དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-02-03 09:22:12   |   112

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དེང་རབས་ཅན་གྱི་རྒྱལ་སའི་གྲོང་ཁྱེར་མུ་ཁྱུད་བར་སྟོང་མཐུན་སྦྱོར་འཆར་འགོད(2023ལོ་ནས2035ལོ་བར)》ལ་ཆོག་མཆན་སྤྲད་ནས་གྲོས་མཐུན་བྱུང་།

1.jpg

  • 2026ལོའི་ལྕགས་ལམ་དཔྱིད་གསར་སྐྱེལ་འདྲེན་ཚེས2ཉིན་མགོ་ཚུགས་ཤིང་དུས་ཡུན་ཉིན40ཡིན་པ་དང་། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་ལྟར་ན་འགྲུལ་པ་མི་ཐེངས་དུང་ཕྱུར5.4སྐྱེལ་འདྲེན་བྱ་རྒྱུ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་1348སྐྱེལ་རྒྱུ་དེ་དུས་མཚུངས་ལས5.00%འཕར་རྒྱུ་རེད།

2.jpg

  • རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོར་མུ་མཐུད་དུ་ཤུགས་བསྣན་ཏེ། རྒྱལ་ཡོངས་ཀྱི་བརླན་སའི་རྒྱ་ཁྱོན་ཨེ་ཤེ་ཡའི་ཨང་དང་པོ་དང་འཛམ་གླིང་གི་ཨང་བཞི་པར་སླེབས་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོར་སྨན་བཅོས་འགན་བཅོལ་ཐེབས་རྩའི་འཕུར་སྐྱོད་ཞིབ་བཤེར་རྒྱལ་ཡོངས་ཀྱི་ཞིང་ཆེན་ཚང་མར་ཁྱབ་ནས་འགན་བཅོལ་མགོ་སྐོར་གཏོང་བའི་གནད་དོན་ལ་མུ་མཐུད་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་རེད།

  • 2025ལོར་རང་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཀྱིས་སླར་ཡང་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ཏེ། གྲུ་གཟིངས་བཟོས་ཚར་ཚད་དང་། གསར་དུ་དང་ལེན་བྱས་པའི་མངགས་ཐོའི་ཚད། ལག་ཏུ་མངགས་ཐོ་བྱེད་ཚད་བཅས་ལྟེ་བའི་དམིགས་ཚད་ཆེན་པོ་གསུམ་ལོ16བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་བརྟན་པོའི་ངང་སླེབས་པ་དང་། ཁྲོམ་རའི་ཐོབ་སྐལ་ཚང་མ་ཕྱེད་ཀ་ལས་བརྒལ་ཡོད།

  • ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། 2026ལོར་ཉི་ནུས་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་དེ་རྡོ་སོལ་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ལས་ཐོག་མར་བརྒལ་རྒྱུ་ཡིན་པ་དང་། ལོ་མཇུག་ཏུ་རླུང་གློག་དང་ཉི་ནུས་གློག་འདོན་འཕྲུལ་འཁོར་གྱི་སྤྱིའི་གློག་འདོན་འཕྲུལ་འཁོར་གྱི་ཕྱེད་ཀ་ཟིན་རྒྱུ་རེད།

  • ཚོང་དོན་པུ་སོགས་སྡེ་ཚན9ཡིས་ཇུས་གཞི་པར་འགྲེམས་བྱས་ནས་ས་གནས་ཁག་གིས་དཔྱིད་གསར་དུས་ཆེན་རིང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་ཁ་གསབ་གྲངས་འབོར་མང་དུ་གཏོང་རྒྱུའི་སྐུལ་མ་བཏང་།

  • 《རླངས་འཁོར་གྱི་སྒོ་ཡུའི་བདེ་འཇགས་ལག་རྩལ་གྱི་བླང་བྱ》བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི་ཁྱབ་བསྒྲགས་བྱས་ཏེ། 2027ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་མགོ་བརྩམ་རྒྱུ་རེད།

  • རྒྱལ་སྤྱིའི་གསེར་དང་དངུལ་གྱི་རིན་གོང་ཚེས2ཉིན་ཆེས་ཆེར་ཆག་པ་དང་། དེའི་ནང་གསེར་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་སྐབས་ཤིག་རིང་ཨང་སི་རེར་ཨ་སྒོར4500བར་ཆག་ཡོད།

  • དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་གིས་ཨ་རི་དང་ཉིང་རྡུལ་གྲོས་མོལ་བྱ་རྒྱུའི་བཀའ་བཏང་བ་རེད།

སྤྱི་ཚོགས།

3.jpg

  • རྒྱལ་ཁབ་བར་སྟོང་གནམ་གཤིས་ལྟ་ཞིབ་ཚད་ལེན་ཉེན་ཟོན་སྔོན་བརྡ་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས2ཉིན་གྱི་ཆུ་ཚོད8པ་ཙམ་ལ་ཉི་མརX8.1རིམ་པའི་འཚེར་སྨེ་བྱུང་ཞིང་། དེ་ནི་ཟླ16རིང་གི་ཆེ་དྲགས་ཤོས་ཡིན།

  • ཚེས2ཉིན། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཛད་སྤྱོད་དྲན་སྐུལ་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཤོག་སྦག་ཉོ་རྒྱུར་མཛུབ་ཁྲིད་བྱས།

  • ཉེ་དུས་རྒྱལ་ཁབ་ཕྱི་ནང་གི་ལྕགས་རིགས་རྩ་ཆེན་གྱི་རིན་གོང་འཕར་ཆག་ཆེན་པོ་བྱུང་བ་དང་། ཁྲོམ་རའི་གཏན་འཁེལ་མེད་པའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཉིན་ཤས་གོང་རྒྱལ་དབང་དངུལ་ཁང་ཆེ་གྲས་དྲུག་གིས་གསེར་གྱི་འབྲེལ་ཡོད་ལས་སྒོ་ལེགས་སྒྲིག་བྱ་རྒྱུའི་སྤྱི་བསྒྲགས་ཐེངས་མང་སྤེལ་བ་དང་འབྲེལ་ཉོ་ཚོང་གི་ཉེན་ཁའི་དྲན་སྐུལ་ཡང་བྱས་པ་རེད།

  • ལས་སྟེགས་མང་པོའི་ཐོག“AIབདུད་བཅོས”དང་འབྲེལ་བའི་སྒྲིག་འགལ་བརྙན་ལམ་གྱི་མཐའ་མའི་ཐག་གཅོད་བྱས་འབྲས་ཡོངས་བསྒྲགས་བྱས་པ་དང་རྗེས་མར་རྒྱུན་རྣམ་ཅན་གྱི“AIབདུད་བཅོས”ཀྱི་སྒྲིག་འགལ་རིགས་ཀྱི་བརྙན་ལམ་བཅོས་སྒྲིག་བྱ་རྒྱུ་རེད།

  • ཅང་ཤིས་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་། ཀྲུའུ་ཞི་ཐང་དབྱི་ཅུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཐང་དབྱི་ཅུན་ལ་ཚེ་བཙོན་གྱི་ཉེས་ཆད་བཅད་པ་རེད།

  • འབར་མའི་པེ་ཚང་ཉེས་གསོག་ཚོགས་པའི་གྱོད་གཞིའི་ཉེས་ཅན་བཞི་ལ་སྲོག་ཁྲིམས་བཅད་པ་རེད།

  • པེ་ཅིང་ཁྲང་ཧྥུང་སྨན་ཁང་གི་མེ་སྐྱོན་ལས་འཛོལ་ལས་མི29རྐྱེན་ལམ་དུ་ཤོར་བ་དང་མི42ལ་རྨས་སྐྱོན་ཕོག་པ་རེད། ཚེས2ཉིན་གྱོད་གཞི་དེའི་ཞུ་སྦྱོར་ཕྱི་མ19ལ་དུས་བཀག་བཙོན་འཇུག་ལོ་དྲུག་དང་ཟླ་བ་དྲུག་ནས་ལོ་གཉིས་བར་གྱི་ཁྲིམས་ཆད་བཅད་པ་རེད།

4.png

  • ཉེ་ཆར། སྤྱི་བདེ་ལས་ཁུངས་ཀྱིས་ལྷོ་ཨ་ཧྥེ་རི་ཁ་ནས་དཔལ་འབྱོར་ཉེས་གསོག་དོགས་ཅན་ཞིག་རྩིས་སྤྲོད་བྱས་ཤིང་། གྱོད་འབྲེལ་སྒོར་ཁྲི4900ལྷག་ཙམ་ཟིན་ཡོད། གྱོད་གཞི་དེ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷོ་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་སྤྲོད་ཆིངས་ཡིག》གོ་ཆོད་པ་ནས་བཟུང་རྩིས་སྤྲོད་ལེགས་གྲུབ་བྱུང་བའི་གྱོད་གཞི་ཐོག་མ་རེད།

  • ཧྲང་ཧའེ་ཡིས་ལག་བརྒྱུད་སྡོད་ཁང་ཉོ་སྒྲུབ་བྱས་ནས་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ལས་དོན་ལ་སྤྱོད་མགོ་ཚུགས་པ་དང་། ཕུའུ་ཏུང་གསར་སྤེལ་ཁུལ་དང་། ཅིང་ཨན་ཁུལ། ཞུས་ཧུའེ་ཆུས་བཅས་ཚོད་ལྟའི་ཁུལ་དང་པོ་བྱ་རྒྱུ་རེད།

5.jpg

  • ཉེ་ཆར། ཧོ་ནན་ཀྲོའུ་ཁོའུ་ཡི་བུ་མོ་ཞིག་ཆུ་ནང་དུ་ལྷུང་བ་དང་གྲོང་མི་སྐུ་ཞབས་ཝང་ལགས་ཀྱིས་མཐོང་རྗེས་གྲང་ངར་ལ་མ་འཛེམས་པར་གཙང་པོའི་ནང་དུ་མཆོངས་ནས་བུ་མོ་དེ་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་བྱ་སྤྱོད་འཆར་གཞི་བཟོས་ནས2026ལོར་ལམ་ཐིག་དང་པོ་དང་ལམ་ཐིག་གཉིས་པ་སོགས་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་ལ་གློག་སྐས་བསྣན་པའི་ལས་གྲྭ་སྤེལ་རྒྱུ་རེད།

  • ཧྲང་ཧའེ་ཡིས་བརྡ་ཐོ་བཏང་ནས་ཆུས་ཅུས(ཐོན་ལས)བཟོ་ཚོགས་ཀྱི་གྲོན་དངུལ་སྤྱད་དེ“བཟོ་ཚོགས་ཀྱི་ཕ་མ་བུ་ཕྲུག་གི་དབྱར་སྒར”བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། དུས་ཡུན་ཉིན་དཀར་གསུམ་དང་དགོང་མོ་གཉིས་ལས་མི་བརྒལ་བ་བྱ་རྒྱུ་རེད།

  • ཧེ་ལུང་ཅང་གིས་བརྡ་ཐོ་བཏང་ནས་མི་ཐབས་རིག་ནུས་ཀྱི་ཀུན་ཤེས་སློབ་གསོ་དེ་ས་གནས་ཀྱི་སློབ་ཚན་འཛུགས་སྐྲུན་ནང་བཅུག་ནས《ཧེ་ལུང་ཅང་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་མི་ཐབས་རིག་ནུས་ཀྱི་ཀུན་ཤེས་སློབ་གསོ་དང་ཉེར་སྤྱོད》ཞེས་པའི་ས་གནས་སློབ་དེབ་རྩོམ་སྒྲིག་བྱ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

4.jpg

  • བོད་ལྗོངས་ཀྱི་ནུབ་རྒྱུད་དང་བྱང་རྒྱུད། དེ་བཞིན་ཤར་རྒྱུད་དང་། མཚོ་སྔོན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། སི་ཁྲོན་གྱི་བྱང་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གྱི་ཤར་རྒྱུད། ཁྲུང་ཆིང་གི་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད་དང་དབུས་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད། 


མཉམ་སྤྱོད།