དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-02-05 09:45:24   |   123

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.png

  • ཟླ2པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ཐོག་ནས་མཇལ་འཛོམས་གནང་།

  • ཟླ2པའི་ཚེས4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཁྲོན་ཕུ་དང་ཁ་པར་བཀའ་མོལ་གནང་།

2.png

  • ཟླ2པའི་ཚེས4ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཆེད་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱི་ཆེད་མངགས་པོ་ཉ། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་ནམ་ཕྱི་འབྲེལ་པུའི་པུ་ཀྲང་ལི་ཧོའེ་ཀྲུང་དང་མཇལ་འཛོམས་གནང་།

  • 2025ལོར་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར24456ཟིན་པ་དེ་ལོ་གོང་མ་ལས6%དངོས་སུ་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ལྡབ་ཁྱད2020ལོའི2.56:1ནས་2.31:1བར་ཉུང་དུ་ཕྱིན་ཡོད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ཟླ1པོ་ནས11པའི་བར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་འབར་མའི་བྱང་རྒྱུད་དུ་མགོ་སྐོར་དང་འབྲེལ་བ་ཡོད་པའི་མི་སྣ4300ལྷག་གཅིག་སྡུད་ཐོག་ཕྱིར་སྐྱེལ་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་། མི་ཁྲི1.1ལྷག་ཙམ་ཁྲིམས་སྦྱོར་བྱས་པས། རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་གཡོ་ལེན་གྱི་ཉེས་གསོག་པར་ཟིལ་གནོན་ནུས་ལྡན་ཆགས་ཡོད།

  • ཉེ་ཆར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གཞུང་དོན་ཐིང་གིས《2026ལོ་འཁོར་གྱི་ཆེད་ལས་ལག་རྩལ་མི་སྣའི་ལས་རིགས་ཐོབ་ཐང་རྒྱུགས་ལེན་ལས་དོན་འཆར་གཞི་དང་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ལྕགས་ལམ་སྡེ་ཚན་གྱིས་རིམ་རྩིས་བྱས་ན་དཔྱིད་གསར་སྐྱེལ་འདྲེན་རིང་གི་མེ་འཁོར་སྤ་སེ་དུང་ཕྱུར1ལྷག་བཙོངས་ཡོད་པ་རེད།

  • རིག་གནས་གནས་སྐོར་པུས་སྐམ་ས་ཆེ་མོའི་ཕྱོགས་ཀྱིས་ཉེ་དུས་ཧྲང་ཧའེ་ཡི་གྲོང་མི་ཅིན་མོན་དང་མ་ཙུའུ་རུ་གནས་སྐོར་དུ་བསྐྱོད་པར་སླར་གསོ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

4.png

  • སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པའི་དར་ཆ་སྒྲེང་མཁན་ནི་མྱུར་ཚད་དར་ཤུད་ཀྱི་སྐྱེས་པའི་ལུས་རྩལ་པ་ཉིང་ཀྲུང་ཡན་དང་ལམ་ཐུང་མྱུར་ཤུད་ཀྱི་བུད་མེད་ལུས་རྩལ་པ་ཀྲང་ཁྲུའུ་ཐུང་གིས་འགན་འཁུར་རྒྱུ་རེད།

  • འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་ཉེ་ཆར་གཏམ་བཤད་བྱེད་སྐབས་རང་སྲུང་རུ་ཁག་རྩ་ཁྲིམས་ནང་འགོད་འདོད་ཡོད་ཅེས་བཤད་པ་རེད། དེའི་ཐད་ཕྱི་འབྲེལ་པུའི་མགྲིན་ཚབ་པས་འཇར་པན་ཕྱོགས་ལ་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་དགོས་པའི་སྐུལ་ལྕག་བྱས།

སྤྱི་ཚོགས།

4.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གྲང་རླབས་སྔོན་པོའི་སྔོན་བརྡ་བཏང་སྟེ། སྔོན་དཔག་བྱས་ན་ཚེས4ཉིན་གྱི་མཚན་མོ་ནས་ཚེས7ཉིན་བར་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་བྱང་ནས་ལྷོ་ཕྱོགས་སུ6~10℃ཆག་རྒྱུ་ཡིན་པ་དང་། དེའི་ནང་བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་ཁག་གཅིག་གི་དྲོད་ཚད་མར་ཆག12~16℃སླེབས་རྒྱུ་རེད།

  • ཚེས4ཉིན། རྒྱལ་ཁབ་གེགས་འགོག་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་གིས་བརྡ་ཐོ་བཏང་སྟེ། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་རང་བྱུང་གནོད་འཚེའི་ཉེན་ཁ་སྔོན་འགོག་དང་ཁ་གཏད་གཅོག་རྒྱུའི་བཀོད་སྒྲིག་བྱས་པ་རེད།

  • ཚེས4ཉིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས“2025ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་པ”ཁྱབ་བསྒྲགས་བྱས།

  • པེ་ཅིང་གྲོང་ཁྱེར་གྱིས་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་གྱི་གློག་གསོག་སྒྲིག་བཀོད་འཛུགས་སྐྲུན་དང་གསར་བརྗེ་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་མིག་སྔར་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་དུ་རིམ་འདས་གློག་གསོག་ཡོ་བྱད་ཡོངས་སུ་ཁྱབ་ཡོད་པ་རེད།

  • 2026ལོའི་ཅང་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་རྒྱུན་གཏན་འགྲན་བསྡུར་གྱི་ཉིན་རེའི་ལས་རིམ་ཁྱབ་བསྒྲགས་བྱས་པ་རེད།

  • ཧུའུ་པེ་ཞིང་ཆེན་གྱིས་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་ཞང་དབྱང་གྲོང་ཁྱེར་དང་དབྱི་ཁྲང་གྲོང་ཁྱེར་དུ་སྨྱན་སྦྱོར་ཐོག་བཏོན་པའི་སྨྱོ་ནད་སྨན་ཁང་གི“སྒྲིག་འགལ་ངང་ནད་པར་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གཡོ་ལེན་བྱས་པའི་དོགས་གཞི་ཡོད་པ”སོགས་ཀྱི་གནད་དོན་ལ་བརྟག་དཔྱད་གཏིང་ཟབ་བྱས་པ་རེད།

  • ཉེ་དུས་དྲ་རྒྱའི་ཐོག་དོ་ཁུར་བྱེད་པའི“བཟའ་ཟླའི་དྲ་ཐོག་ནས་སྔོ་ཚལ་ཉོས་ནས་དུག་ཕོག་པའི་དོན་རྐྱེན”ལ་དམིགས་ནས་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཐེན་ཐའེ་རྫོང་སྤྱི་བདེ་ཅུས་ཉིན་ཤས་གོང་ཉེན་རྟོག་པའི་གནས་ཚུལ་བརྡ་ཁྱབ་བཏང་སྟེ། དོན་དག་དང་འབྲེལ་བ་ཡོད་པའི་བཟའ་ཟླས་བསྙད་འདོགས་རྒྱུ་ལེན་བྱས་པའི་ཉེས་པ་བསགས་པས་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་ཡོད་ཅེས་བཤད།

5.jpg

  • ཉེ་ཆར། ཧོ་ནན་ཧྲང་ཆིའུ་རླངས་འཁོར་ཞིག་ལ་མེ་ཤོར་ནས་གཞོན་ནུ་གསུམ་ཉེན་ཁར་འཕྲད་པ་དང་། ལམ་དུ་འགྲོ་བཞིན་པའི་ཚབ་སྐོར་ཕོ་གསར་ཝང་ཡིང་པིན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མི་སྐྱོབ་པ་དང་། ལམ་འགྲོ་བའི་རོགས་རམ་འོག་མི་གསུམ་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས2026ལོར་ཐོག་ཁང་རྙིང་པར་གློག་སྐས800ཡན་སྣོན་རྒྱུར་སྐུལ་འདེད་གཏོང་བ་དང་། སྡོད་ཁང་རྙིང་པའི་གློག་སྐས་རྙིང་པ6000གི་བདེ་འཇགས་དཔྱད་དཔོག་ལེགས་གྲུབ་བྱེད་པ། སྡོད་ཁང་གི་གློག་སྐས་རྙིང་པ་གསར་སྒྱུར་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཁ་གསལ་བཏོན།

  • ལེའོ་ཉིང་གིས་སྤྱི་བདེའི་སྲིད་དོན་ཞབས་ཞུ་དུས་ཚོད་ནར་འགྱངས་ཀྱིས་གཉེར་བ་དང་། སྔོན་མངགས་ཀྱིས་གཉེར་བ། མི་འདང་བ་ཡོད་ཀྱང་གཉེར་ཆོག་པ་བཅས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ“རྒན་པ་གཅིག་དང་ཆུང་བ་གཅིག”དང་། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་ཁྱིམ་ཐོ་དང་ཐོབ་ཐང་ལག་ཁྱེར་སྔོན་མངག་བྱས་ནས་སྒོ་རྩར་ལག་ཁྱེར་གཉེར་བའི་ཞབས་ཞུ་བྱེད་ཆོག་པའི་བྱ་ཐབས་པར་འགྲེམས་བྱས།

  • ཧྥུའུ་ཅན་གྱིས་ཁང་པ་ཉོ་བའི་སྤྱི་གསོག་མ་དངུལ་ལེན་པའི་དུས་ཚད་ལྷུག་ཏུ་བཏང་ནས་དངུལ་བཅོལ་མཁན་གྱིས་ཁང་བ་ཉོ་བ་དང་། བཟོ་སྐྲུན། བསྐྱར་སྐྲུན། ཉམས་གསོ་ཆེན་པོ་བཅས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་རྒྱུའི་རེ་ཞུ་བྱེད་སྐབས་ཆེས་འགོར་ནའང་གོ་ཆོད་པའི་དཔང་ཡིག་ཐོབ་པའི་ཉིན་ནས་བཟུང་གི་ལོ་གསུམ་ནང་ཚུན་དུ་ཐེངས་གཅིག་ལ་རེ་ཞུ་བྱེད་ཆོག་པ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

6.jpg

  • ཞིན་ཅང་བྱང་རྒྱུད་ཀྱི་ཤར་རྒྱུད་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་གཞོང་ས་དང་། ནང་སོག་གི་བྱང་ཤར་རྒྱུད། བྱང་ཤར་ས་ཁུལ་མང་ཆེ་བ། བོད་ལྗོངས་ཀྱི་ཤར་རྒྱུད། ནུབ་བྱང་ས་ཁུལ་གྱི་དབུས་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཧེ་ལུང་ཅང་གི་ཤར་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ཞིན་ཅང་བྱང་རྒྱུད་ཀྱི་ཤར་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ནས་ཁངས་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།