་མཚུངས་ལས26.4%འཕར་ཡོད།

01.jpg

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྲི་ཉི་ཤུ་རྩ་དགུ་ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ངོ་སྤྲོད་བྱས་པར་གཞིགས་ན། APEC“ཀྲུང་གོ་ལོའི”དངོས་གཞིའི་བྱེད་སྒོ་ཐོག་མ་དེ་ཟླ2ཚེས1ནས་ཚེས10ཉིན་བར་ཀོང་ཀྲོའུ་རུ་སྤེལ་རྒྱུ་རེད།

  • ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་དང་སི་རི་ལན་ཁའི་ཀྲུང་དབྱང་དངུལ་ཁང་གིས་སི་རི་ལན་ཁར་མི་དམངས་ཤོག་སྒོར་གཙང་རྩིས་བཀོད་སྒྲིག་བྱེད་པའི་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་རེད།

  • ཚེས28ཉིན། ཨ་རིའི་ཉིའུ་གཡོད་ཚོང་ཟོག་ཉོ་ཚོང་ཁང་གི་གསེར་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཨང་སི་རེར་ཨ་སྒོར5300ཡི་ལོ་རྒྱུས་རང་བཞིན་གྱི་འགག་སྒོ་ལས་བརྒལ་ཡོད།

སྤྱི་ཚོགས།

02.jpg

  • ཟླ1པའི་ཚེས29ནས་ཚེས31ཉིན་བར། “མགྱོགས་མྱུར”ཅན་གྱི་མཁའ་རླུང་གྲང་མོ་ཞིག་གིས་དབུས་ཤར་རྒྱུད་དུ་དྲོད་ཚད་ཇེ་དམའ་རུ་གཏོང་བ་དང་། ས་ཆ་ཁ་ཤས་སུ་དྲོད་ཚད་ཇེ་དམའ་རུ་འགྲོ་སྲིད། ཟླ2ཚེས1ཉིན་ནས་བཟུང་། ས་གནས་ཁག་གི་དྲོད་ཚད་མགྱོགས་མྱུར་ངང་ཕྱིར་འཕར་རྒྱུ་རེད།

  • རྟ་ལོའི་དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བ་དང་། མིག་སྔའི་བར།《དོམ་ཁྲའི་འཆར་གཞིའི་ཚོ་པའི་ངོ་མཚར་ཟིན་ཐོ》དང་།《མི་ཚེའི་འཕུར་སྐྱོད3》《སྐུ་སྲུང་བ》སོགས་གློག་བརྙན་དྲུག2026ལོའི་དཔྱིད་གསར་དུས་ཆེན་སྐབས་སུ་ལྟོན་རྒྱུ་རེད།

  • ལྕགས་ལམ་སྡེ་ཁག་གིས་མྱུར་བགྲོད་ལྕགས་ལམ་གྱི་གཅེས་ཉར་སྲོག་ཆགས་མངགས་འདྲེན་ཞབས་ཞུའི་ཚོད་ལྟའི་ཁྱབ་ཁོངས་ཐེངས་བཞི་པ་རྒྱ་ཆེར་བཏང་བ་དང་། ཧར་པིན་དང་། ཧྲེན་དབྱང་། ཐའེ་ཡོན་སོགས་མེ་འཁོར་འབབ་ཚུགས67གསར་སྣོན་བྱས་ཡོད།

  • འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་འགྱུར་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། འབྲི་ཆུའི་གཞུང་ཆུའི་སྤུས་ཚད་ལོ6བསྟུད་མར་རིགས||ལ་བརྟན་པོའི་ངང་སླེབས་ཤིང་། འབྲི་ཆུའི་མཚོ་ཕག་ཁྱུ་ཚོགས་ཀྱི་གྲངས་འབོར་ལོ་རྒྱུས་རང་བཞིན་གྱི་ཆག་མཚམས་བཞག་ནས་བསྐྱར་འཕར་བྱུང་ཡོད།

  • 2025ལོར། ཧྲེན་ཀྲེན་གྲོང་ཁྱེར་ལྷོ་རི་ཁུལ་དུ་སྔོན་དཔག་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ནས་རང་རྒྱལ་གྱི་སྒོར་དུང་ཕྱུར་ཁྲིGDPལས་བརྒལ་བའི་ས་ཁུལ་དང་གྲོང་ཁྱེར་ཁོངས་གཏོགས་ཁུལ་དང་པོར་གྱུར་ཡོད།

  • 2025ལོར། ཤིན་ཅང་གིས་ལོ་ཧྲིལ་པོར་གནས་སྐོར་བ་མི་ཐེངས་དུང་ཕྱུར3.2སྣེ་ལེན་ཞུས་པ་དང་། གནས་སྐོར་འགྲོ་གྲོན་སྒོར་དུང་ཕྱུར3700བཏང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཞའོ་ལེན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཀྲང་ཞའོ་ལེན་གྱིས་ལྐོག་རྔན་སྒོར་ཁྲི3068ལྷག་ཙམ་བླངས་པས་དུས་བཀག་བཙོན་འཇུག་ལོ12བྱས་པ་རེད།

  • སྐྱེས་པ་ཞིག་སི་ཁྲོན་དཀར་མཛེས་ཧའེ་ལུའོ་ལུང་བར་སྒྲིག་འགལ་ངང་རྐང་ཐང་དུ་སོང་ནས་འབྲེལ་ཐག་ཆད་པ་དང་། ས་གནས་དེ་གའི་དོ་དམ་སྡེ་ཁག་གིས་དུས་ཚོད་ཉིན3དང་མཚན་2སྤྱད་དེ་རོགས་སྐྱོབ་བྱས་རྗེས་དོ་བདག་ལ་དངུལ་ཆད་སྒོར3000བཏང་བ་དང་འབྲེལ་རོགས་སྐྱོབ་འགྲོ་གྲོན་སྒོར་ཁྲི2.72བདའ་འདེད་བཏང་བ་རེད།

03.jpg

  • རང་རྒྱལ་གྱི་ཚན་རིག་པས་མཉེན་གཤིས་ལས་བརྒལ་བའི་སྐྱེ་དངོས་གློག་རྡུལ་སྦྱར་ལེབ་ཅིག་ཞིབ་འཇུག་དང་གསར་བཟོ་བྱས་ཡོད་པས། མཁལ་མ་དང་བསམ་བསེའུ་སོགས་དབྱིབས་ངེས་མེད་ཀྱི་དབང་པོའི་ཕྱི་ངོས་སུ་དམ་པོར་སྦྱར་ནས་སྨན་རྫས་ཀྱི་“ཚེག་གཏད་གནས་”ཀྱི་ཕན་ནུས་ཆེ་བའི་ངང་སྐྱེལ་ཐུབ་པ་རེད།

  • ཚེས28ཉིན། འཇར་པན་དུ་བསྡད་ཡོད་པའི་དོམ་ཁྲ“ཞའོ་ཞའོ”དང“ལེ་ལེ”ཕ་ཡུལ་སི་ཁྲོན་དུ་ལོག་ནས། ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཡ་ཨན་རྟེན་གཞིར་བདེ་བླག་ངང་གནས་སྤོ་བྱས་པ་རེད།

སྲིད་ཇུས།

  • ཧྥུའུ་ཅན་གྱིས་ལས་ཀའི་ཇུས་གཞི་བཏོན་ནས་གློག་རྡུལ་འཛད་སྤྱོད་འཛིན་ཤོག་གི་རྣམ་པའི་ཐོག་ནས་ཟླ་རེ་བཞིན་ནུས་པ་ཉམས་པའི་རྒན་པར་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་སྤྲོད་རྒྱུ་རེད།

  • ཀོང་ཏུང་ཀོང་ཀྲོའུ་ཡིས་ཁྲིམས་འཛུགས་ཚད་ལྡན་དུ་བཏང་ནས་ཞོགས་ཇའི་རྒྱུན་འཛིན་སྲུང་སྐྱོང་བྱས་ཏེ། སྲོལ་རྒྱུན་རྣམ་པའི་ཐོག་ནས་བཟོས་པའི་ཞོགས་ཇའི་བཟའ་བཅའ་བཟོ་བ་ནས་བཟའ་བཅའི་དུས་ཚོད་མཁོ་འདོན་བྱེད་པའི་བར་ཆུ་ཚོད24ལས་བརྒལ་མི་རུང་བའི་བླང་བྱ་ཁ་གསལ་བཏོན་ཡོད།

  • ཀྲེ་ཅང་ཉིང་པོས་ཡིག་ཆ་བཏང་ནས་སྡོད་ཁང་ལ་གློག་སྐས་འཛུགས་པ་མ་ཟད། ཆ་རྐྱེན་འཛོམས་སྐབས་ཁང་ལེབ་ལའང་གློག་སྐས་འཛུགས་པའི་ཇུས་གཞི་བཏོན་ནས་རྒན་པ་དང་འགྲོ་སྐྱོད་སྟབས་མི་བདེ་བའི་སྡོད་མིའི་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་དགོས་ཞེས་བཏོན་པ་རེད།

དེ་རིང་གི་གནམ་གཤིས།

04.jpg

  • ཤིན་ཅང་གི་བྱང་རྒྱུད་དང་། ཧེ་ལུང་ཅང་གི་དབུས་ཤར་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། ནུབ་བྱང་ས་ཁུལ་གྱི་ས་ཆ་མང་ཆེ་བ། ཧྲན་ཞིའི་དབུས་ལྷོ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད། ཧུའུ་པེའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཀན་སུའུ་ཡི་ལྷོ་རྒྱུད་དང་། ཧྲའན་ཞིའི་ལྷོ་ནུབ་རྒྱུད། ཧུའུ་པེའི་ནུབ་རྒྱུད་བཅས་སུ་འཁྱགས་ཆར་ཡོད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། ཧུའུ་པེའི་ལྷོ་རྒྱུད། ཅང་ཧོའེ་ནུབ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཀོང་ཞིའི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་བ་ནས་འབྲིང་བར་འབབ་རྒྱུ་རེད།


མཉམ་སྤྱོད།