དེ་རིང་ནི2026ལོའི་ཟླ02པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-02-10 09:20:15   |   393

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས9ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དབྱི་ཀྲོང་དུ་གནས་པའི་རྒྱལ་ཁབ་ཡིད་རྟོན་གསར་གཏོད་གླིང་དུ་ཚན་རྩལ་གསར་གཏོད་ལས་དོན་ལ་རྟོག་ཞིབ་གནང་བ་དང་། འགྲེམ་ཁང་དུ་མི་ཐབས་རིག་ནུས་དང་འཕྲུལ་མི་སོགས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཚན་ཞིབ་མི་སྣ་དང་ཚན་རྩལ་ཁེ་ལས་ཀྱི་འགན་འཁུར་བའི་འཐུས་མི་དང་བྱམས་བརྩེའི་སྤེལ་རེས་གནང་།

  • ཚེས9ཉིན་ཏེ་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན8པར། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར2.3ཙམ་ཟིན་པ་དེ2025ལོའི་དུས་མཚུངས་ལས2.1%འཕར་ཡོད།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུ་སོགས་སྡེ་ཚན་ལྔས་མཉམ་འབྲེལ་ཐོག《ཟློས་གར་དར་སྤེལ་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི(2026ལོ་ནས2028ལོའི་བར)》པར་འགྲེམ་བྱས།

  • ཉེ་ཆར། ནོར་སྲིད་པུ་སོགས་སྡེ་ཚན་གསུམ་གྱིས་སྤྱི་བསྒྲགས་སྤེལ་ནས་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཁེ་ལས་ཀྱི་ཕྱིར་གཏོང་ཕྱིར་སློག་གི་མ་གནས་སྔར་བས་དམའ་རུ་བཏང་།

  • ཉེ་ཆར། ཀྲུང་གོ་དང་འབར་མ། ཐེ་ལན་བཅས་ཀྱིས་འབར་མའི་མེའོ་ཝ་ཏིའི་རྒྱན་འཛུགས་གཡོ་ལེན་གླིང་མཉམ་འབྲེལ་ཐོག་གཙང་སེལ་བྱེད་པའི་བྱ་སྤྱོད་ཁྲོད་འཛིན་བཟུང་བྱས་པའི་ཉེས་གསོག་དོགས་ཅན1500ལྷག་ཙམ་རང་རྒྱལ་དུ་སྐྱེལ་བ་དང་། མེའོ་ཝ་ཏིKKགླིང་ཁུལ་གྱི་འབྲེལ་ཡོད་འཛུགས་སྐྲུན་དངོས་པོ630ལྷག་ཙམ་ཚང་མ་བཤིགས།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོར་རླངས་འཁོར་རྙིང་པ་གསར་བརྗེའི་ཁ་གསབ་རེ་ཞུ་ཁྲི33.5ཟིན་ནས་རླངས་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར537.7ཟིན་ཡོད།

  • ཚེས9ཉིན་ཕྱི་འབྲེལ་པུས་བསྟན་དོན། འཇར་པན་གྱི་མགོ་ཁྲིད་སུ་ཡིན་པ་དང་སྲིད་ཏང་གང་ཞིག་གིས་སྲིད་སྐྱོང་རུང་ཚང་མས་ངེས་པར་དུ་ཀྲུང་འཇར་ཆབ་སྲིད་ཡིག་ཆ་བཞི་དང་དེ་བཞིན་འཇར་པན་གྱི་ཞི་བདེའི་རྩ་ཁྲིམས་ལ་བརྩི་སྲུང་ནན་མོ་ཞུས་ཏེ་རང་ངོས་ཀྱི་ཁས་ལེན་དང་རྒྱལ་སྤྱིའི་འོས་འགན་སྒྲུབ་དགོས།

  • རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་སྔོན་དཔག་བྱས་པར་གཞིགས་ན། 2030ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་གློག་ཤུགས་གྲུབ་ཆའི་ཁྲོད་ཀྱི་བསྐྱར་སྐྱེས་ནུས་རྒྱུ་དང་ཉིང་རྡུལ་གློག་གི་སྡུར་ཚད50%བར་འཕར་རྒྱུ་རེད།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བ་སྟེ། ཚེས9ཉིན་གྱི་ཆུ་ཚོད20ནས10ཉིན་གྱི་ཆུ་ཚོད20བར་ནང་སོག་གི་ནུབ་རྒྱུད་དང་། ཤིན་ཅང་གི་ལྷོ་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་ཤར་རྒྱུད། ཉིང་ཞ། ཧྲའན་ཞིའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་བྱེ་རླུང་ངམ་ཐལ་རྡུལ་གྱི་གནམ་གཤིས་འདུག

  • ད་ལོའི་ཟླ2པར། བྱང་ཤར་དང་ཧྭ་བྱང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲོད་ཚད་དམའ་བ་དང་། འཁེངས་ཆར་དང་གངས་སྐྱོན་གྱི་ཉེན་ཁ་ཅུང་ཆེ་བས་འཕྲལ་སྡོམ་དོ་དམ་པུས་འབྲེལ་ཡོད་ས་ཁུལ་ལ་གནོད་འཚེའི་ཉེན་ཁར་གྲོས་བསྡུར་དང་ཞིབ་འཇུག་བརྡར་གཅོད་བྱས་ནས་འཕྲལ་སྡོམ་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན།

  • ཚེས9ཉིན། 2026ལོའི་དཔྱིད་གསར་དུས་ཆེན་སྐབས་ཀྱི་གློག་བརྙན་མིང་ཐོ་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ་དང་། གློག་བརྙན་ནང་སྤྲོ་གར་དང་། དྲག་རྩལ་གློག་བརྙན། འགུལ་རིས། ཚན་འཕྲུལ་གློག་བརྙན་སོགས་ཚུད་ཡོད།

  • ཅང་སུའུ་ཡིས་ནན་ཅིང་རྟེན་མཛོད་ཁང་གི《ཅང་ནན་ཁྲུན》ཞེས་པའི་པར་རིས་དེབ་སོགས་རིག་དངོས་དོ་དམ་གྱི་འབྲེལ་ཡོད་གནད་དོན་ལ་བརྟག་དཔྱད་དང་ཐག་གཅོད་བྱས་ཚུལ་གྱི་བརྡ་ཁྱབ་བཏང་།

  • ཉེ་ཆར། སྐྱེལ་འདྲེན་རིན་གོང་ཕབ་གཅོག་དང་འཕྲལ་སྡོམ་ཐག་གཅོད་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཀའོ་ཏེ་ལ་ཁ་ཆད་གྲོས་མོལ་བྱས།

  • ཀྲུང་གུང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཧོ་ཅའོ་ལུང་ལ“ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་གནང་།

2.jpg

  • སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རང་མོས་རྣམ་པའི་གངས་ཤུད་ཀྱི་སྐྱེས་མའི་གྱེན་ངོས་འགོག་རྐྱེན་རྩལ་ནུས་ཀྱི་རྟིང་རྩོད་འགྲན་སྡུར་ནང་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཀུའུ་ཨའེ་ལིང་ལ་དངུལ་གྱི་རྟགས་མ་ཐོབ།

3.jpg

  • ཉེ་ཆར། ཧོ་པེ་པའོ་ཏིང་གི་བྱིས་པ་ཞིག་རྩེད་མོ་རྩེ་སྐབས་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་ཛ་དྲག་གི་སྐབས་སུ་ཝང་ལེ་སོགས་མི་དྲུག་གིས་མཉམ་དུ་བྱིས་པ་ཆུ་ངོས་སུ་བསྐྱབས།

    སྲིད་ཇུས།

  • ཧེ་ལུང་ཅང་གིས་བྱེད་ཐབས་བཏོན་ནས་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་དང་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ཁ་གསབ་ཚད་གཞི་སོ་སོར་སྒོར10000ལས་མི་དམའ་བ་དང་སྒོར5000ལས་མི་དམའ་བར་མཐོ་རུ་བཏང་།

  • ཁྲུང་ཆིང་གིས་བྱེད་ཐབས་བཏོན་ནས་བཟོ་ལས་རྣམ་པར་རབས་གསར་པའི་ཆ་འཕྲིན་ལག་རྩལ་བེད་སྤྱོད་གཏིང་ཟབ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། རྣམ་གྲངས་མ་འཇོག་སྡོམ་འབོར་གྱི10%ལས་མི་བརྒལ་བ་གཞིར་བཟུང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་མཐོ་ཤོས་སྒོར་ཁྲི500ཡི་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ་རེད།

  • ཡུན་ནན་གྱིས་འཆར་འགོད་པར་འགྲེམ་བྱས་ནས་འབྲི་ཆུའི་གྲང་གཡོལ་ཚ་གཡོལ་གནས་སྐོར་ཁུལ་དང་། རྫ་ཆུའི་སྐྱེ་ཁམས་གནས་སྐོར་ཁུལ། མཐའ་རྒྱུད་བདེ་སྐྱིད་གནས་སྐོར་ཁུལ་བཅས་གནས་སྐོར་ཁུལ་ཆེན་པོ་གསུམ་བསྐྲུན་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

4.jpg

  • ཧེ་ལུང་ཅང་གི་བྱང་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ལིའོ་ཉིང་གི་ཤར་རྒྱུད་དང་ལྷོ་རྒྱུད། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཧྲན་ཏུང་གི་ས་ཁུལ་མང་ཆེ་བ་བཅས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད།


མཉམ་སྤྱོད།