དེ་རིང་ནི2026ལོའི་ཟླ02པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-02-09 09:06:20   |   169

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2026ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་གཟའ་འཁོར་དང་པོའི(ཚེས2ནས8ཉིན་བར)རིང་། སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་རིམ་རྩིས་བྱས་ན་མི་ཐེངས་དུང་ཕྱུར14ལས་བརྒལ་ཡོད།

  • ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བསམ་འཆར་པར་འགྲེམ་བྱས་ནས་ན་སོ་དར་ལ་མ་བབས་པའི་ཉེས་གསོག་སྔོན་འགོག་དང་བཅོས་སྐྱོང་ལ་སྐུལ་འདེད་བཏང་།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཁྱབ་བསྒྲགས་བྱས་པའི་འཛིན་ཤོག་གི་གྲངས་གཞི་ལས་མངོན་པ་ལྟར་ན། 2025ལོར་རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས13.9%འཕར་ཡོད།

  • ད་ལོའི་ཟླ་དང་པོའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར33991ཟིན་པ་དེ་ལོ་གོང་མའི་ཟླ12པའི་ཟླ་མཇུག་དང་བསྡུར་ན་འཕར་ཚད1.23%ཟིན་ཡོད།

  • དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཉེ་ཆར《དངུལ་ཁང་འགན་བཅོལ་སྒྲིག་གཞིའི་ཆོག་འཐུས་ལག་ཁྱེར་དོ་དམ་བྱ་ཐབས》བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་ཤིང་། འགན་བཅོལ་སྒྲིག་གཞིས་དངུལ་རྩའི་ཆོག་འཐུས་ལག་ཁྱེར་སྤྱོད་རྒྱུ་ཁ་གསལ་བཟོས་པ་དང་ད་ལོའི་ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • སྡོམ་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔར་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ཁག99ཡི་གསར་དུ་བསྣན་པའི་སྨན་རྫས་རྒྱལ་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི12000ལྷག་ཙམ་དུ་ཕྱིར་ཚོང་བྱས་ཡོད།

  • ཚེས8ཉིན་ཕྱི་འབྲེལ་པུས་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོར་འབར་གས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་གསར་འགོད་པའི་དྲི་བར་ལན་བཏབ།

2.jpg

  • ལྷ་གྲུ་ཨང་ཉི་ཤུ་པའི་ཚོགས་ཆུང“བར་སྣང་དུ་གཞུང་དོན་སྒྲུབ་པར་ཕྱིན་ཏེ”ཟླ་གསུམ་འགོར་བ་དང་། ཚོད་ལྟ་དང་སྲུང་སྐྱོང་གི་ལས་དོན་མང་པོ་ལེགས་གྲུབ་བྱུང་ཡོད།

  • འཇར་པན་རླུང་འཕྲིན་མཐུན་ཚོགས་ཀྱི་དམངས་འདོད་བརྟག་དཔྱད་ལས་མངོན་པ་ལྟར་ན། འཇར་པན་སྲིད་འཛིན་མནའ་འབྲེལ་ལ་གྲོས་ཁང་འོག་མའི་གྲོས་མི་ཕྱེད་ཀ་ལྷག་ཙམ་ཐོབ་རྒྱུ་རེད།

    སྤྱི་ཚོགས།

3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས8ཉིན་བྱེ་རྡུལ་རླུང་འཚུབ་ཀྱི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས། སྔོན་དཔག་བྱས་ན་དེ་རིང་ཤིན་ཅང་གི་ལྷོ་རྒྱུད་གཤོང་ས་སོགས་ས་ཆ་མང་པོར་བྱེ་རྡུལ་དང་ཐལ་རྡུལ་འཐིབ་པའི་གནམ་གཤིས་ཡོད་པ་དང་ས་ཆ་ཁ་ཤས་སུ་བྱེ་རྡུལ་རླུང་འཚུབ་དང་བྱེ་རྡུལ་རླུང་འཚུབ་དྲག་པོ་ཡོད།

4.jpg

  • ཉིན་ཤས་གོང་ཀྲུང་གོའི་འཕྲུལ་མི་ཕ་རི་སིའི་ཞང་ཞེ་ལི་ཧྲེ་ཁྲོམ་གཞུང་གི་དཔྱིད་གསར་དུས་ཆེན་གྱི་སྐོར་སྐྱོད་ཐོག་ཐོག་མར་མངོན།

  • ཚེས8ཉིན་ཤིན་ཅང་ཁུའུ་ཁྲེ་གྲོང་ཁྱེར་མཛའ་མཐུན་ལམ་བང་སོ་ཚོགས་པས“གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་གསར་པ”ཁྱབ་བསྒྲགས་བྱས་པ་སྟེ། ཐང་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་དབང་གིས་ཤིན་ཅང་ལ་བདག་སྐྱོང་ནུས་ལྡན་བྱས་པའི་བདེན་དཔང་ར་སྤྲོད་བྱས་ཡོད།

  • ཚེས7ཉིན་ཐེན་ཅིན་གྲོང་ཁྱེར་སྤྱི་བདེ་ཅུས་བརྡ་ཁྱབ་བཏང་བར་གཞིགས་ན། ཐེན་ཅིན་གྲོང་ཁྱེར་གྱིས་ལོ་བཅུ་བཞི་ལོན་ཡང་ལོ་བཅུ་དྲུག་མ་ལོན་པའི་ན་སོ་དར་ལ་མ་བབས་པའི་མིར་སྲིད་འཛིན་བཀག་ཉར་བྱེད་པའི་གྱོད་གཞི་ཐོག་མ་དེ་གཉེར་རྒྱུ་རེད།

  • ཚེས8ཉིན་ཀྲུང་གོའི་རུ་ཁག་གིས་སྐབས35པའི་ཕིང་ཕང་སྤོ་ལོ་ཨེ་ཤེ་ཡ་བུམ་པའི་བུད་མེད་རྐྱང་པའི་འགྲན་བསྡུར་གྱི་གསེར་དང་། དངུལ། ཟངས་བཅས་ཀྱི་རྟགས་མ་བླངས།

  • ཚེས8ཉིན་བར་ཧྲན་ཞི་ཧྲན་དབྱིན་སྐྱེ་དངོས་ཚན་རྩལ་སྤྱི་གཉེར་གྱི་འབར་གས་དོན་རྐྱེན་ཁྲོད་མི8རྐྱེན་ལམ་དུ་ཤོར།

  • ཧུའུ་པེ་ཅིང་ཀྲོའུ་དང་ཧུའུ་ནན་ཧེང་དབྱང་སོགས་ས་ཆ་མང་པོས་དཔྱིད་གསར་དུས་ཆེན་རིང་ལས་ཁུངས་དང་ཚན་པའི་ནང་ཁུལ་གྱི་རླངས་འཁོར་འཇོག་ས་སྤྱི་ཚོགས་ལ་རིན་མེད་ངང་སྒོ་ཕྱེ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

5.jpg

  • རང་རྒྱལ་གྱིས་སྨྱུག་མའི་ཁམ་བུ་ཚན་ཁག་གི་བཟི་སྡོང་གི་ཁོངས་སུ་གཏོགས་པའི་སྐྱེ་དངོས་གསར་པ་ཤེས་རྟོགས་བྱུང་།

6.jpg

  • ཉེ་ཆར་ཧེ་ལུང་ཅང་མུའུ་ལིང་གྲོང་ཁྱེར་གུང་ཧོ་ཡུལ་ཚོ་བུལ་ཁྲང་གྲོང་ཚོའི་གྲོང་མིས་གློག་མིག་བརྒྱུད་བྱང་ཤར་སྟག་གྲོང་ཚོར་འཛུལ་བ་ཤེས་རྟོགས་བྱུང་བ་དང་། བྱང་ཤར་སྟག་ཁྲོམ་གཞུང་དུ་འགྲོ་བཞིན་པ་དང་དེ་ནས་ཁ་བྲལ། མི་སྣ་ཤི་རྨས་བྱུང་མེད།

    སྲིད་ཇུས།

  • ཐེན་ཅིན་གྱིས་སྨན་བཅོས་སྒྲིག་གཞིའི་དྲ་ཐོག་ནད་བརྟག་སྨན་བཅོས་བྱེད་སྒོའི་སྨན་ཐོ་དེ་སྨན་པ་རང་ཉིད་ཀྱིས་འབྲི་དགོས་པ་ལས་མི་ཐབས་རིག་ནུས་སོགས་སྤྱོད་པ་གཏན་འགོག་བྱེད་དགོས་ཞེས་ཁ་གསལ་བཏོན།

  • ཡུན་ནན་གྱིས་ཡིག་ཆ་བཀྲམ་ནས་ཁྱིམ་ཚང་སྨན་པ་ཚོགས་པའི་འགན་འཁྲིའི་ས་ཁོངས་ཁ་གསལ་བཟོས་ཏེ། གྲོང་མིའི་ཁུལ་ཆུང་དང་གྲོང་མིའི་ཚོགས་ཆུང་(རང་བྱུང་གྲོང་ཚོ)སོགས་ཚན་པ་བྱས་ནས་ཞབས་ཞུའི་དྲ་མིག་དབྱེ་བ་དང་། ཁྱིམ་ཚང་སྨན་པ་ཚོགས་པས་དྲ་མིག་ནང་གི་གྲོང་མིར་བདེ་ཐང་དོ་དམ་གྱི་ཡུག་སྦྲེལ་ཞབས་ཞུ་མཁོ་འདོན་བྱེད་དགོས།

  • ཧེ་ལུང་ཅང་གིས་བརྡ་ཐོ་བཀྲམ་ནས་གྲོང་ཁྱེར་དང་རྫོང་གིས་ལས་གཏོད་ཁག་ཐེག་དངུལ་བུན་གྱི་མི་སྒེར་གྱི་དངུལ་བུན་མང་ཤོས་སྒོར་ཁྲི30ནས་སྒོར་ཁྲི50བར་མཐོ་རུ་གཏོང་རྒྱུ་དང་ཁེ་ལས་ཆུང་འབྲིང་གི་དངུལ་བུན་མང་ཤོས་སྒོར་ཁྲི400ནས་སྒོར་ཁྲི600བར་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་བྱས།

    དེ་རིང་གི་གནམ་གཤིས།

7.jpg

  • ཞིན་ཅང་གི་ཤར་རྒྱུད་དང་། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་ཁངས་འབྲིང་འབབ་རྒྱུ་རེད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་དང་ཧུའུ་ནན་གྱི་ནུབ་རྒྱུད་སོགས་ས་བབ་མཐོ་བའི་རི་ཁུལ་དུ་འཁེངས་ཆར་འབབ་རྒྱུ་རེད། ཅང་ཧན་གྱི་ཤར་རྒྱུད་དང་། ཅང་ཧོའེ་ཡི་ནུབ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། སི་ཁྲོན་གཤོང་ས་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།