དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཙང་གསུམ་འབྱུང་ཡུལ་གྱི་རི་སྐྱེས་སྲོག་ཆགས་སླར་གསོ་བྱུང་བ།

2023-08-25 09:49:07   |   84

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


9999999.jpg

གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་དང་སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་དུ་མཐོར་འདེགས་བྱུང་ནས། གསའ་དང་གཙོད་སོགས་གཙོ་གནད་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་དང་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད།

༡.jpg

ཟླ8པའི་གཙང་གསུམ་འབྱུང་ཡུལ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། སྐྱེ་དངོས་ཡོད་རྒུ་མཉམ་འཚོ་མཉམ་གནས་ཀྱིས་ཐམས་ཅད་ལ་གསོན་ཤུགས་ཀྱིས་ཁེངས་ཡོད། གསའ་ཞིག་གིས་གསའ་ཕྲུག་ཁྲིད་ནས་གཟན་རྔོན་པའི་ནུས་རྩལ་སྦྱངས་བཞིན་ཡོད་པ་དང་། གཙོད་ཁྱུ་དང་གཙོད་ཕྲུག་སོགས་གནས་སྤོར་བའི་ལམ་དུ་ཆས་ནས། མ་བུ་མཉམ་འགྲོགས་ཀྱིས་དགའ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཡོད། གནའ་བོའི་ཡུལ་གྲུ་འདིའི་ཡུལ་ཀླུང་ཀུན་ཏུ་སྲོག་ཆགས་རྒྱལ་ཁམས་ཀྱི་རྣམ་ཤེས་དང་གསོན་ཤུགས་ཀྱི་གཏམས་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུ་ཀྲང་ཝང་ཞང་ཀའོ་ཡིས་བཤད་རྒྱུར། ལོ་ངོ་དུ་མའི་རིང་གི་སྲུང་སྐྱོང་བྱས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་གཏན་འཇགས་རང་བཞིན་དང་སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་དུ་མཐོར་འདེགས་བྱུང་ཡོད་པ་དང་། སྔོན་ཆད་མཐོང་དཀོན་པའི་གསའ་དང་གཟིག་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ད་ལྟ་ཡང་དང་བསྐྱར་དུ་མིག་ལམ་དུ་མངོན་ཐུབ་ལ། གསའ་དང་གཙོད་སོགས་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་གྲངས་མངོན་གསལ་གྱིས་སླར་གསོ་བྱུང་ཡོད།

སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ19.07ཡོད་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཆགས་ཡོད་པ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན། གནས་འདི་ནི་ཀྲུང་ཧྭའི་ཆུ་མཛོད་ཡིན་པ་མ་ཟད་མཐོ་གྲང་སྐྱེ་དངོས་རིགས་རྒྱུད་གྱི་ཐོན་ཁུངས་མཛོད་ཡིན།

གསའ་དང་གཙོད་སོགས་ལ་སྲུང་སྐྱོང་བྱེད་པ་ལས་མཚོན་པའི་རི་སྐྱེས་སྲོག་ཆགས་དང་དེའི་ངལ་གསོ་སར་གཙོ་གནད་སྲུང་སྐྱོང་བྱེད་པའི་ཐད་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་འཚོལ་ཞིབ་དང་གསར་སྐྲུན་མང་པོ་བྱས་ཡོད། ལམ་ལུགས་ཚོད་ལྟ་ནས་མགོ་བརྩམས་ཏེ། རྒྱལ་ཁབ་སྤྱི་གླིང་ཐོག་མའི་ས་གནས་ཁྲིམས་འཛུགས་ཀྱི་གཏན་འཁེལ་དང་། གཞན་ཡང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་འཆར་འགོད་སོགས་ཀྱི་ཐད་ནས་རི་སྐྱེས་སྲོག་ཆགས་དང་དེའི་ངལ་གསོ་སར་སྲུང་སྐྱོང་བྱེད་པར་ཡོད་ཚད་ལ་རྩེ་རིམ་ནས་བཀོད་སྒྲིག་གང་ལེགས་བྱས་ཡོད།

མིག་སྔར། ལྐོག་རྔོན་ལས་ཁྱུ་གྲངས་ཉམས་དམས་སུ་གྱུར་བའི་གཙོད་ནི་སྔོན་ཆད་ཁྲི2ཙམ་མེད་པ་ནས་ད་ལྟ་ཁྲི7ལྷག་ལ་སླར་གསོ་བྱུང་བ་དང་། གསའ་ཡི་ཁྱུ་གྲངས་ཀྱང1200ལས་བརྒལ་ཡོད། ཝང་ཞང་ཀའོ་ཡིས་བཤད་རྒྱུར། འདི་དག་ཚང་མ་རྒྱུན་མཐུད་དང་ཤུགས་ཆེན་པོས་སྲུང་སྐྱོང་བྱས་པ་ལས་ཐོབ་པའི་འབྲས་བུ་ཡིན་ཟེར།

ལོ་ངོ་མང་པོའི་རིང་། གཞི་ཁྱོན་ཆེན་པོ་དང་ལས་དོན་ཞིབ་མོ། ཐེངས་གྲངས་མང་པོས་ཆེད་དམིགས་བསྐོར་ཞིབ་བྱ་འགུལ་སྤེལ་བ་ལས་ཨ་ཆེན་གངས་རྒྱབ་ཀྱི་ཁྲིམས་འགལ་བྱ་འགུལ་ཡོད་ཚད་ལ་རྡུང་རྡེག་ནན་མོ་ཐེབས་ཡོད། ལོ་རེའི་ཟླ5བ་ནས་བཟུང་། གཙོད་མང་པོས་གཙོད་ཕྲུག་བཙའ་སར་གནས་སྤོར་དང་ཕྱིར་འགྲོ་སྐབས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣས་དུས་ཡུན་ཐུང་ངུའི་འགྲིམ་འགྲུལ་བཀག་སྡོམ་བྱས་ཏེ། གཙོད་ཁྱུ་གནས་སྤོར་ལ་བདེ་འཇགས་ཀྱི་བགྲོད་ལམ་བཙུགས་ནས་མིའི་རིགས་ཀྱི་བྱ་འགུལ་ཀྱིས་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་བཏང་ཡོད།

༢.jpg

ཆ་སྙོམས་ས་བབ་སྨི4712.63ཡོད་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་རྒྱལ་ཁབ་སྤྱི་གླིང་ཡིན། ས་འདིར་རི་ཚོགས་ཀྱིས་བསྐོར་ཞིང་གངས་རི་གྲོང་ངེར་འགྱིངས་ཡོད། འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་གདོད་སྐྱེས་སྲོག་ཆགས་རིགས་ཡིན་པའི་ཆ་ནས། གསའ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆེས་གལ་ཆེ་བའི་རི་སྐྱེས་སྲོག་ཆགས་རིགས་ཤིག་ཡིན། 

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སུང་ལི་ཅུན་གྱིས་མཚམས་སྦྱོར་བྱེད་རྒྱུར། མིག་སྔར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྐྱེ་ཁམས་ལྟ་སྐྱོང་བ་ནི་གཙོ་གཞི་ཡིན་པ། སྤྱི་ཚོགས་སྟོབས་ཤུགས་རྒྱ་ཆེར་ཞུགས་པའི་གསའ་ཞིབ་འཇུག་དང་སྲུང་སྐྱོང་གི་རྣམ་པ་ཞིག་གཞི་རྩའི་ཆ་ནས་ཆགས་ཡོད་ཟེར།

༣.jpg

ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་ཡིས་ལེགས་འགྲུབ་བྱས་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་མཐིལ་རྟོགས་བརྟག་བཤེར་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་དུ་ཆེས་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་ཉར་ཚགས་བྱས་པ་དང་། གསའ་འདུས་པའི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་གི་ངལ་གསོ་ས་ཇེ་ཆུང་དུ་འགྲོ་བ་རྣམ་པར་བཀག་འགོག་ཐེབས་ནས། ཆ་ཚང་རང་བཞིན་རིམ་གྱིས་ཇེ་ཆེར་འགྲོ་བཞིན་ཡོད།

མཚོ་སྔོན་སློབ་ཆེན་གྱི་ཞིང་ཆེན་དང་པུ་ཡིས་མཉམ་སྐྲུན་བྱས་པའི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དང་མཐོ་སྒང་ཞིང་ཕྱུགས་ལས་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་དང་ཞིབ་འཇུག་པ་ཀྲའོ་ཞིན་ཆོན་གྱིས་བཤད་རྒྱུར། བརྟག་བཤེར་ཚད་ལེན་གཞི་གྲངས་མང་པོ་ལས་མངོན་པ་ལྟར་ན། གསའ་ཡིས་མཚོན་པའི་རི་སྐྱེས་སྲོག་ཆགས་ལ་གཙང་གསུམ་འབྱུང་ཡུལ་དུ་ཕན་ནུས་ལྡན་པའི་སྲུང་སྐྱོབ་ཐོབ་ཡོད། འདི་གོ་ལ་ཧྲིལ་བོར་སྐྱེ་དངོས་སྣ་མང་རང་བཞིན་བོར་བརླག་དང་དངོས་རིགས་སྟོངས་ཉམས་ཇེ་མགྱོགས་སུ་འགྲོ་བའི་རྒྱབ་ལྗོངས་འོག་དེ་བས་ཐོབ་དཀའ་བ་དང་རྩ་ཆེན་དུ་གྱུར་ཡོད། །


མཉམ་སྤྱོད།