མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས07ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་སྤེལ་བའི་གནས་ཚུལ་གྱི་ངོ་སྤྲོད་མདོར་བསྡུས།

2022-11-19 11:09:55   |   376

རྩོམ་སྒྲིག  སངས་དོན།   ལོ་ཙཱ།  རྡོ་རྗེ་བྱམས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་ནི། 1978ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་བ་ནས་བཟུང་མགོ་ཚུགས་པ་དང་།  སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་བསྟུན་ནས།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་རིམ་བཞིན་མཐོར་འདེགས་དང་འཐུས་ཚང་དུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་དུ་གྱུར་བ་དང་། ད་བར་དུ་ལོ་ངོ40ལྷག་ཙམ་ལ་མུ་མཐུད་དུ་སྤེལ་བ་ཡིན།  རང་སྐྱོང་ཁུལ་གྱི་སྐབས་རིམ་བྱུང་གི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ།  མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་སྲོག་རྩར་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ལས་དོན་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ། རང་སྐྱོང་ཁུལ་གྱི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་བཏོན་ཡོད།  2013ལོའི་ཟླ9བར་ཞིང་ཆེན་གྱིས་འོས་སྦྱོར་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཞིབ་འཇུག་བྱས་པ་བརྒྱུད།  མཚོ་བྱང་ཁུལ་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་ས་ཁུལ13གྱི་ཚོད་ལྟའི་ས་ཁུལ་གྱི་གྲས་སུ་གཏན་ཁེལ་བྱས་པ་རེད།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།  “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁུལ་འཛུགས་རྒྱུ”དེ་རང་སྐྱོང་ཁུལ་གྱི་འཐབ་ཇུས་ཆེན་པོ་དྲུག་གི་གྲས་སུ་གཏན་ཁེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྔོན་ལ《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》གཏན་ཁེལ་བྱས།  རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱ་རྒྱུ་དེ་ལས་དོན་སོ་སོའི་འཕེལ་རྒྱས་ཀྱི་སྤྱི་འཛིན་སར་བཟུང་བ་རྒྱུན་འཁྱོངས་བྱས་པ་དང་།  ཁུལ་ཡོངས་ཀྱིས་ཚད་གཞི་མཐོ་བ་དང་རིམ་པ་མང་པོ།  ཁྱབ་ཁོངས་སོ་སོ་ནས་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ།  2015ལོའི་ཟླ12པར།  དུས་བཅད་ལྟར་མཚོ་སྔོན་ཞིང་ཆེན་གྱི་ཐོག་དང་པོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པ་ལེགས་འགྲུབ་བྱུང་།  འདིའི་མངའ་ཁོངས་ཀྱི་རྐང་ཚ་རྫོང་དང་མདའ་བཞི་རྫོང་།  མདོ་ལ་རྫོང་།  འཇུ་ལག་རྫོང་ཚང་མས་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་བསྐྲུན་ཡོད།  གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་ལ།  རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད།  མགོ་འཛུགས་ས་དེ་བས་མཐོ་བའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བྱས།  2016ལོའི་ཟླ5བར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཚོ་བྱང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལོ་ལྔའི་ནང་སླར་ཡང་མཐོར་འདེགས་དང་སྐུལ་འདེད་གཏོང་བའི་བྱ་བའི་མགོ་བརྩམས་པ་དང་།  “ཁྱིམ་གཞིས་གསུམ”འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡག་པོ་བཏོན་ལ།  “ཁྱིམ་གཞིས་གསུམ”གྱི་འཛུགས་སྐྲུན་གྱི་ནང་དུ“ཕྱོགས་ལྔ་གཞི་གཅིག”གི་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་འདུ་བ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱིས་རང་སྐྱོང་ཁུལ་གྱི་ལས་དོན་སོ་སོའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་འཐབ་ཇུས་དམིགས་ཡུལ་མངོན་ཡོད་ལ།  གསར་འཛུགས་ལས་དོན་ནི་མགོ་ཚུགས་ས་མཐོན་པོ་ཞིག་ནས་བགྲོད་ལམ་གསར་བར་སྙེག་ཡོད།

ལོ་ལྔའི་རིང་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གཏན་ཁེལ་བྱས་པའི་ལས་དོན་གྱི་དམིགས་ཚད་དམ་པོར་བཟུང་ནས། ལས་དོན་ཏན་ཏིག་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཤིང་། རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་ལས་མཐོ་བའི་ཆུ་ཚད་ཐོག་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཡོད། 2020ལོའི་ཟླ10བར། ལོ་ལྔ་ལོན་རྗེས་སླར་ཡང་རེ་ཞུ་ཞུ་དགོས་པའི་འགུལ་རྣམ་དོ་དམ་གྱི་གཏན་འབེབས་གཞིར་བཟུང་ནས། མཚོ་བྱང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་སླར་ཡང་རེ་ཞུ་བྱས་པ་དང་འབྲེལ་ཚད་གཞི་མཐོ་བའི་ཐོག་ནས་རྒྱལ་ཁབ་མི་རིགས་ལས་དོན་ཨུའི་དཔྱད་ཞིབ་རྩིས་ལེན་ཐོབ་པ་དང་། མུ་མཐུད་དུ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ”ཞེས་པའི་མིང་བཏགས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས“མཚོ་བྱང་ཁུལ་གྱི་གསོན་ཉམས་ལྡན་པའི་ལག་ལེན་ལས།  དོན་དངོས་དང་མཐུན་པ་དང་མང་ཚོགས་ཀྱིས་ཁས་ལེན་ཐོབ་པ། ས་གནས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་གྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གསར་གཏོད་འཕེལ་རྒྱས་ལ་མ་དཔེ་དང་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་ཡོད”ཅེས་ངོས་འཛིན་གནང་བ་རེད། གོམ་སྟབས་རྗེས་མར་མཚོ་བྱང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱ་བ་གོ་སྐབས་སུ་བྱས་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ནས། “ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་བརྟན་པོར་བྱེད་པའི”གཙོ་གནད་འདི་ལ་དམ་པོར་དམིགས་ནས། གསར་འཛུགས་ལས་དོན་གྱི་ནང་དོན་དང་བྱེད་ཐབས་ཕུན་སུམ་ཇེ་ཚོགས་དང་། གསར་འཛུགས་ལས་དོན་གྱི་ལས་ཕྱོད་མཐོར་འདེགས། གསར་འཛུགས་ལས་དོན་གྱི་བྱེད་སྟངས་གསར་གཏོད་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ནན་ཏན་གྱིས་མུ་མཐུད་དུ་འཕེལ་རྒྱས་གཏོང་བ་དང་། “མཚོ་བྱང་ལྔའི”འབད་འཐབ་དམིགས་ཚད་དུས་བཅད་ལྟར་མངོན་འགྱུར་ཐུབ་པ་དང་མཚོ་བྱང་གི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པར་གཏོང་རྒྱུར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། 


མཉམ་སྤྱོད།