མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐད་ཀྱི་རྒྱས་བཤད་གལ་ཆེན།

2022-11-19 12:26:29   |   371

1.2013ལོའི་ཟླ10བར། ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་དུ་ལོ་འཁོར100ལོན་པའི་སློབ་གྲྭའི་དུས་ཆེན་གྱི་སྔོན་ལ། སློབ་གྲྭ་ཡོངས་ཀྱི་སློབ་མའི་འཕྲིན་ལན་ནང་ནན་གྱིས་བསྟན་དོན། རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་ལ། རང་རྒྱལ་གྱི་མི་རིགས་སོ་སོའི་མི་དམངས་ཀྱི་དབུགས་ལམ་གཅིག་མཐུན་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་ཀྱི་འབད་འཐབ་ལོ་རྒྱུས་བརྒྱུད་རིམ་ནི། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་གཅིག་འགྲིལ་དང་ཐུན་མོང་མ་ཡིན་པའི་གསར་གཏོད་བྱེད་ནུས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན། 

2.2014ལོའི་ཟླ1ཚེས29ཉིན་ལ། ཞི་ཅིན་ཕིང་ནང་སོག་ཏུ་རྟོག་ཞིབ་གནང་བར་ཕེབས་སྐབས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ནས། མི་རིགས་སོ་སོའི་གཅིག་སེམས་གཅིག་འབྲེལ་དང་ལག་གདང་སྦྲེལ་བའི་སྲོལ་རྒྱུན་བཟང་བོ་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་མི་རིགས་ལས་དོན་ཞིབ་ཚགས་ངང་ལེགས་པོར་སྒྲུབ་དགོས། 

3.2014ལོའི་ཟླ3ཚེས4ཉིན། ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་མཁན་གྱི་གྲངས་ཉུང་མི་རིགས་ཀྱི་ཨུ་ཡོན་ལ་གཟིགས་སྐབས་བསྟན་དོན། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་ཆེན་པོའི་ཆབ་སྲིད་རྣམ་པར་གཅེས་སྤྲས་བྱེད་དགོས་པ་དང་། མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་པོར་གནོད་འཚེ་གཏོང་བའི་གཏམ་སྤྱོད་མཐའ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས་ཤིང་། གཏུམ་སྤྱོད་འཇིགས་སྐུལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་མཐའ་གཅིག་ཏུ་ཆད་གཅོད་ནན་པོ་དང་རྡུང་རྡེག་བཏང་ནས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་སྲ་བརྟན་དུ་གཏོང་དགོས། 

4.2014ལོའི་ཟླ3ཚེས4ཉིན། ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་མཁན་གྱི་གྲངས་ཉུང་མི་རིགས་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་སྐབས་བསྟན་དོན། མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་ཁ་འབྲལ་ཟིང་ཆ་ནི་ཆག་སྒོ་ཡིན། མི་རིགས་སོ་སོ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བརྗོད་དོན་རྒྱུན་འཁྱོངས་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། མི་རིགས་སོ་སོའི་དབུགས་ལམ་གཅིག་མཐུན་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་བཟང་བོ་ཕ་རབས་ནས་བུ་རབས་བར་རྒྱུན་འཛིན་ཐུབ་པར་བྱ་དགོས།

5.2014ལོའི་ཟླ4བར། ཞི་ཅིན་ཕིང་གིས་ཞིན་ཅང་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙིགས་སུ་འཛིན་པའི་ཚད་གཞི་གཞིར་བཟུང་ནས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུ་དེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

6.2014ལོའིཟླ4བར། ཞི་ཅིན་ཕིང་གིས་ཞིན་ཅང་དུ་བཅའ་སྡོད་དཔུང་སྡེར་གཟིགས་པ་དང་འཚམས་འདྲི་གནང་སྐབས་ནན་གྱིས་བསྟན་དོན། འཐབ་འཛིང་རུ་ཁག་དང་ལས་དོན་རུ་ཁག  ཐོན་སྐྱེད་རུ་ཁག་བཅས་ལེགས་པོར་བྱས་ནས་ལྷག་བསམ་ཟོལ་མེད་ཀྱིས་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་སྟེ། དམག་དམངས་ཀྱིས་མཉམ་དུ་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས།

7.2014ལོའི་ཟླ4བར། ཞི་ཅིན་ཕིང་གིས་ཞིན་ཅང་དུ་རྟོག་ཞིབ་གནང་སྐབས་བསྟན་དོན། རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད། གྲངས་ཉུང་མི་རིགས་ཕན་ཚུན་བར་ཡང་ཁ་འབྲལ་ཐབས་མེད།

8.2014ལོའི་ཟླ5ཚེས29ཉིན། ཞི་ཅིན་ཕིང་གིས་ཐེངས་གཉིས་པའི་ཀྲུང་དབྱང་གི་ཞིན་ཅང་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་ཐོག་བསྟན་དོན། མི་རིགས་སོ་སོས་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་བསྒྲེངས་ནས། མི་རིགས་སོ་སོའི་ཁྲོད་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་བཅས་བརྟན་པོར་བཙུགས་ནས། མི་རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་དང་རྒྱབ་རྟེན་གང་ཐུབ་བྱས་ཏེ། མི་རིགས་ཡོངས་དང་སྤྱི་དམངས་ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་འདོན་པ་དང་། མེས་རྒྱལ་དར་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས། མི་རིགས་སོ་སོས་ཕན་ཚུན་རྒྱུས་ལོན་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཁོང་ཡངས། ཕན་ཚུན་མྱོང་རོལ། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱས་ཏེ་སེ་འབྲུ་ལྟར་དམ་པོར་འབྲེལ་དགོས། 

9.2014ལོའི་ཟླ9བར། ཞིས་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ཁྲོད་ནན་གྱིས་བསྟན་དོན། མི་རིགས་ཀྱི་གནད་དོན་ཐག་གཅོད་དང་མི་རིགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་དང་འབྲེལ་བའི་དོན་ཆེན་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བའི་དོན་ཆེན། རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་ཡོང་བ་དང་འབྲེལ་བའི་དོན་ཆེན་བཅས་ཡིན།  སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་རང་རྒྱལ་ནི་མི་རིགས་སོ་སོ་ས་ཁོངས་ལས་བརྒལ་ནས་འགྲོ་སྐྱོད་ཆེན་པོ་བྱེད་པའི་འཁྲུག་ཆ་དོད་པའི་དུས་སྐབས་སུ་སླེབས་ཡོད་པས་གྲོང་ཁྱེར་གྱི་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་སྔར་བས་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད། 

10.2014ལོའི་ཟླ9པར། ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ཁྲོད་ནན་གྱིས་བསྟན་དོན། གནས་བབ་གསར་བའི་འོག་གི་མི་རིགས་གནད་དོན་ལ“མཉམ་གནས་ལྔ”འཕྲད་ཡོད་དེ། གཅིག་ནི་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་མཉམ་གནས་དང་། གཉིས་ནི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བའི་གནས་ཚུལ་དང་འཕེལ་རྒྱས་ཆུ་ཚད་དམའ་བ་མཉམ་གནས། གསུམ་ནི་མི་རིགས་ས་ཁུལ་ལ་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་མི་རིགས་ས་ཁུལ་གྱི་གཞི་རྩའི་སྤྱི་བའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་སྔར་བཞིན་ཉམས་ཞན་ཡིན་པ་མཉམ་གནས། བཞི་ནི་མི་རིགས་སོ་སོའི་འགྲོ་འོང་དང་བསམ་བློ་བརྗེ་རེས། མཉམ་འདྲེས་བཅས་ཀྱི་འཕེལ་ཕྱོགས་ཆེ་རུ་ཕྱིན་པ་དང་མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་འགལ་བ་དང་རྩོད་གཞི་མང་དུ་འགྲོ་བ་མཉམ་གནས། ལྔ་ནི་མི་རིགས་ཁ་འབྲལ་དང་། ཆོས་ལུགས་ཐལ་སྐྱོད། དྲག་ཤུགས་འཇིགས་སྐུལ་བཅས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གྲུབ་འབྲས་མངོན་པར་གསལ་བ་དང་ས་ཁུལ་ཆ་ཤས་སུ་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྒོ་ཐོན་མང་བ་མཉམ་གནས་ཡིན་པ་བཅས་སོ།། 

11.2014ལོའི་ཟླ9བར། ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ནང་ནན་གྱིས་བསྟན་དོན། མི་རིགས་ས་ཁུལ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་དགོས་ན“དགོས་པ་བཞི”ཁོང་དུ་ཆུད་དགོས་ཏེ། གཅིག་ནི་དམངས་འཚོར་དམ་པོར་དམིགས་ནས་འཕེལ་རྒྱས་དམ་འཛིན་བྱས་ཏེ། གཙོ་བོ་ལས་ཞུགས་དང་སློབ་གསོ་དམ་འཛིན་ཡག་པོ་བྱེད་དགོས། གཉིས་ནི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། གཙོ་བོ་ས་གནས་དེ་གར་ཕན་ཐོགས་དང་སྐྱེ་ཁམས་སྲུང་སྐྱོང་དམ་འཛིན་ཡག་པོ་བྱེད་དགོས། གསུམ་ནི་དབུལ་སྐྱོར་གསར་སྤེལ་ལེགས་པོ་སྒྲུབ་སྟེ། གཙོ་བོ་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་དབུལ་ཐར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། བཞི་ནི་མཐའ་མཚམས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། གཙོ་བོ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཕྱི་ཕྱོགས་སྒོ་འབྱེད་དམ་འཛིན་ཡག་པོ་བྱེད་དགོས།

12.2014ལོའི་ཟླ9བར། ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ནང་ནན་གྱིས་བསྟན་དོན། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་འདེམས་སྒྲུག་བྱེད་པའི“དམིགས་བསལ་གསུམ”གྱི་ཚད་གཞི་ནི། ལེགས་ཉེས་བླང་དོར་འབྱེད་པའི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན་པ་དང་གཅིག   མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ཧ་ཅང་བརྟན་པོ་ཡིན་པ་དང་གཉིས། མི་རིགས་སོ་སོའི་མང་ཚོགས་ལ་བཅངས་བའི་བརྩེ་དུང་ཧ་ཅང་ཟོལ་མེད་ཡིན་པ་དང་གསུམ་བཅས་སོ།།

13.2014ལོའི་ཟླ9བར། ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་གྱི“རྒྱུན་འཁྱོངས་བརྒྱད”ཀྱི་ནང་དོན་རྒྱས་བཤད་གཏིང་ཟབ་གནང་ཡོད་དེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་རིགས་ལས་དོན་ལེགས་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་རིགས་ཀྱི་ལས་དོན་ལེགས་པོ་སྒྲུབ་པར་ངེས་པར་དུ་ཁོང་དུ་ཆུད་དགོས་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཅིག་དང་ལོ་རྒྱུས་ཀྱིས་ཞིབ་བཤེར་བྱས་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ཅིག་ཡིན། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་ལ་རྒྱུན་འཁྱོངས་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་གནས་ས་དང་མི་རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན། མི་རིགས་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་མཚོན་ཚུལ་ཡིན་ལ། རྒྱལ་ཁབ་འཛུགས་པའི་རྩ་བའི་རྩ་དོན་ཡང་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་གི་ནང་དོན་གལ་ཆེན་དང་ལམ་ལུགས་ཀྱི་འགན་སྲུང་ཡིན། མི་རིགས་སོ་སོས་ཐུན་མོང་དུ་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བ་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་རིགས་ལས་དོན་གྱི་བརྗོད་བྱ་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་མི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་ནི་མི་རིགས་ས་ཁུལ་ཡུན་རིང་བདེ་འགོད་དང་འབྲེལ་བའི་འཐབ་ཇུས་ཀྱི་བྱེད་ཕྱོགས་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཕུང་བོ་གཅིག་གི་བསམ་བློའི་རྨང་གཞི་བརྟན་པོར་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་སོ་སོའི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་ལ་ངོས་འཛིན་གཅིག་མཐུན་དང་། ཀྲུང་ཧྭ་མི་རིགས་ལ་ངོས་འཛིན་གཅིག་མཐུན། ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན། ཀྲུང་གོའི་གུང་ཁྲན་ཏང་ལ་ངོས་འཛིན་གཅིག་མཐུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་ངོས་འཛིན་གཅིག་མཐུན་བཅས་ཡོང་བར་བྱེད་དགོས། མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་རྒྱུ་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ཡིན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་ནི་མི་རིགས་མཐུན་སྒྲིལ་མངོན་འགྱུར་བྱེད་པའི་འགན་སྲུང་གལ་ཆེན་ཡིན། 

14.2014ལོའི་ཟླ9བར། ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། མི་རིགས་ལས་དོན་ལེགས་པོ་སྒྲུབ་དགོས་ན། ཆེས་འགག་རྩ་ནི་མི་རིགས་མཐུན་སྒྲིལ་ཡག་པོ་བྱ་རྒྱུ་དེ་ཡིན་པ་དང་། གོ་ཆོད་ཤོས་ནི་མི་སེམས་འགུག་རྒྱུ་དེ་ཡིན།

15.2014ལོའི་ཟླ9བར། ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ནང་ནན་གྱིས་བསྟན་དོན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། “ཟུང་འབྲེལ་གཉིས”སྒྲུབ་ཐུབ་པར་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། གཅིག་གྱུར་དང་རང་སྐྱོང་ཟུང་འབྲེལ་རྒྱུན་འཁྱོངས་ཐུབ་པར་བྱེད་དགོས་ལ། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། 

16.2014ལོའི་ཟླ9བར། ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ནང་ནན་གྱིས་བསྟན་དོན། གྲོང་ཁྱེར་གྱི་མི་རིགས་ལས་དོན་གྱིས་ཤུགས་རྒྱག་ས་དེ་སྡེ་ཁུལ་དུ་བཞག་ནས། ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

17.2014ལོའི་ཟླ9བར། ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ནང་ནན་གྱིས་བསྟན་དོན། རང་རྒྱལ་གྱི་ལོ་རྒྱུས་འཕེལ་རིམ་གྱི་ཁྱད་ཆོས་འདིས། རང་རྒྱལ་གྱི་མི་རིགས་སོ་སོའི་ཁྱབ་ཚུལ་ཐད་སྣོལ་འབྲེལ་འདྲེས་སྡོད་དང་། རིག་གནས་ཐད་མཉམ་སྡུད་མཉམ་གསོག དཔལ་འབྱོར་ཐད་ཕན་ཚུན་གནས་བརྟེན། བརྩེ་དུང་ཐད་ཕན་ཚུན་ཉེ་བ་བཅས་ཀྱི་རྣམ་པ་ཆགས་ནས། ཁྱེད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱེད་ཡོད་ལ། སུ་ཡང་སུ་དང་ཁ་འབྲལ་ཐབས་མེད་པའི་སྣ་མང་གཞི་གཅིག་ཅན་གྱི་རྣམ་པ་ཞིག་ཆགས་དགོས། 

18.2014ལོའི་ཟླ9བར། ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ནང་ནན་གྱིས་བསྟན་དོན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་ནི། མི་རིགས་མཐུན་སྒྲིལ་མངོན་འགྱུར་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཡིན།

19.2015ལོའི་ཟླ་ཚེས22ཉིན། ཞི་ཅིན་ཕིང་གིས་ཀུང་ཧྲན་ཏུའུ་ལུང་རིགས་ནུའུ་རིགས་རང་སྐྱོང་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་སྐབས་བསྟན་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། 

20.2015ལོའི་ཟླ9ཚེས30ཉིན། ཞི་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་ནང་ནན་གྱིས་བསྟན་དོན། རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། མི་རིགས་སོ་སོ་སྣ་མང་གཞི་གཅིག་ཅན་དུ་འགྱུར་བ་ནི་མེས་པོས་ང་ཚོར་བཞག་པའི་རྒྱུ་ནོར་གལ་ཆེན་ཞིག་ཡིན་ལ། ང་ཚོའི་རྒྱལ་ཁབ་ཀྱི་ལེགས་ཆ་གལ་ཆེན་ཞིག་ཀྱང་ཡིན། རང་རྒྱལ་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཤིང་། ཚང་མས་ཀྲུང་ཧྭ་མི་རིགས་གྲུབ་པ་དང་འཕེལ་རྒྱས་གཏོང་བར་བྱས་རྗེས་གཟེངས་སུ་ཐོན་པ་བཞག་ཡོད།

21.2015ལོའི་ཟླ9ཚེས30ཉིན། ཞི་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་ནན་གྱིས་བསྟན་དོན། མི་རིགས་མཐུན་སྒྲིལ་ནི་མི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། གྲུ་ཡི་སྟོབས་ཤུགས་གཡོར་གྲུ་སྟེང་ན་ཡོད་པ་དང་། མིའི་སྟོབས་ཤུགས་སེམས་ན་ཡོད། མི་རིགས་མཐུན་སྒྲིལ་བྱེད་པར་གཙོ་བོ་བསམ་པ་བརྗེ་རེས་བྱེད་རྒྱུ་དེ་ཡིན་པ་དང་། གཅིག་སེམས་གཅིག་གཏད་དང་གཅིག་སེམས་གཅིག་འབྲེལ་བྱེད་དགོས། མི་རིགས་སོ་སོའི་སྤུན་ཟླས་ཕན་ཚུན་མཛའ་མཐུན་དང་ཕན་ཚུན་རོགས་རེས་བྱས་ཏེ། ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ཡོང་བར་སྲུང་སྐྱོང་བྱ་དགོས།

22.2015ལོའི་ཟླ9ཚེས30ཉིན། ཞི་ཅིན་ཕིང་གིས་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་ནན་གྱིས་བསྟན་དོན། ཀྲུང་དབྱང་གིས་མི་རིགས་ལས་དོན་ལ་མཐོང་ཆེན་འདི་འདྲ་གནང་བ་དང་དབུལ་ཐར་ལས་དོན་ལ་མཐོང་ཆེན་འདི་འདྲ་བྱེད་པ་ནི། མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་བརྟན་ལྷིང་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱེད་པ་དང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དེ་བས་ཇེ་མགྱོགས་སུ་གཏོང་བ། མི་རིགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་སྔར་བས་གཅིག་སྒྲིལ་བྱས་ནས། མི་རིགས་སོ་སོའི་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱ་དགོས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་འདུན་མ་མཉམ་དུ་འབད་པས་བསྐྲུན། འདི་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་དམིགས་འབེན་ཡང་ཡིན། བསམ་འདུན་དང་དམིགས་འབེན་འདི་མངོན་འགྱུར་བྱེད་པར་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོའི་སྟོབས་ཤུགས་དང་ཁ་འབྲལ་ཐབས་མེད།རང་རྒྱལ་གྱི་མི་རིགས56ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་འདྲ་མཉམ་གྱི་ཁོངས་མི་ཡིན་ཞིང་། ཁྱེད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱེད་ཡོད་པ། སུ་ཡང་སུ་དང་ཁ་འབྲལ་ཐབས་མེད་པའི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གི་ཕུང་བོ་གཅིག་གྲུབ་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ནི་མི་རིགས་ཚང་མའི་ཕུགས་འདུན་ཡིན་ལ་ང་ཚོ་མི་རིགས་སོ་སོའི་རང་ཉིད་ཀྱི་ཕུགས་འདུན་ཡང་ཡིན། 

23.2016ལོའི་ཟླ3ཚེས10ཉིན། ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། མི་རིགས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་གཏོང་བ་དང་། མི་རིགས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱས་ནས། མི་རིགས་ས་ཁུལ་གྱི་ཐོན་ལས་སྒྲིག་རིམ་མཐོ་རུ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་རང་སྟེང་འཕེལ་རྒྱས་ནུས་པ་དང་རྒྱུན་འཐུད་འཕེལ་རྒྱས་ནུས་པར་ཤུགས་སྣོན་པ། མི་རིགས་ཀྱི་ཁྱད་པར་ལ་བརྩི་མཐོང་དང་རིག་གནས་ཀྱི་སྣ་མང་ལ་ཁོང་ཡངས་བྱས་ནས། མི་རིགས་སོ་སོ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ནང་ཕན་ཚུན་དུངས་ཞེན་དང་ཕན་ཚུན་རོགས་རེས། མཐུན་སྒྲིལ་མཉམ་གནས་དང་མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་དགོས།

24.2016ལོའི་ཟླ8ཚེས22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་བསྟན་དོན། མི་རིགས་མཐུན་སྒྲིལ་ནི་མི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། མི་རིགས་སོ་སོའི་མང་ཚོགས་ལ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོས་འཛིན་ནང་འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་མདུན་སྐྱོད་བྱེད་པར་རྒྱུན་ཆད་མེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་མི་རིགས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། 

25.2017ལོའི་ཟླ3ཚེས10ཉིན། ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཞིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་གྱིས་བསྟན་དོན། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་བསྒྲེངས་ནས། མི་རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་འཛིན་ལ་ཁྲིད་སྟོན་ཤུགས་ཆེན་བྱས་ནས།  རང་ཉིད་ཀྱི་མིག་ལ་གཅེས་སྐྱོང་བྱེད་པ་ཇི་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་དང་། རང་ཉིད་ཀྱི་སྲོག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས་པ་དང་སེ་འབྲུ་ལྟར་དམ་པོར་འབྲེལ་དགོས། 

26.2019ལོའི་ཟླ9ཚེས27ཉིན། ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་ནན་གྱིས་བསྟན་དོན། མི་རིགས་སོ་སོའི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ངེས་པའི་གཞི་རྩའི་འགན་ལེན་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་དགོས་ན་ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ཏུ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས། 

27.2020ལོའི་ཟླ8ཚེས28ཉིན། ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་ཐེངས་བདུན་པའི་ཐོག་དུས་རབས་གསར་པའི་ཏང་གི་བོད་ལྗོངས་བཅོས་སྐྱོང་གི་ཇུས་ཆེན་བཏོན་པ་སྟེ། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་རྒྱལ་ཁབ་སྐྱོང་བར་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་པའི་འཐབ་ཇུས་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་རྒྱུ་དེ་བོད་ལྗོངས་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་འཇོག་དགོས། ངེས་པར་དུ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་དུ་གཏོང་བའི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་ཆེན་པོ་གཉིས་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། ངེས་པར་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མགོ་ཚུགས་ས་དང་དོན་ལ་འབབ་སར་བརྩི་དགོས། ངེས་པར་དུ་མི་རིགས་སོ་སོ་དབར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་དགོས། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱ་དགོས། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱ་དགོས་ལ། ངེས་པར་དུ་ཏང་ལེགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། 

28.2020ལོའི་ཟླ8ཚེས28ཉིན། ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་ཐེངས་བདུན་པའི་ཐོག་བསྟན་དོན། དུས་བབ་གསར་བ་དང་ལས་འགན་གསར་བའི་མདུན་དུ་ངེས་པར་དུ་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་སྒྲིག་བཀོད་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བརྟན་བརླིང་ཁྲོད་ཡར་རྒྱས་ཡོང་དགོས་པའི་བྱ་བའི་སྤྱིའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་ཇེ་བརྟན་དུ་བཏང་ནས། སྤུས་ཚད་འཕེལ་རྒྱས་མཐོར་འདེགས་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བརྟན་འཇགས་ལ་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བ་འགན་ལེན། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཡིན་པ་འགན་ལེན་དང་། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡིན་པ་འགན་ལེན་བྱེད་དགོས། མཐུན་སྒྲིལ་འབྱོར་ཕྱུག་དང་དཔལ་ཡོན་འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས། 

29.2020ལོའི་ཟླ8ཚེས28ཉིན། ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་ཐེངས་བདུན་པའི་ཐོག་བསྟན་དོན། སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་ཏང་ཨུས་བོད་དང་འབྲེལ་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གཙོ་གཞི་འགན་འཁྲི་འཁུར་ནས་བོད་རང་སྐྱོང་ལྗོངས་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གིས་མུ་མཐུད་དུ་ཞིང་ཆེན་བཞིའི་བོད་དང་འབྲེལ་བའི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་བོད་འབྲེལ་ཁུལ་དང་རྫོང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན། དམངས་འཚོ་འགན་སྲུང་དང་ལེགས་བཅོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ལ་རོགས་རམ་བྱས་ཏེ། མང་ཚོགས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་རོལ་ཐུབ་པར་བྱེད་དགོས། 

30.2020ལོའི་ཟླ8ཚེས28ཉིན། ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་ཐེངས་བདུན་པའི་ཐོག་མཐུན་སྒྲིལ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བླང་བྱ་དྲུག་བཏོན་ཡོད་དེ། 1. ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས། 2. འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་དགོས། 3. སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། 4. ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། 5.“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་དགོས། 6.བོད་འབྲེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་བ་གཏོད་དགོས། 

31.2020ལོའི་ཟླ9ཚེས25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཞིན་ཅང་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བསྟན་དོན། མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་རིང་ལ། ཞིན་ཅང་ལས་དོན་ཡག་པོ་སྒྲུབ་པར་དུས་རབས་གསར་བའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆ་ཚང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་དགོས་པ་དང་། ཞིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམ་འཛིན་ནན་མོ་བྱས་ཏེ་ཁྲིམས་ལྟར་ཞིན་ཅང་བཅོས་སྐྱོང་དང་། ཞིན་ཅང་མཐུན་སྒྲིལ་གྱིས་བརྟན་ལྷིང་བྱེད་པ། ཞིན་ཅང་རིག་གནས་ཀྱིས་ཕྱུག་པོར་གཏོང་བ། ཞིན་ཅང་དར་རྒྱས་དང་མི་དམངས་ཕྱུག་འགྱུར། ཡུན་རིང་ཞིན་ཅང་འཛུགས་སྐྲུན་བཅས་བྱས་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་འགན་སྲུང་བྱེད་པར་སྐུལ་འདེད་གཏོང་དགོས། ཧུར་ཐག་གིས་མཐུན་སྒྲིལ་འཆམ་མཐུན་དང་དར་རྒྱས་འབྱོར་ཕྱུག  དཔལ་ཡོན་གོང་འཕེལ། བདེ་སྡོད་ལས་བརྩོན། སྐྱེ་ཁམས་ལེགས་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིན་ཅང་འཛུགས་སྐྲུན་བྱེད་དགོས།

32.2020ལོའི་ཟླ9ཚེས25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཞིན་ཅང་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་ཐེངས་གསུམ་པའི་ཐོག་དུས་རབས་གསར་བའི་ཏང་གིས་ཞིན་ཅང་སྐྱོང་བའི་ཇུས་གཞི་བཏོན་པ་སྟེ། འཐབ་ཇུས་ཐོག་ནས་ཞིན་ཅང་ལས་དོན་ལ་ཞིབ་ལྟ་དང་ཇུས་འགོད་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ནི་ཞིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་དུ་བརྩི་རྒྱུ་རྒྱུན་འཁྱོངས། མི་སེམས་གཅིག་སྒྲིལ་བྱ་རྒྱུ་གཞི་རྩར་འཛིན་པ་རྒྱུན་འཁྱོངས། ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བ་དར་སྤེལ་དང་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས། དམངས་འཚོ་དང་དམ་པོར་འབྲེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས། ཏང་གིས་ཞིན་ཅང་གི་ལས་དོན་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་ལ་རྒྱུན་འཁྱོངས་བྱེད་དགོས།

33.2021ལོའི་ཟླ2ཚེས3ནས5ཉིན་བར། ཞི་ཅིན་ཕིང་གིས་ཀོས་ཀྲོའུ་རུ་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་སྐབས་ཀྱི་གསུང་བཤད། 

ད་ལོར་ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རླབས་ཆེན་གྱི་རྒྱལ་ཁ་བསུ་རྒྱུ་ཡིན། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ལ་མི་རིགས་ལྔ་བཅུ་ང་དྲུག་ནི་མེ་ཏོག་ལྔ་བཅུ་ང་དྲུག་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་ལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཡང་མི་རིགས་གཅིག་ཀྱང་ལུས་མི་རུང་།

34.2021ལོའི་ཟླ2ཚེས3ནས5ཉིན་བར། ཞི་ཅིན་ཕིང་གིས་ཀོས་ཀྲོའུ་རུ་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་སྐབས་ཀྱི་གསུང་བཤད། 

གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཁྱད་ཆོས་དང་ལེགས་ཆ་འཛོམས་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས། 

35.2021ལོའི་ཟླ3ཚེས5ཉིན། ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད། 

མི་རིགས་མཐུན་སྒྲིལ་གྱི་གཟི་བརྗིད་སྲོལ་རྒྱུན་དང“དཔེ་སྟོན་རང་སྐྱོང་ལྗོངས”ཀྱི་བླ་ན་མེད་པའི་གཟི་བརྗིད་མཚན་སྙན་དེ་སྔར་ལས་གཅེས་སྤྲས་དང་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་སྤྱི་ཡོངས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། 

36.2021ལོའི་ཟླ3ཚེས5ཉིན། ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད། 

ནང་སོག་ནི་རང་རྒྱལ་གྱི་ཆེས་སྔ་ཤོས་བཙུགས་པའི་མི་རིགས་རང་སྐྱོང་ལྗོངས་ཡིན་པའི་ཆ་ནས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡོད་ལ། དུས་ཡུན་རིང་བོའི་ནང“དཔེ་སྟོན་རང་སྐྱོང་ལྗོངས”ཀྱི་བླ་ན་མེད་པའི་གཟི་བརྗིད་མཚན་སྙན་ཡོད་པས། སྔར་ལས་གཅེས་སྤྲས་དང་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་དམིགས་ཏེ། རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་སོ་སོའང་ཕན་ཚུན་ཁ་འབྲལ་ཐབས་མེད་པ་བཅས་ཡིད་ལ་བརྟན་པོར་ངེས་དགོས་ཤིང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་དུ་ལས་དོན་ཞིབ་ཚགས་དང་ཏན་ཏིག་གིས་སྒྲུབ་ནས། མི་རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་དགོས། 

37.2021ལོའི་ཟླ3ཚེས5ཉིན། ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད། 

རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ནི་ཆེས་གཏིང་ཟབ་པའི་ངོས་འཛིན་གཅིག་མཐུན་ཡིན་ལ། དེ་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་མི་རིགས་འཆམ་མཐུན་གྱི་བླ་སྲོག་ཡིན། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་བའི་ལས་དོན་ནན་ཏན་གྱིས་ལེགས་པར་སྒྲུབ་ཏེ། རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་གནང་བའི་བསླབ་དེབ་བཀོལ་སྤྱོད་བྱེད་པ་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་དགོས། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་ཕུང་བོ་གཅིག་གི་འདུ་ཤེས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ལྷག་པར་དུ་ན་གཞོན་ལོ་ཆུང་གི་སློབ་གསོ་ནས་དམ་འཛིན་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་མི་རིགས་སྲིད་ཇུས་ལ་ཕྱོགས་ཡོངས་ནས་གོ་བ་ལོན་པར་ཁྲིད་སྟོན་བྱས་ཏེ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་དགོས་ལ། མཐའ་གཅིག་ཏུ་ནོར་འཁྲུལ་གྱི་བསམ་བློའི་ལྟ་བ་སྣ་ཚོགས་ལ་ངོ་རྒོལ་བྱས་ཏེ། “བཀྲག་མདངས་འཚེར་བའི་ནང་སོག་འཛུགས་སྐྲུན་བྱས་ནས་རླབས་ཆེན་གྱི་ཀྲུང་གོའི་འདུན་མ་མཉམ་དུ་མངོན་འགྱུར་བྱེད་པའི”སྟོབས་ཤུགས་གཅིག་བསྡུ་བྱེད་དགོས།

38.2021ལོའི་ཟླ3ཚེས5ཉིན། ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད། 

ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཟིན་པས། དེར་ཆད་ལྷག་མེད་པར་དོན་འཁྱོལ་དམ་འཛིན་བྱེད་དགོས། ཡོད་ཚད་མདུན་དུ་སྐྱོད་སྐབས་བརྒྱུད་མྱོང་བའི་ལམ་བུ་བརྗེད་མི་རུང་བ་དང་། རྒྱང་རིང་ཅི་ཙམ་བསྐྱོད་དེ་འབྱུང་འགྱུར་ཅི་ཙམ་གྱིས་འོད་སྟོང་འབར་ཡང་། བརྒྱུད་མྱོང་བའི་སྔོན་ཆད་བརྗེད་མི་རུང་བ་དང་། ལམ་ལ་ཆས་པའི་དོན་སྙིང་བརྗེད་མི་རུང་། ཏང་དབུ་བརྙེས་མ་ཐག་པའི་དུས་སུ། ང་ཚོའི་ཏང་གིས་མི་རིགས་ཀྱི་གནད་དོན་ལ་དོ་ཁུར་ཆེན་པོ་བྱས། བློ་མཐུན་ལིས་ཏ་ཀྲའོ་ཡིས་སོག་རིགས་མང་ཚོགས་ཁྲོད་དུ་མར་ཁེ་སིའི་རིང་ལུགས་ཁྱབ་སྤེལ་དང་གུང་ཁྲན་རིང་ལུགས་ཀྱི་སྔོན་ཐོན་པ་གསོ་སྐྱོང་བྱེད་པའི་ལས་དོན་ལ་ཐད་ཀར་མགོ་ཁྲིད་དང་དེའི་ནང་དུ་ཞུགས་པ་རེད། 1923ལོར་ནང་སོག་ནས་བོ་ལན་ཧྥུ་ནང་དུ་ཚུད་པའི་ཁག་དང་པོའི་གུང་ཁྲན་ཏང་མི་བྱུང་། 1947ལོའི་ཟླ5བར། ཏང་གིས་མགོ་ཁྲིད་པའི་ནང་སོག་རང་སྐྱོང་ལྗོངས་བཙུགས་པ་ཁྱབ་བསྒྲགས་བྱས་པ་དེས། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ལ་བརྟེན་ནས་རྒྱལ་ནང་གི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ལག་ལེན་ལེགས་འགྲུབ་བྱུང་བ་མཚོན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ནང་སོག་གིས“སེམས་ཤུགས་གཅིག་སྒྲིལ་གྱིས་པོ་ཀང་འཛུགས་སྐྲུན”དང“དྭ་ཕྲུག་སུམ་སྟོང་ནང་སོག་ཏུ་བསྐྱོད་པ”སོགས་ལོ་རྒྱུས་ཀྱི་མཛད་ཆེན་གསར་གཏོད་བྱས་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཁྲོད་དུ་གསར་བརྗེའི་ཐོན་ཁུངས་དེ་དག་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས། ཏང་གི་ལོ་རྒྱུས་གཙོ་གནད་དུ་བཟུང་སྟེ་སློབ་སྦྱོང་བྱེད་པ་དང་དུས་མཚུངས་སུ་ཀྲུང་གོ་གསར་བའི་ལོ་རྒྱུས་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ལ་སློབ་སྦྱོང་བྱས་ཏེ། ལོ་རྒྱུས་སྦྱངས་ནས་བླང་དོར་འབྱེད། ལོ་རྒྱུས་སྦྱངས་ནས་ཡིད་ཆེས་བསྐྱེད། ལོ་རྒྱུས་སྦྱངས་ནས་ཀུན་སྤྱོད་བརྩི། ལོ་རྒྱུས་སྦྱངས་ནས་ལག་ལེན་བརྩོན་པ་བཅས་སྒྲུབ་ཐུབ་པ་བྱ་དགོས། ཏང་གི་ལོ་རྒྱུས་སྦྱངས་ནས་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ་དང་། དོན་དུ་གཉེར་བ། རྣམ་པ་གསར་བའི་མགོ་རྩོམ་ཐུབ་པ་བཅས་བྱ་དགོས། ལྷག་པར་ཏུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཡང་དག་པར་ཐག་གཅོད་བྱེད་པའི་བགྲོད་ལམ་རྒྱུན་འཁྱོངས་དང་། མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་མོར་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་ཇེ་བརྟན་ཏུ་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་སྟེང་དུ། བསམ་བློའི་ངོས་འཛིན་དང་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།

39.2021ལོའི་ཟླ3ཚེས7ཉིན། ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད། 

ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། མི་རིགས་སོ་སོའི་མང་ཚོགས་ལ་བྱ་བ་ཡག་པོར་སྒྲུབ་པ་དང་། བྱ་བ་དངོས་མང་ཙམ་སྒྲུབ་པ། དཀའ་གནད་སེལ་ནས་མི་རིགས་སོ་སོའི་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོར་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས། 


མཉམ་སྤྱོད།