དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-02-02 09:25:49   |   136

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • དེ་རིང་གི་དགོང་མོའི་ཆུ་ཚོད12ནས་བཟུང་། 2026ལོའི་རྒྱལ་ཡོངས་ཀྱི་དཔྱིད་གསར་སྐྱེལ་འདྲེན་དངོས་སུ་མགོ་ཚུགས་ཤིང་། འགྲིམ་འགྲུལ་སྡེ་ཚན་གྱིས་སྔ་སྣུར་དུ་གྲ་སྒྲིག་བྱས་ཏེ། མ་འོངས་པའི་ཉིན40རིང་ས་ཁོངས་ལས་བརྒལ་བའི་མི་ཐེངས་དུང་ཕྱུར95འགྲོ་སྐྱོད་བྱེད་པར་ཞབས་ཞུ་གངས་ལེགས་བསྒྲུབ་རྒྱུ་རེད།

  • ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུས་བརྡ་ཐོ་བཏང་ནས་ས་གནས་ཁག་གི་གསར་འགྱུར་ཚན་པ་ཁག་གིས2026ལོའི“དཔྱིད་གསར་དུས་ཆེན་ལ་གཞི་རིམ་དུ་སྐྱོད་པའི”བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྤེལ་དགོས་པའི་བླང་བྱ་བཏོན།

  • 2025ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་བྱུང་ནས་ལོ20འགོར་བའི་ཉེས་གསོག་གྱོད་གཞི་ཚབས་ཆེན་ལ་ཁྲིམས་ལྟར་ཞིབ་མཆན་བཀོད་ནས་མི264ཁྲིམས་སྦྱོར་བདའ་འདེད་བྱས།

  • 2025ལོར། རང་རྒྱལ་གྱིས་ཕྱི་ཕྱོགས་སུ་དངུལ་རྩ་མིན་པའི་རིགས་ལ་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར1456.6བཏང་བ་དེ་ལོ་གོང་མ་ལས1.3%འཕར་ཡོད།

  • ཟླ2པའི་ཚེས1ཉིན་ནས་བཟུང་།《ཕྱི་རྒྱལ་ཚོང་པས་མ་འཇོག་བྱེད་པར་སྐུལ་མ་གཏོང་བའི་ཐོན་ལས་དཀར་ཆག(2025ལོའི་པར་གཞི)》དངོས་སུ་ལག་བསྟར་བྱས། ཆ་རྐྱེན་དང་མཐུན་པའི་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་ནང་འདྲེན་རང་སྤྱོད་སྒྲིག་ཆས་ཀྱི་སྒོ་ཁྲལ་མི་བསྡུ་བ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཉིན་ཤས་གོང་སྤྱི་བསྒྲགས་སྤེལ་ཏེ། ཕྱིར་གཏོང་ཁྲལ་སློག་དོ་དམ་གཏན་འབེབས་ལ་དེ་མཚུངས་ཀྱི་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས་ཕྱིར་གཏོང་ཁྲལ་སློག་རེ་ཞུ་གཉེར་རྒྱུར་དེ་བས་སྟབས་བདེ་དང་ནུས་ཆེའི་སྐུལ་འདེད་བཏང་།

  • 《སྡེ་ཁུལ་གྱི་ཕྱོགས་བསྡུས་གེགས་སེལ་གྱི་སྤྱི་པའི་ཆ་འཕྲིན་མཚོན་རྟགས》ཀྱི་རྒྱལ་ཁབ་ཚད་གཞི་དེ་རིང་ནས་བཟུང་དངོས་སུ་ལག་བསྟར་བྱས། དེ་ནི་རྒྱལ་ཡོངས་ཀྱིས་སྡེ་ཁུལ་རིམ་པའི་ཕྱོགས་བསྡུས་གེགས་སེལ་གྱི་སྤྱི་པའི་ཆ་འཕྲིན་མཚོན་རྟགས་ལ་དམིགས་པའི་གཅིག་གྱུར་ཚད་གཞི་ཞིག་རེད།

  • རང་རྒྱལ་གྱིས2028ལོ་ནས2029ལོའི་བར་གོ་སྐབས་བཙལ་ནས་ཉི་མ་དང་སའི་གོ་ལའི་ཀེ་ལང་རིའི་ས་ཚིགསL5ལ“ཞི་ཧོ་རྟགས་ཅན་གཉིས་པ”འཕེན་རྩིས་ཡོད།

  • ཟླ2པའི་ཚེས1ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅིས་རེས་སྐོར་གསར་པའི་ཡུག་རེན་དང་། ཨ་རི། ཨུ་རུ་སུ་བཅས་ཕྱོགས་གསུམ་གྱི་གྲོས་མོལ་དེ་ཟླ2པའི་ཚེས་4དང་ཚེས5ཉིན་ཨབ་ཀྲ་པེར་འཚོག་རྒྱུ་ཡིན་པ་བསྟན།

སྤྱི་ཚོགས།

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཟླ2པའི་ཚེས1ཉིན་གྱི་ཆུ་ཚོད15དང་སྐར་མ26བར། 2026ལོའི་ལོ་འཁོར་གྱི་གློག་བརྙན་སྤ་སེ་འཚོང་ཚད་སྒོར་དུང་ཕྱུར20ལས་བརྒལ་ཡོད།

  • ཟླ2པའི་ཚེས1ཉིན་ནས་བཟུང་། མྱུར་བགྲོད་ལྕགས་ལམ་གྱི“སྒྲ་འཇགས་འཁོར་སྒྲོམ”ཞབས་ཞུ་དེ་སྐུལ་འབོལ་མེ་འཁོར་ཕུད་པའི“D”རྟགས་ཅན་དང“G”རྟགས་ཅན་གྱི་མེ་འཁོར་ཁག་གཅིག་བར་རྒྱ་བསྐྱེད་ནས། རྒྱལ་ཡོངས་ལྕགས་ལམ་གྱིས“སྒྲ་འཇགས་འཁོར་སྒྲོམ”གྱི་ཞབས་ཞུ་མཁོ་འདོན་བྱེད་པའི་མེ་འཁོར8000ལས་བརྒལ་རྒྱུ་རེད།

  • ཉིན་ཤས་གོང་གསེར་གྱི་རིན་གོང་འཕར་ཆག་ཆེན་པོ་བྱུང་བ་དང་བསྟུན་ནས་ཞིང་ལས་དངུལ་ཁང་དང་། ཀྲུང་གོ་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་། འགྲིམ་འགྲུལ་དངུལ་ཁང་སོགས་དངུལ་ཁང་མང་པོས་གསོག་འཇོག་དངུལ་གྱི་འབྲེལ་ཡོད་ལས་སྒོ་སྔ་རྗེས་སུ་ལེགས་སྒྲིག་བྱས་པ་མ་ཟད། ཉེན་ཁའི་དྲན་སྐུལ་ཡང་གནང་།

  • 《ཕ་མ་དང་ཕྲུ་གུའི་དཔེ་ཀློག་མཉམ་འབྲེལ་གྲོས་གཞིའི་ཡི་གེ》པེ་ཅིང་དུ་ཁྱབ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཕ་མ་དང་ཕྲུ་གུའི་དཔེ་ཀློག་ལ་མཐོང་ཆེན་བྱེད་དགོས་པའི་གྲོས་གཞི་བཏོན།

1.jpg

  • སྐབས་དང་པོའི་པེ་ཅིང་གི་གངས་འཁྱགས་མཉམ་འགུལ་བྱེད་སྒོ་པེ་ཅིང་གྲོང་ཁྱེར་ཧྲི་ཅིང་རི་ཁུལ་གྱི་ངར་ལྕགས་གླིང་དང་པོར་དངོས་སུ་སྤེལ་མགོ་བརྩམ།

  • ཉེ་ཆར། རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཡུན་ནན་དུ་ཐོག་མར་བྱུང་བའི་ཁུང་འབྲུག་སྲོག་ཆགས་ཁྱུ་ཚོགས་ཀྱི་ས་གཤིས་ལོ་ཚད་དེ་ལོ་ངོ་དུང་ཕྱུར2.0017སྔོན་གྱི་ཀྲུའུ་ལུའོ་དུས་རབས་ཀྱི་དུས་འགོར་གཏན་འཁེལ་བྱས་ཏེ། ཁུང་འབྲུག་འཕྲེད་ཚད་དམའ་བའི་ས་ཁུལ་དུ་ཁྱབ་པའི་བརྒྱུད་རིམ་གསལ་སྟོན་བྱེད་པར་འགག་རྩའི་དཔང་རྟགས་མཁོ་འདོན་བྱས་ཡོད།

  • ཟླ2པའི་ཚེས20ཉིན། སྐར་མ་ལྷག་པ་ད་ལོའི་ལྟ་ཞིབ་ཚད་ལེན་གྱི་དུས་ཚོད་ཡག་ཤོས་སུ་སླེབས་རྒྱུ་རེད།

  • 731དཔུང་སྡེའི་ཉེས་དཔང་བཤམས་སྟོན་ཁང་གིས་ཟླ1པའི་ཚེས31ཉིན་དེ་སྔའི་རུ་མིའི་བརྙན་པར་ཡིག་ཚགས་ཤིག་ཡོངས་བསྒྲགས་བྱས་ཤིང་། བྱི་རིམས་ཀྱི་འབུ་ཕྲ་གསོ་སྐྱོང་དང་། སྲོག་ཆགས་གཤགས་བཅོས། མི་ལུས་ཚོད་ལྟ་སོགས་ཀྱི་ཉེས་གསོག་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་པན་དམག་གི་གཏུམ་སྤྱོད་ཐེར་འདོན་བྱེད་པར་སླར་ཡང་དཔང་རྟགས་ཁུངས་བཙན་བསྣན་ཡོད།

640.gif

  • ཉེ་ཆར། ཀྲེ་ཅང་ཧའེ་ཡན་གྱི་ཡའོ་ཏུང་ཆོན་ཟམ་ཆེན་བརྒྱུད་ནས་འགྲོ་སྐབས་བུད་མེད་ཅིག་ཟམ་པ་ནས་ལྡིང་འདོད་པ་མཐོང་། ཁོས་མྱུར་དུ་རླངས་འཁོར་བསྡད་དེ་བུད་མེད་དེ་ཉེ་སར་རྒྱུག་ནས་བུད་མེད་བདེ་འཇགས་ངང་བསྐྱབས།

སྲིད་ཇུས།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སྤྱི་བསྒྲགས་སྤེལ་ཏེ། ད་ལོ་ནས་བཟུང་ཁྲལ་འཇལ་ཐེངས་ལྟར་བསྡུ་བའི་ཚད་གཞི་དེ་ཐེངས་རེ(ཉིན་མོར)ཕྱིར་ཚོང་དངུལ་འབོར་སྒོར500ནས་སྒོར1000བར་མཐོ་རུ་བཏང་ཡོད།

  • པེ་ཅིང་གིས་བརྡ་ཐོ་བཀྲམ་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གློག་རྡུལ་ལག་ཁྱེར་མཉམ་སྤྱོད་བེད་སྤྱོད་མགྱོགས་སུ་བཏང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དང་འཕྲོད་བསྟེན་བདེ་ཐང་སོགས་ཁྱབ་ཁོངས་སུ་སྤྱོད་རྒྱ་ཆེ་རུ་གཏོང་དགོས་པ་གཏན་ལ་ཕབ།

  • ཧེ་ལུང་ཅང་གིས་བརྡ་ཐོ་བཀྲམ་ནས་ལོ9ནས་ལོ26བར་གྱི་བུད་མེད་དང་། ལོ་35ནས་ལོ45བར་གྱི་བུད་མེད། ལོ16ནས་ལོ26བར་གྱི་སྐྱེས་པ་བཅས་ལ་ཁ་ཕྱོགས་ཏེ་རིན་གོང་དགུའི་མིའི་ནུ་མགོའི་ཤ་སྐྲན་ནད་དུག་གི་འགོག་སྨན་གྱི་རིམས་འགོག་སྨན་ཁབ་ཀྱི་མཐའ་མའི་སྨན་ཐེངས་གཅིག་རིན་མེད་ངང་རྒྱག་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

3.png

  • བོད་ལྗོངས་ནུབ་རྒྱུད་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཧེ་ལུང་ཅང་གི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་བོད་ལྗོངས་ལྷོ་ནུབ་ས་ཁུལ་གྱི་ས་ཆ་ཁ་ཤས་སུ་ཁངས་འབྲིང་འབབ་རྒྱུ་རེད། ཡུན་ནན་ཤར་ལྷོའི་རྒྱུད་དང་ཀོང་ཞིའི་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་དང་། དེའི་ནང་ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།