དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-02-06 09:16:44   |   72

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ2པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་འཕྲིན་ལན་སྤྲིངས་ནས། ཐུན་མོང་སྒོས2026ལོ་དེ“ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་ལོར”གཏན་འཁེལ་བྱ་རྒྱུ་དང་འབྲེལ་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

  • ཚེས5ཉིན། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་བཞི་པར་སྤྱི་ཚོགས་ཡོངས་སུ་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར1.96ཙམ་ཟིན་ཡོད་པ་རེད།

  • ཉེ་ཆར། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཚན་བཅུ་གཅིག་གིས་མཉམ་འབྲེལ་ཐོག《ཕྱི་རྒྱལ་གྱི་མི་སྣ་རྒྱལ་ཁོངས་ནང་འཛུལ་བའི་གྲངས་གཞི་ཅན་གྱི་ཞབས་ཞུའི་སྟབས་བདེ་རང་བཞིན་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམས་བྱས།

  • སྙན་ཞུ་ལས་མངོན་པར། 2025ལོའི་ཟླ12པའི་བར་རང་རྒྱལ་གྱི་དྲ་དམངས་ཀྱི་གཞི་ཁྱོན་དུང་ཕྱུར11.25ཟིན་པ་དང་། དྲ་སྦྲེལ་ཁྱབ་གདལ་གཏོང་ཚད800%ལས་བརྒལ་ཡོད་པ་རེད།

  • 2025ལོར་རྒྱལ་ཡོངས་སུ་གཉེར་སྐྱོང་བྱེད་པོ་ཁྲི2574.5གསར་དུ་བཙུགས་པ་དང་། གཉེར་སྐྱོང་བྱེད་བཞིན་པའི་ཁེ་ལས་ཀྱི་གྲངས་འབོར་དུས་མཚུངས་ལས9.8%འཕར་ཡོད།

  • 2025ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་གཏུམ་སྤྱོད་ཉེས་གསོག་ཚབས་ཆེན་ཁྱོན་ཁྲི4.9ཁྲིམས་སྦྱོར་བྱས་པ་དེ་དུས་མཚུངས་ལས10.3%མར་ཆག་ཡོད།

  • 2025ལོར་གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་དང་ཞིང་ལས་ཐོན་རྫས་དྲ་རྒྱའི་སིལ་ཚོང་དངུལ་འབོར་སོ་སོར་སྒོར་དུང་ཕྱུར་ཁྲི3དང་སྒོར་དུང་ཕྱུར7833.1ཟིན་པ་དང་། དེ་དུས་མཚུངས་ལས་སོ་སོར6.7%དང9.9%འཕར་ཡོད།

  • གྲངས་གཞི་ལས་མངོན་པར། 2025ལོར་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་འཕར་ཐང་དུས་མཚུངས་ལས8.2%འཕར་ཡོད།

  • ཚོང་དོན་པུས་ཀྲུང་གོས་ཨ་རིའི《དངུལ་ལོར་འགྲེམས་ཐལ་ཤོར་བའི་འཕྲི་ཐབས》ཞུ་གཏུག་བྱས་པའི་གྱོད་གཞིའི་ཁྲུན་གཅོད་ལས་འཛམ་གླིང་ཚོང་དོན་ཁོངས་མིའི་གཞི་རྩའི་ཐུན་མོང་གི་ངོས་འཛིན་མཚོན་ཡོད།

  • དབྱི་རན་གྱི་ཕྱི་འབྲེལ་པུ་ཀྲང་གིས་ཡིག་ཆ་སྤེལ་ནས་དབྱི་རན་དང་ཨ་རིས་ཉིང་རྡུལ་གནད་དོན་ཐད་སྤེལ་བའི་གྲོས་མོལ་དེ་ཚེས6ཉིན་ཨ་མན་གྱི་རྒྱལ་ས་མ་སི་ཁ་ཐེ་རུ་འཚོགས་རྒྱུ་གཏན་འཁེལ་བྱས་ཡོད་པ་བསྟན།

སྤྱི་ཚོགས།

1.jpg

  • དེ་རིང་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཕོག་པའི་དབང་གིས་བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་། ཧོང་ཧོའེ། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཤར་རྒྱུད་བཅས་སུ་དྲོད་ཚད10~16℃མར་ཆག་རྒྱུ་དང་། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་བཅས་ཀྱི་དྲོད་ཚད་མཐོ་ཤོས་མར་ཆག་ནས10°Cམན་ལ་སླེབས་རྒྱུ་རེད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས5ཉིན་གྱི་ཆུ་ཚོད8པ་བར་ལྕགས་ལམ12306གྱིས་རིམ་རྩིས་བྱས་ན་དཔྱིད་གསར་སྐྱེལ་འདྲེན་གྱི་མེ་འཁོར་སྤ་སེ་དུང་ཕྱུར1.12བཙོངས་པ་རེད།

  • 2025ལོར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་ཞུ་གཏུག་ཐེར་འདོན་ཁྲི2646བསྡུ་ལེན་བྱས་ནས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར43.5མི་ཕོག་པ་བྱས་ཡོད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་དོན་ཚོགས་ཆུང་ཧུའུ་པེར་བསྐྱོད་དེ་སྨྱོ་ནད་སྨན་ཁང་གི་འབྲེལ་ཡོད་གནད་དོན་ལ་ལྟ་སྐུལ་དང་བརྟག་དཔྱད་བྱས། ཧའེ་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཞའོ་ཅེ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཀྲེ་ཅང་ཉིང་པོའི་བྱིས་པར་གཤགས་བཅོས་བྱས་རྗེས་འདས་པའི་སྨན་བཅོས་དོན་རྐྱེན་གྱི་བརྟག་དཔྱད་བྱས་འབྲས་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཡོད་ཚན་པ་དང་འགན་འཁུར་བར་ཐག་གཅོད་བྱས་པ་རེད།

  • ཧྲན་ཏུང་རུའུ་ཧྲན་གྱི་སྟོང་ཝོལ་500ཡི་གློག་སྒྱུར་ས་ཚིགས་ཚེས5ཉིན་འཁོར་རྒྱུག་བྱས། དེས་ཅའོ་ཏུང་ཕྱེད་གླིང་གི་རླུང་གློག་དང་འོད་ཤུགས་སོགས་ནུས་རྒྱུ་གསར་པ་གཞི་ཁྱོན་ཅན་གྱི་དྲ་སྦྲེལ་དང་ནུས་ཆེའི་ཟད་གྲོན་བསྡུ་སྒྲིལ་ལ་ལྟེ་བའི་འདེགས་སྐྱོར་གལ་ཆེན་བྱ་རྒྱུ་རེད།

  • ཅང་མོན་མཚོ་དོན་ཅུས་ཚེས6ཉིན་གྱི་ཆུ་ཚོད4པ་ནས22བར་དང་། ཚེས7ཉིན་གྱི་ཆུ་ཚོད4པ་ནས12པའི་བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་བྱེད་སྒོ་སྤེལ་རྒྱུ་ཡིན་པས་བསྐྱོད་མི་ཆོག་པའི་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས།

2.jpg

  • ཡུན་ནན་ཁྲུའུ་ཞུང་གིས་རྩངས་པ་རིགས་ཀྱི་ཁུང་འབྲུག་གི་རིགས་གསར་པ་སྟེ། ལིན་ཧྲི་ཡན་ཐ་འབྲུག་རྙེད་པ་རེད།

3.jpg

  • ད་ལོའི་དཔྱིད་གསར་དུས་ཆེན་རིང་པ་ཏ་ལིང་གི་མཚན་མོའི་ལྕགས་རི་རིང་པོ་ཚེས་ཉེར་དགུ་ནས་ལོ་གསར་གྱི་ཚེས་དྲུག་ཉིན་གྱི་དགོང་མོའི་ཆུ་ཚོད6པ་ནས9པའི་བར་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་ཡིན་པ་དང་། གནས་སྐོར་བས་ལྷོའི་ཐོག་བརྩེགས་བཞི་པ་ནས་བྱང་གི་ཐོག་བརྩེགས་བཞི་པའི་བར་གནས་སྐོར་བྱེད་ཆོག་གི་ཡོད་པ་རེད།

སྲིད་ཇུས།

  • ཚེས5ཉིན། ནོར་སྲིད་པུ་སོགས་སྡེ་ཚན་གསུམ་གྱིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་གླིང་ཕྲན་ནང་གི་གྲོང་མིས་འཛད་སྤྱོད་བྱས་པའི་ནང་འདྲེན་ཚོང་ཟོག་ལ“སྒོ་ཁྲལ་མི་དགོས་པའི”སྲིད་ཇུས་ཁྱབ་བསྒྲགས་བྱས་པ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་བརྡ་ཐོ་བཏང་ནས་རིན་ཐང་མཐོ་བའི་རྨ་ཁ་ཆུང་བའི་རྣམ་པ་ཁག་གཅིག་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ། ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ལས་རྣམ་གསར་པ་བཅས་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་སུ་གཞི་ཁྱོན་ཆེན་པོས་སྤྱོད་རྒྱུར་སྐུལ་འདེད་བཏང་ནས། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཁག་གཅིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

  • ཀན་སུའུ་ཡིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྲིད་ཇུས་ལེགས་སྒྲིག་བྱས་ནས་མི་རྐྱང་གིས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་རེ་ཞུ་བྱས་པ་དང་དངུལ་བུན་གཏོང་ཆོག་པའི་གྲངས་འབོར་མཐོ་ཤོས་སྒོར་ཁྲི70བར་ལེགས་སྒྲིག་བྱས་ཡོད།

དེ་རིང་གི་གནམ་གཤིས།

5.jpg

  • ཅང་ཧན་དང་འབྲི་ཆུའི་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ཧྭ་ལྷོའི་ས་ཆ་མང་ཆེ་བར་ཆར་ཆུང་ནས་ཆར་འབྲིང་འབབ་རྒྱུ་དང་། ས་ཁུལ་ཁག་ཅིག་ལ་ཆར་ཆེན་འབབ་རྒྱུ་རེད། ཨན་ཧུའེ་ཡི་ལྷོ་རྒྱུད་དང་ཀྲེ་ཅང་གི་བྱང་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད། ཧྲང་ཧའེ་ཡི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད། དེའི་ནང་ཨན་ཧུའེ་ཤར་ལྷོའི་རྒྱུད་དང་ཀྲེ་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།