དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-30 09:10:10   |   495

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ1ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ་དང་མཇལ་འཛོམས་གནང་བ་དང་། ཕྱོགས་གཉིས་པོས་ཀྲུང་དབྱིན་ཡུན་རིང་བརྟན་ལྷིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ཐད་མོས་མཐུན་གནང་བ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་ཆར་པར་འགྲེམས་བྱས་པའི《ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་མགྱོགས་སུ་གཏོང་བའི་ལས་དོན་ཇུས་གཞི》ཚེས29ཉིན་ཁྱབ་བསྒྲགས་བྱས་པ་དང་ཕྱོགས3གྱི་རྒྱབ་སྐྱོར་སྲིད་ཇུས་བཏོན་ཡོད།

  • ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར95ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད།

  • ད་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ཟླ2ཚེས15ཉིན་གྱི་ཆུ་ཚོད0ནས་ཚེས23ཉིན་གྱི་ཆུ་ཚོད24བར། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱིས་རྐུབ་སྟེགས་བདུན་དང་དེའི་མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ཤར་བགྲོད་གྲོན་དངུལ་རྩ་ཆག་གཏོང་རྒྱུ་རེད།

  • 2026ལོའི་རྒྱལ་ཡོངས་ཀྱི་དཔྱིད་གསར་དུས་ཆེན་གྱི་རིག་གནས་དང་གནས་སྐོར་འཛད་སྤྱོད་ཟླ་ཚེས29ཉིན་སྤེལ་འགོ་ཚུགས་པ་དང་། བྱེད་སྒོ་སྤེལ་རིང་ས་གནས་ཁག་གིས་རིག་གནས་གནས་སྐོར་འཛད་སྤྱོད་བྱེད་སྒོ་ཐེངས་ཁྲི3ཙམ་སྤེལ་ནས་འཛད་སྤྱོད་འཛིན་ཤོག་སྒོར་དུང་ཕྱུར3.6ལས་བརྒལ་བ་སོགས་འཛད་སྤྱོད་ཁ་གསབ་སྤྲོད་རྒྱུ་རེད།

  • དམངས་སྲིད་པུ་དང་ནོར་སྲིད་པུས2026ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1410སྔ་སྣུར་དུ་གཤམ་སྤྲོད་བྱས་ནས་ས་གནས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་མ་དངུལ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བརྒྱབ་ཡོད།

  • 2025ལོའི་ཟླ་དང་པོ་ནས་བཅུ་གཉིས་པའི་བར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི2.71གསར་དུ་སྒྱུར་བཀོད་བྱེད་འགོ་ཚུགས་པ་དང་། འཆར་གཞི་ལས་2100ཡིས་མང་བ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར1332བཏང་ཡོད་པ་རེད།

  • ཚེས29ཉིན། རང་རྒྱལ་རྒྱལ་སྲུང་པུས་སུའེ་ཏེན་དང་། དབྱིན་ཇི། ཨ་རི། འཇར་པན་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་དམག་དོན་བཟོ་ལས་ཁེ་ལས་དང་སྒྲིག་གཞིས་ཀྲུང་གོའི་མཚོ་དམག་གི་དམག་གྲུ་བསྣུབས་པའི་འགུལ་རིས་བརྙན་ལམ་ནི་རང་གིས་རང་ལ་མགོ་གཡོག་པའི་བྱ་སྤྱོད་རེད་ཅེས་ཁྱབ་བསྒྲགས་བྱས།

  • 2025ལོར། རང་རྒྱལ་གྱིས་ཡོ་རོབ་དང་དབུས་ཤར་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར10880.6ཟིན་པ་དང་། དུས་མཚུངས་ལས7.5%འཕར་ནས་ལོ་བཅུ་བསྟུད་མར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

  • རྒྱལ་སྤྱིའི་གསེར་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་དང་ལག་ཡོད་ཚོང་ཟོག་གི་རིན་གོང་ཚེས29ཉིན་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་ལ་སླེབས་པ་དང་། སྐབས་ཤིག་རིང་ཨང་སི་རེར་ཨ་སྒོར5500ལས་བརྒལ་བ་དང་། རྒྱལ་སྤྱིའི་དངུལ་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཨང་སི་རེར་ཨ་སྒོར120ལས་བརྒལ་ནས་མཐོ་ཤོས་སུ་སླེབས་ཡོད།

སྤྱི་ཚོགས།

  • ཚེས29ནས་ཚེས31ཉིན་བར། མཁའ་རླུང་གྲང་མོ་གསར་པ་ཞིག་གིས་ཤུགས་རྐྱེན་ཐེབས་པའི་དབང་གིས་རང་རྒྱལ་གྱི་དྲོད་ཚད་ཇེ་དམའ་རུ་འགྲོ་རྒྱུ་དང་། ས་ཆ་ཁག་གཅིག་གི་དྲོད་ཚད་མར་ཆག་ཚད་ཏུའུ8ལས་བརྒལ་རྒྱུ་དང་། དྲོད་ཚད་མཐོ་ཤོས10℃ཡི་ཚད་ཐིག་རིམ་བཞིན་ཧུའུ་ནན་ལྷོ་རྒྱུད་དང་། ཅང་ཤིས་བྱང་རྒྱུད། ཀྲེ་ཅང་ལྷོ་རྒྱུད་བཅས་སུ་མར་འབབ་རྒྱུ་རེད།

  • དམངས་སྲིད་པུས2025ལོའི་ཟླ10པར“དགུན་དུས་དྲོ་ཁོལ་སྐྱེལ་བའི”ཆེད་དོན་རོགས་སྐྱོབ་བྱ་སྤྱོད་སྤེལ་འགོ་ཚུགས་པ་དང་། མིག་སྔའི་བར། རྒྱལ་ཡོངས་དམངས་སྲིད་སྡེ་ཁག་དང་རོགས་སྐྱོབ་དོ་དམ་སྒྲིག་གཞིས་རིམ་རྩིས་བྱས་ན་གནས་སྐབས་དཀའ་ངལ་འཕྲད་པའི་མི་སྣ་མི་ཐེངས་ཁྲི19.3ལྷག་ཙམ་ལ་རོགས་སྐྱོབ་བྱས་ཡོད།

  • 2025ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་དུ་རིམ་རྩིས་བྱས་ན་གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྣེ་ཁྲི7.15བསྐྲུན་པ་དང་། 2025ལོར་ཁྲི2མང་དུ་ཕྱིན་ཡོད་ལ། གློག་གསོག་ཞབས་ཞུའི་འགན་ལེན་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུས་ཡིག་ཆ་བཀྲམ་ནས། པེ་ཅིང་སོགས་ས་གནས་ཀྲུང་ལུགས་གསོ་རིག་གི་ལེགས་ཆའི་ནད་རིགས་ལ་གཞིགས་ནས་སྨན་རིན་སྤྲོད་པའི་ཚོད་ལྟའི་ས་ཁུལ་ནང་འཇུག་རྒྱུའི་གཏན་འཁེལ་བྱས་པ་རེད།

  • མིང་ཅ་ཉེས་གསོག་ཚོགས་པའི་གྱོད་གཞིའི་ཉེས་ཅན་མི11ལ་སྲོག་ཁྲིམས་བཅད་པ་རེད།

  • ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་བརྡ་ཁྱབ་བཏང་བར་གཞིགས་ན། ཁྲེན་མའོ་ཡོན་དང་ལི་ཐེ་སོགས་མི73ལ་ཚེ་གང་བོར་རྐང་རྩེད་སྤོ་ལོའི་བྱེད་སྒོ་སྤེལ་རྒྱུ་བཀག་སྡོམ་བྱས་པ་དང་། ཐེན་ཅིན་ཅིན་མོན་ཧུའུ་སོགས་སྤྲོ་སྐྱིད་ཁང13ལ་འགྲན་དུས2026ནང་སྐར་ཆད་དང་དངུལ་ཆད་བཅད་པ་རེད།

  • རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་སུན་ཧྲའོ་ཏའེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ལོ་ངོ་དུང་ཕྱུར5ཡི་གོང་གི་ཧྭ་ཡོན་སྐྱེ་དངོས་ཁྱུ་ཚོགས་ཤེས་རྟོགས་བྱུང་བ་དང་། དེས་ཧན་ཝུའུ་དུས་རབས་ཀྱི་ཚེ་སྲོག་གློ་བུར་དུ་བྱུང་རྗེས་ཀྱི་འགག་རྩའི་དུས་མཚམས་ཀྱི་ཚེ་སྲོག་རིམ་འགྱུར་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཡོད།

02.jpg

  • ཚེས29ཉིན། པེ་ཅིང་གི་མི་གཟུགས་འཕྲུལ་མིའི་ཁྲོད་ཚོད་ལྟའི་ལག་ཁྱེར་ལས་སྟེགས་ཐོག་མ་དངོས་སུ་སྤྱོད་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་ལོ་རེར་ཐོན་ནུས་ཆ་ཚང5000ཟིན་རྒྱུ་རེད།

03.jpg

  • ཉེ་ཆར། ལེའོ་ཉིང་ཧྲེན་དབྱང་གི་ཕ་བུ་གཉིས་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་། སློབ་ཆེན་སློབ་མ་ཅིན་ཁྲེང་ལུང་གིས་ཆུར་ལྷུང་བའི་ཕ་བུ་གཉིས་ཀ་སྐྱོབ་ཆེད་འཁྱགས་ཆུའི་ནང་དུ་ལྷུངས་ནས་སྟབས་མ་ལེགས་པར་རང་སྲོག་བློས་བཏང་བ་རེད།

སྲིད་ཇུས།

  • དམངས་སྲིད་པུ་དང་ནོར་སྲིད་པུས་མཉམ་འབྲེལ་ཐོག《གནས་སྐབས་རོགས་སྐྱོབ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས། ཛ་དྲག་དང་དཀའ་ངལ་ཡོད་པའི་དོན་གནད་ཕྱོགས་ཡོངས་ནས“གྲངས་ཉུང་མྱུར་སྐྱོབ”ཁྱབ་གདལ་གཏོང་རྒྱུ་དང་། སྒྲུབ་གཉེར་དུས་ཚད་སྤྱིར་ན་ཉིན3ལས་བརྒལ་མི་རུང་ཞེས་བཏོན་ཡོད།

  • ཀྲུང་གོ་མཁའ་འགྲུལ་སྐྱེལ་འདྲེན་མཐུན་ཚོགས་ཀྱིས་མཁའ་འགྲུལ་སྤྱི་གཉེར་ཁག་སྒྲིག་འཛུགས་བྱས་ནས་བསམ་འཆར་བསྡུ་ལེན་མ་ཟིན་ཞིབ་འཇུག་བྱས་ནས་བཟོས་ཏེ། རྒྱལ་ནང་གི་དུས་གཏན་གནམ་གྲུས་དངུལ་སྨར་གྱི་སྡོད་ས་འདེམས་པའི་ཞབས་ཞུ་སྤེལ་མི་ཆོག་པ་ཁ་གསལ་བཟོ་རྩིས་ཡོད་པ་རེད།

  • ཟླ2ཚེས1ཉིན་ནས་བཟུང་། པེ་ཅིང་གྲོང་ཁྱེར་གྱི་རིན་བསྡུའི་གཞུང་ལམ་གྲོན་བསྡུའི་ས་ཚིགས་ཚང་མས་གློག་རྡུལ་འཛིན་ཤོག(འཛིན་ཤོག)སྤྲོད་པའི་ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། དངུལ་སྨར་དང་སྒུལ་བདེའི་གཏོང་སྤྲོད་ཀྱི་ཤར་བགྲོད་གྲོན་དངུལ་གྱི་ཤོག་བུའི་འཛིན་ཤོག(འཛིན་ཤོག)དངོས་སུ་མཁོ་འདོན་བྱེད་མཚམས་འཇོག་རྒྱུ་རེད།

དེ་རིང་གི་གནམ་གཤིས།

04.jpg

  • ཤིན་ཅང་དབྱི་ལི་ལུང་གཞུང་དང་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ། མཚོ་སྔོན་གྱི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད་དང་ཤར་རྒྱུད། ཧྲའན་ཞིའི་ས་ཆ་མང་ཆེ་བ། ཧྭ་བྱང་གི་ས་ཆ་མང་ཆེ་བ། ཅང་ཧན་བྱང་རྒྱུད། ཅང་ཧོའེ། ཅང་ནན་གྱི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཧུའུ་པེའི་ནུབ་རྒྱུད་དང་ཧུའུ་ནན་གྱི་དབུས་ཁུལ་དུ་འཁྱགས་ཆར་འབབ་རྒྱུ་རེད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ཅང་ནན་གྱི་དབུས་བྱང་རྒྱུད། ཧྭ་ལྷོའི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།