དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-04-22 19:44:31   |   220

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

微信图片_20250420180654.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། ན་གོར་མོ་གྲོང་ཁྱེར་དང་། ཆུ་དམར་ལེབ། ཁྲི་འདུ། འབྲི་སྟོད་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་འབྲིང་ཙམ་(སྨི་སྟོང་ཤས2.5ནས4.4བར)འབབ་པ་དང་། མཚོ་བྱང་གི་བྱང་རྒྱུད་དང་། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག་གི་ས་ཆ་མང་ཆེ་བ། རྨ་ལྷོའི་ལྷོ་རྒྱུད་བཅས་དང་། རྟ་ཐང་དང་ཧོར་གྲོང་། གཏེར་ལམ། མདའ་བཞི། བྲག་དཀར། འབའ་རྫོང་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་ཆར་འདྲེས་མའམ་ཁངས་ཆུང་ཆུང་(སྨི་སྟོང་ཤས0.1ནས2.3བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་མོར། འཇུ་ལག་དང་། མདོ་ལ། རྐང་ཚ། རྩེ་ཁོག  སོག་རྫོང་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་འབྲིང་ཙམ་(སྨི་སྟོང་ཤས2.5ནས4.4བར)འབབ་པ་དང་། མཚོ་ཤར་གྱི་ལྷོ་རྒྱུད་དང་། མཚོ་བྱང་གི་ས་ཆ་མང་ཆེ་བ། མཚོ་ལྷོའི་ལྷོ་རྒྱུད། མགོ་ལོག  རྨ་ལྷོ་བཅས་དང་། ཁྲི་འདུ་དང་ཆུ་དམར་ལེབ། འབྲི་སྟོད། ནང་ཆེན། ན་གོར་མོ་གྲོང་ཁྱེར། གཏེར་ལམ། ཐེམ་ཆེན་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཆར་ཆུང་ཆུང་(ཁངས་ཆུང)ངམ་ཁངས་ཆར་འདྲེས་མ་(སྨི་སྟོང་ཤས0.1ནས3.1བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

微信图片_20250422194335.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།