དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-02-04 10:00:21   |   127

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ2པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཝུ་ར་ཀུའེ་ཡི་ཙུང་ཐུང་ཨོར་ཤིས་དང་གྲོས་མོལ་གནང་།

  • 2026ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཟླ2པའི་ཚེས3ཉིན་ཁྱབ་བསྒྲགས་བྱས་པ་དང་། དེ་ནི“ལོ་ལྔའི་འཆར་གཞི་བཅུ་ལྔ་པའི”ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་རེད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་སྟེ“རྒྱལ་ཁབ་ཀྱི་ཁ་གསབ་གསར་པ”དོན་འཁྱོལ་བྱས་པའི་ཟླ་དང་པོར། རྒྱལ་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་དང་ཨང་ཀིའི་ཐོན་རྫས། རིག་ནུས་ཐོན་རྫས་བཅས་ཀྱི་ཁ་གསབ་སྡོམ་གྲངས་ཁྲི1500ལས་བརྒལ་ཡོད་པ་རེད།

  • ཚེས2ཉིན་ནི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོ་ཡིན་པ་དང་། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི1223.5སྐྱེལ་འདྲེན་བྱས། སྐྱེལ་འདྲེན་བདེ་འཇགས་དང་གོ་རིམ་ལྡན་པ་ཡིན།

  • བཟོ་འཕྲིན་པུ་སོགས་སྡེ་ཚན་བརྒྱད་ཀྱིས་ཚེས3ཉིན《རླངས་འཁོར་གྱི་གྲངས་གཞིའི་རྒྱལ་མཚམས་སྒྲོལ་བའི་བདེ་འཇགས་མཛུབ་ཁྲིད(པར་གཞི2026)》མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་ཏེ། རླངས་འཁོར་གྱི་གྲངས་གཞི་རྒྱལ་མཚམས་སྒྲོལ་བའི་བྱེད་སྒོའི་དོ་དམ་བྱེད་སྟངས་དང་། གྲངས་གཞི་གལ་ཆེན་གཏན་འཁེལ་བྱེད་པའི་སྒྲིག་སྲོལ་དང་བདེ་འཇགས་སྲུང་སྐྱོང་གི་བླང་བྱ་ཁ་གསལ་བཟོས་ཡོད།

  • རང་བྱུང་ཐོན་ཁུངས་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན།“གཏའ་མ་འཁྱེར་ནས་བདག་པོ་བརྗེ་བའི”ཞབས་ཞུ་དེ་མི་སྒེར་ནས་ཁེ་ལས་བར་རྒྱ་བསྐྱེད་གཏོང་རྒྱུ་དང་། སྡོད་ཁང་ནས་བཟོ་ཚོང་ལས་རིགས་སོགས་གཏན་འཇགས་རྒྱུ་ནོར་སྣ་ཚོགས་བར་རྒྱ་སྐྱེད་གཏོང་རྒྱུ་ཡིན་པ་རེད།

  • ཆུ་བེད་པུས་མ་ཡུམ་ཆུ་བོ་སླར་གསོའི་བྱ་སྤྱོད་ཁག་གཉིས་པ་སྤེལ་མགོ་ཚུགས་པའི་ནང་ཡུང་ཞིང་ཆུ་བོ་དང་། ཧུའུ་ཐུའོ་ཆུ་བོ། ཝུའུ་ལེའང་སུའུ་མཚོ། ལེའོ་ཧོ་ཆུ་བོའི་གཞུང་ཆུ་བཅས་ཚུད་པའི་ཆུ་བོ(མཚེའུ)111མིང་ཐོའི་ནང་བཅུག་ཡོད་པ་རེད།

  • ཚེས3ཉིན་ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་ཕྱོགས་གཉིས་ཀྱི་མ་འཇོག་སྙན་ཞུ2025》ལས་ཀྲུང་གོ་གོ་ལ་ཧྲིལ་པོའི་མ་འཇོག་མཁན་གྱི་མ་འཇོག་བྱ་ཡུལ་གལ་ཆེན་དུ་ཡུན་རིང་རྒྱུན་འཁྱོངས་ཐུབ་པ་མངོན་ཡོད།

  • གསར་འགོད་པས་ཨ་རིའི་མགོ་ཁྲིད་པས་ཀྲུང་གོ་ཉིང་རྡུལ་དང་དམག་མི་ཉུང་འཕྲིའི་གྲོས་མོལ་ནང་ཞུགས་རྒྱུའི་རེ་བ་བཏོན་མྱོང་ཞེས་བཤད། ཚེས3ཉིན་ཕྱི་འབྲེལ་པུས་ཀྲུང་གོ་དང་ཨ་རིའི་ཉིང་རྡུལ་སྟོབས་ཤུགས་དེ་རིམ་པ་གཅིག་སྟེང་ན་གཏན་ནས་མེད་པས་ད་ལྟར་ཀྲུང་གོ་ཕྱོགས་ལ་ཉིང་རྡུལ་དང་དམག་མི་ཉུང་འཕྲིའི་གྲོས་མོལ་ནང་ཞུགས་རྒྱུའི་རེ་བ་བཏོན་པ་དེ་དྲང་གཞག་མིན་པ་དང་ལུགས་དང་མི་མཐུན་པ་ཞིག་རེད་ཅེས་བཤད།

  • ཚེས3ཉིན། སི་ཕེན་གྱི་དབུ་བཞུགས་བློན་ཆེན་ཕེ་ཏེ་ལུའོ·སང་ཆེ་སིས་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་ནས་ལོ16མན་གྱི་ན་སོ་དར་ལ་མ་བབས་པའི་མིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ལས་སྟེགས་སྤྱོད་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཚེས3ཉིན་གྱི་མཚན་མོ་ནས་ཚེས4ཉིན་བར་ཧྭ་བྱང་གི་དབུས་ལྷོ་རྒྱུད་དང་། ཧོང་ཧོའེ་ཡི་དབུས་ནུབ་རྒྱུད། ཧྥུན་ཝེ་བདེ་ཐང་། ཅང་ཧན་སོགས་ས་ཁུལ་ཁག་གཅིག་ཏུ་སྨུག་རྡུལ་ཆུང་བ་ནས་འབྲིང་བའི་བར་ཡོད་པ་དང་། ཚེས4ཉིན་ཧྭ་བྱང་དབུས་ལྷོ་རྒྱུད་ཀྱི་ས་ཁུལ་དུ་སྨུག་རྡུལ་ཚབས་ཆེན་བྱུང་རྒྱུ་རེད།

  • ཚེས3ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སོ་སོར་སྒོར205དང་སྒོར195འཕར་ཡོད། 

  • རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ཀྱིས་སྒུལ་བདེའི་ཉེར་སྤྱོད72ཀྱིས་ཁྲིམས་འགལ་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་པའི་གནས་ཚུལ་ཞིབ་དཔྱད་ཚད་ལེན་བྱས།

  • ཚེས3ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་ལི་ཝེ་ཝེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་ལི་ཝེ་ལ་ཚེ་བཙོན་གྱི་ཉེས་ཆད་བཅད་པ་རེད།

  • ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་གི་དེ་སྔའི་ཡོན་ཀྲང་ལེན་ཅི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

3.png

  • ཚེས1ཉིན། གོ་ལ་ཧྲིལ་པོའི་མཉམ་བསྲེས་སྒུལ་ཤུགས་མི་མེད་སྐྱེལ་འདྲེན་གནམ་གྲུ་ཐོག་མ་སྟེ། འཇའ་ཚོནYH-1000Sཁྲུང་ཆིང་ལིའང་ཕིང་དུ་ཐེངས་དང་པོར་འཕུར་བ་ལེགས་འགྲུབ་བྱུང་།

  • ཚེས3ཉིན། ཀྲུང་གོའི་ཕིང་ཕང་སྤོ་ལོའི་མཐུན་ཚོགས་ཀྱིས་གཞུང་ཕྱོགས་དྲ་ཚིགས་ཐོག《2026ལོའི་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོན་ཏོན་འཛམ་གླིང་ཕིང་ཕང་སྤོ་ལོའི་ཚོགས་པའི་གཟེངས་རྟགས་འགྲན་བསྡུར་གྱི་མཐའ་བསྡུར་འདེམས་ཐབས》ཡོངས་བསྒྲགས་བྱས་པ་རེད། དེའི་ནང་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་གྱི་ཨང་དང་པོ་དང་སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐད་ཀར་འདེམས་ཆོག

  • ཧེ་ལུང་ཅང་ཆི་ཆི་ཧར་ཡིའི་རྒན་གསོའི་སྒྲིག་གཞི་ཞིག་ལ་ཚེས2ཉིན་མེ་སྐྱོན་བྱུང་། ས་གནས་དེ་གས་ཚེས3ཉིན་བརྡ་ཁྱབ་བཏང་ནས་ལས་འཛོལ་ནང་མི5རྐྱེན་ལམ་དུ་ཤོར་བ་ཁྱབ་བསྒྲགས་བྱས།

  • དྲ་དམངས་ཀྲང་ཆེ་གེ་མོས་དོ་ཁུར་ཆེན་པོ་བྱ་ཆེད“ཉིང་པོའི་ཕྱིར་ཚོང་ཚོང་པ་མཉམ་སྡེབ་ཕྱིར་ཚོང་ལས་སྟེགས་ནས་ཕྱིར་འཐེན་བྱས་པ”ཞེས་པའི་དཀྲོག་གཏམ་སྤེལ། མིག་སྔར་སྤྱི་བདེ་ལས་ཁུངས་ཀྱིས་སྲིད་འཛིན་བཀག་ཉར་བྱས་པ་རེད།

640.gif

  • ཉེ་ཆར། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་ཁྲུང་ཀྲོའུ་ཡུག་ཁུལ་གྱི་དམར་ཕྱིའི་པར་ཆས་ཀྱིས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡོ་ཡའི་ཆུ་སྲམ་གྱི་བརྙན་ལམ་ཐོག་མར་གསལ་པོར་བླངས།

སྲིད་ཇུས།

  • ཐེན་ཅིན་གྱིས་ཆ་རྐྱེན་དང་མཐུན་པའི་རྒྱལ་ཁབ་ཀྱི་ཚོང་ལས་འགན་བཅོལ་གསར་གཏོད་སྨན་རྫས་དཀར་ཆག་ནང་བཅུག་པའི་ཚོང་ལས་བདེ་ཐང་འགན་བཅོལ་ལ་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་སྤྱད་དེ་ཉོ་རྒྱུར་འཚོལ་ཞིབ་བྱས་པ་བརྡ་ཐོ་བཏང་།

  • ཧྲའན་ཞིས2026ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭའི་རིགས་དབྱེའི་ཡིག་རྒྱུགས་དེ་དཔེ་སྟོན་མཐོ་རིམ་ལས་རིགས་ཀྱི་ཁེར་རྐྱང་སློབ་བསྡུ་དང་ཕྱོགས་བསྡུས་གདེང་འཇོག་སློབ་བསྡུ་དབྱེ་བ་མི་འབྱེད་པར་གཅིག་གྱུར་ཐོག“རིག་གནས་བྱང་ཚད+ལས་རིགས་རྩལ་ནུས”ཀྱི་གདེང་འཇོག་བྱེད་སྟངས་ལག་ལེན་བསྟར་རྒྱུ་ཡིན་པ་ཁ་གསལ་བཏོན།

  • ཀོང་ཞིས་བརྡ་ཐོ་བཀྲམ་ནས་ལོ་འཁོར་གྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི3000ལས་ཐོག་མར་བརྒལ་བའི་མི་ཐབས་རིག་ནུས་ཁེ་ལས་ལ་ཚན་རྩལ་འཆར་གཞིའི་རྣམ་གྲངས་མཐོ་ཤོས་སྒོར་ཁྲི100ཡི་འགྲོ་གྲོན་རྒྱབ་སྐྱོར་བྱ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཞིན་ཅང་གི་བྱང་རྒྱུད། ཞིན་ཅང་ལྷོ་རྒྱུད་ཀྱི་གཞོང་སའི་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། མཚོ་སྔོན་གྱི་དབུས་ལྷོ། ཀན་སུའུ་ཡི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་གི་ཐ་ཁྲེང་ས་ཁུལ་དང་དབྱི་ལི་ལུང་ཁུལ། བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད། ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་བ་ནས་ཁངས་ཆེན་འབབ་རྒྱུ་རེད། སི་ཁྲོན་གཞོང་སའི་དབུས་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་ཡི་དབུས་ཤར་རྒྱུད་དང་ནུབ་བྱང་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་ཏའོ་གླིང་ཕྲན་གྱི་བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབབ་རྒྱུ་རེད།


མཉམ་སྤྱོད།