དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་དོ་དམ་བྱེད་ཐབས》དཔར་འགྲེམ་བྱས་པའི་ སྐོར་གྱི་བརྡ་སྦྱོར།

2022-10-10 08:37   |   665

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན་སྤྱི་བསྒྲགས།  བཤེར་འབེབས། རྡོ་རྗེ་བྱམས།


བྱང་སྲིད་གཞུང་ལས་ཁང〔2022〕ཨང58པ།

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་དང་ལས་ཁུངས་སོ་སོར། 

ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གཏན་འབེབས་བྱས་པའི《མཚོ་བྱང་ཁུལ་གྱི་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་དོ་དམ་བྱེད་ཐབས》ལ་ཁུལ་སྲིད་གཞུང་ཡིད་འཐད་བྱུང་ཡོད་ལ། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱ་རྒྱུ་ཡིན་པས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་ཏན་བྱེད་དགོས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2022ལོའི་ཟླ7ཚེས29ཉིན།

མཚོ་བྱང་ཁུལ་གྱི་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་དོ་དམ་བྱེད་ཐབས།

དོན་ཚན་དང་པོ། མེ་གསོད་ཆུ་སྒོ་འཆར་འགོད་འཛུགས་སྐྲུན་དང་། སྲུང་སྐྱོང་། ཉམས་གསོ། ལྟ་སྐུལ་དོ་དམ་བཅས་ལ་ཤུགས་སྣོན་བརྒྱབ་ནས་མེ་སྐྱོན་གྱི་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བ་དང་། མི་དམངས་ཀྱི་ཚེ་སྲོག་དང་གཞུང་སྒེར་གྱི་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་མེ་ཟོན་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་གྱི་མེ་ཟོན་བདེ་འཇགས་འགན་འཁྲིའི་གཏན་འབེབས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་བྱེད་ཐབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། བྱེད་ཐབས་འདི་རང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་མེ་གསོད་ཆུ་སྒོ་(མེ་ཟོན་ཆུ་སྦུག)འཆར་འགོད་དང་། འཛུགས་སྐྲུན། སྲུང་སྐྱོང་། དོ་དམ་བཅས་བྱེད་རྒྱུར་སྤྱོད་དགོས།

དོན་ཚན་གསུམ་པ། བྱེད་ཐབས་འདིའི་ནང་བརྗོད་པའི་མེ་གསོད་ཆུ་སྒོ་ཞེས་པ་ནི་ཆུ་མཁོ་འདོན་གྱི་སྦུག་དྲ་སྦྲེལ་མཐུད་བྱེད་པ་ལ་ཟེར་ཞིང་། དེར་སྟེམ་སྒོ་དང་། ཆུ་སྒོ། སྐོགས་གཟུགས་སོགས་ལས་གྲུབ་ཡོད་ལ། ཆེད་དུ་མེ་སྐྱོན་སྔོན་འགོག་དང་མེ་གསོད་རོགས་སྐྱོབ་ལ་སྤྱོད་པའི་མེ་ཟོན་ཆུ་མཁོ་འདོན་བྱེད་པའི་སྒྲིག་ཆས་དང་དེའི་ཞོར་གཏོགས་སྒྲིག་ཆས་ཡོད། བྱེད་བྲག་ཏུ་འདི་དག་འདུས་ཡོད་དེ།

(གཅིག)མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ། གྲོང་ཁྱེར་གྱི་འགྲོ་ལམ་དུ་བཀོད་སྒྲིག་བྱས་ནས་བསྐྲུན་པའི་མེ་གསོད་ཆུ་སྒོ་རུ་མྱུར་བགྲོད་གཞུང་ལམ་དང་། གྲོང་ཁྱེར་གྱི་མ་ལམ་གཙོ་བོ། མ་ལམ་ཕལ་བ། རྐྱང་ལམ། ཁྲོམ་ལམ། (གྲོང་ཁྱེར་ནང་གི་གྲོང་ཚོའི་འགྲོ་ལམ་ཚུད་པ)གཞུང་ལམ་བཅས་སུ་བཀོད་སྒྲིག་བྱས་པའི་མེ་གསོད་ཆུ་སྒོ་ཚུད་ཡོད་ལ། དེ་དག་རྒྱལ་ཁབ་ལ་དབང་བ་ཡིན།

(གཉིས།)ལས་ཁུངས་ཀྱི་མེ་གསོད་ཆུ་སྒོ། ལས་ཁུངས་ཀྱི་བཟོ་སྐྲུན་ཁུལ་གྱི་དམར་ཐིག་ནང་གི་མེ་གསོད་ཆུ་སྒོ་དེ་ལས་ཁུངས་ལ་དབང་བ་ཡིན།

(གསུམ།)སྡོད་ཁང་གི་མེ་གསོད་ཆུ་སྒོ། ཁང་བདག་ལ་བཀོལ་སྤྱོད་བྱེད་པར་སྤྲད་ཟིན་པའི་སྡོད་ཁང་དང་ཁང་ས་སོགས་སུ་བཀོད་སྒྲིག་བྱས་ཡོད་པའི་མེ་གསོད་ཆུ་སྒོ་དེ་ཁང་བདག་གམ་བཀོལ་སྤྱོད་བྱེད་དབང་ཡོད་མཁན་ལ་དབང་བ་ཡིན།

དོན་ཚན་བཞི་བ། རང་ཁུལ་དང་རྫོང་སོ་སོའི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་མཁར་སྲིད་གྱི་མེ་གསོད་ཆུ་སྒོ་འཛུགས་སྐྲུན་དང་དོ་དམ་ལས་དོན་ལ་ཤུགས་བསྣན་ནས། དོ་དམ་དམིགས་ཚད་དང་འགན་འཁྲི་གཏན་ཁེལ་བྱེད་པ་དང་འབྲེལ་མེ་ཟོན་ལས་དོན་གྱི་དཔྱད་ཞིབ་མ་ལག་ནང་བཅུག་སྟེ། མཁར་སྲིད་དོ་དམ་གྱི་མེ་གསོད་ཆུ་སྒོ་འཛུགས་སྐྲུན་དོ་དམ་ཁྲོད་ཀྱི་གནད་དོན་གལ་ཆེན་མཐུན་སྦྱོར་ཐག་གཅོད་བྱེད་དགོས།

རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་མཁར་གྲོང་གི་མེ་གསོད་མེ་འགོག་ཆེད་དོན་འཆར་འགོད་བཟོ་འགོད་རྩ་འཛུགས་བྱས་ཏེ། མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་འཛུགས་སྐྲུན་བྱ་རྒྱུ་དེ་མེ་གསོད་མེ་འགོག་གི་ཆེད་དོན་འཆར་འགོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་ནང་འཇུག་དགོས། ཆེད་དོན་འཆར་འགོད་དུ་མཁར་སྲིད་དོ་དམ་གྱི་མེ་གསོད་ཆུ་སྒོ་ཁྱབ་གནས་དང་ཆུ་སྤྱོད་ཚད། ཆུའི་གནོན་ཤུགས་སོགས་ཞིབ་ཕྲའི་ནང་དོན་ཚུད་ཡོད།

དོན་ཚན་ལྔ་བ། རང་ཁུལ་དང་རྫོང་སོ་སོའི་མེ་ཟོན་རོགས་སྐྱོབ་ལས་ཁུངས་ཀྱིས་རང་སྲིད་འཛིན་མངའ་ཁོངས་ཀྱི་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་ལ་ལྟ་སྐུལ་དོ་དམ་བྱེད་དགོས།  

དོན་ཚན་དྲུག་པ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་རང་སོ་སོའི་འགན་འཁྲི་གཞིར་བཟུང་ནས་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་འཆར་འགོད་འཛུགས་སྐྲུན་དང་། སྲུང་སྐྱོང་ཉམས་གསོ། ལྟ་སྐུལ་དོ་དམ་སོགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། མེ་ཟོན་རོགས་སྐྱོབ་ལས་ཁུངས་ཀྱིས་ཕན་ཚུན་སྤེལ་རེས་ཀྱི་ལམ་སྲོལ་བཙུགས་ནས་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བྱེད་དགོས།

(གཅིག)རང་བྱུང་ཐོན་ཁུངས་དང་འཆར་འགོད་སྡེ་ཁག་གིས་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་བཀོད་སྒྲིག་བྱེད་པ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་གསར་དུ་བསྐྲུན་པའི་འགྲོ་ལམ་འཆར་འགོད་ཆོག་འཐུས་ཞིབ་བཤེར་ཁྱབ་ཁོངས་ནང་འཇུག་རྒྱུའི་འགན་ཁུར་དགོས།

(གཉིས།)འཕེལ་སྒྱུར་སྡེ་ཁག་གིས་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་འཛུགས་སྐྲུན་བྱེད་པ་དེ་སྲིད་གཞུང་གི་མ་དངུལ་གཏོང་བའི་རྣམ་གྲངས་ཀྱི་འཆར་གཞིའི་ནང་བཅུག་ནས་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་། ཞིབ་བཤེར་ཆོན་མཆན་འགོད་པ། ཐོ་འགོད་སྙན་སེང་ཞུ་བ་བཅས་ཀྱི་འགྲོ་ལུགས་སྒྲུབ་སྐབས། རྣམ་གྲངས་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུའམ་ཡང་ན་རྣམ་གྲངས་རེ་ཞུའི་སྙན་ཞུའི་ནང་གི་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་འཛུགས་སྐྲུན་གྱི་ནང་དོན་ལ་ཞིབ་བཤེར་ནན་མོ་བྱེད་པའི་འགན་ཁུར་དགོས།

(གསུམ།)ནོར་སྲིད་སྡེ་ཁག་གིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ནོར་སྲིད་སྒྲིག་སྲོལ་དང་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་སྒྲིག་སྲོལ་གྱི་བླང་བྱ་གཞིར་བཟུང་ནས། མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་འཆར་འགོད་དང་། འཛུགས་སྐྲུན། སྲུང་སྐྱོང་། དོ་དམ་བཅས་ཀྱི་འགྲོ་གྲོན་འགན་སྲུང་དང་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགན་ཁུར་དགོས།

(བཞི།)སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་འཛུགས་སྐྲུན་བྱ་རྒྱུ་དེ་མཁར་སྲིད་གཞུང་ལམ་ཆ་ཚང་སྒྲིག་པའི་ནང་དོན་དུ་བཅུག་ནས། བཟོ་སྐྲུན་གྱི་མ་འཇོག་སྔོན་རྩིས་ནང་འཇུག་རྒྱུའི་འགན་ཁུར་དགོས། གཞུང་ལམ་སྐྲུན་ཟིན་པའི་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོའི་སྒྲིག་ཆས་འབྲེལ་ཡོད་ལག་རྩལ་ཚད་གཞི་དང་མི་མཐུན་ཚེ། ཆུ་མཁོ་འདོན་བྱེད་མཁན་གྱི་ཁེ་ལས་རྩ་འཛུགས་བྱས་ནས་གསབ་སྐྲུན་དང་སྲུང་སྐྱོང་ཉམས་གསོ་བྱེད་པའི་འགན་ཁུར་དུ་འཇུག་དགོས།

(ལྔ།)གྲོང་ཁྱེར་དོ་དམ་སྡེ་ཁག་གིས་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོའི་གཞི་གྲངས་དེ་གྲོང་ཁྱེར་དོ་དམ་ཁྱབ་ཁོངས་སུ་བཅུག་ནས། མཁར་སྲིད་ཀྱི་མེ་གསོད་ཆུ་སྒོའི་གནད་དོན་ཐག་གཅོད་བྱེད་པར་ཆ་འཕྲིན་ཅན་གྱི་ཐབས་ལམ་མཁོ་འདོན་བྱེད་པའི་འགན་ཁུར་དགོས།

(དྲུག)ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཐོན་སྐྱེད་དང་འཁོར་རྒྱུག་ཁྱབ་ཁོངས་ཀྱི་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོའི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་། མཁར་སྲིད་ཀྱི་མེ་གསོད་ཆུ་སྒོའི་རྒྱུ་སྤུས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པའི་འགན་ཁུར་དགོས།

(བདུན།)ཆུ་བེད་དང་ཞིང་ལས་གྲོང་གསེབ་སོགས་སྡེ་ཁག་གིས་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་སོགས་གྲོང་གསེབ་ཀྱི་སྤྱི་བའི་མེ་ཟོན་རྨང་གཞིའི་སྒྲིག་བཀོད་དེ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཟོ་སྐྲུན་དུ་འཇུག་རྒྱུའི་འགན་ཁུར་དགོས།

(བརྒྱད།)སྤྱི་བདེ་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལྟར། མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་ལ་གཏོར་བརླག་དང་རྐུ་འཁྱེར། མེ་གསོད་མེ་འགོག་གི་ཆུ་རྐུ་སྤྱོད་བྱེད་པའི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་བྱེད་པའི་འགན་ཁུར་དགོས།

(དགུ།)མེ་གསོད་མེ་འགོག་རོགས་སྐྱོབ་ལས་ཁུངས་ཀྱིས་མེ་གསོད་མེ་འགོག་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་རིང་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་དེ་མེ་གསོད་མེ་འགོག་བདེ་འཇགས་ཀྱི་བླང་བྱ་དང་མི་མཐུན་པ་ཤེས་ཚེ། རིམ་པ་དེའི་མི་དམངས་སྲིད་གཞུང་ལ་ཡིག་ཐོག་ནས་ཆེད་དོན་སྙན་ཞུ་འབུལ་དགོས།

(བཅུ།)མེ་གསོད་མེ་འགོག་རོགས་སྐྱོབ་ལས་ཁུས་ཀྱིས་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་ལ་ལྟ་སྐུལ་དོ་དམ་དང་རྒྱུན་གཏན་གྱི་ཞིབ་བཤེར་བྱེད་པ་དང་། མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་རྒྱུར་ཤུགས་བསྣན་ནས། མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་འཛུགས་སྐྲུན་དང་། བསྒྱུར་བཅོས། སྲུང་སྐྱོང་། འཐུས་ཚང་བཅས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པའི་འགན་ཁུར་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས》གཞིར་བཟུང་ནས། ས་འོག་ཏུ་མནོན་པ་དང་། བཅད་བཟུང་། གཡོ་འགེབས་བྱེད་པ། གཏོར་སྐྱོན་གཏོང་བའམ་ཡང་ན་རང་དགར་བཤིག་ནས་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་དང་དེ་བཞིན་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་རྒྱུན་གཏན་ལྟར་སྤྱོད་རྒྱུར་འགོག་རྐྱེན་བཟོ་བའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་དགོས།

(བཅུ་གཅིག)ཆུ་མཁོ་འདོན་ཁེ་ལས་ཀྱིས་ཆུ་མཁོ་འདོན་བྱེད་པའི་ཁྱབ་ཁོངས་ནང་གི་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་ལ་རྒྱུན་གཏན་གྱི་སྲུང་སྐྱོབ་དོ་དམ་བྱེད་རྒྱུའི་འགན་ཁུར་དགོས་པ་དང་། དགོས་མཁོར་གཞིགས་ནས་བེད་སྤྱོད་བྱེད་མགོ་ཚུགས་པའི་ལམ་བུའི་ཐོག་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་ཁ་སྣོན་བྱེད་རྒྱུའི་འགན་ཁུར་དགོས།

(བཅུ་གཉིས།)སྡེ་ཁག་གཞན་དག་གིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་དོ་དམ་བྱེད་པའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

དོན་ཚན་བདུན་པ། མེ་གསོད་ཆུ་སྒོ་དེ་གྲོང་ཁྱེར་གྱི་བགྲོད་ལམ་དང་། ལས་ཁུངས་ཀྱི་འཛུགས་སྐྲུན། ཡུལ་མིའི་སྡོད་ཁང་སོགས་འཛུགས་སྐྲུན་བཟོ་སྐྲུན་གྱི་དུས་མཉམ་དུ་ཇུས་འགོད་དང་།  དུས་མཉམ་དུ་འཛུགས་སྐྲུན།  དུས་མཉམ་དུ་ཞིབ་བཤེར་རྩིས་ལེན། དུས་མཉམ་དུ་བེད་སྤྱོད་བཅས་བྱ་དགོས།

སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་མེ་གསོད་མེ་འགོག་ཇུས་འགོད་བྱས་ཚུལ་ལ་ཞིབ་བཤེར་གཏན་འབེབས་དང་། མེ་གསོད་མེ་འགོག་བྱས་ཚུལ་ཞིབ་བཤེར་རྩིས་ལེན། ཐོ་འགོད་འཐེན་བཤེར་སོགས་ཀྱི་བྱ་བ་ཁྲིམས་ལྟར་ལེགས་བསྒྲུབ་བྱེད་དགོས།

དོན་ཚན་བརྒྱད་པ། གསར་དུ་བསྐྲུན་པའི་གྲོང་ཁྱེར་གྱི་བགྲོད་ལམ་དུ་ངེས་པར་དུ་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་སྒྲིག་སྦྱོར་བྱ་དགོས་པ་མ་ཟད། ཆུ་འདྲེན་སྦུག་དྲར་འབྲེལ་མཐུད་བྱེད་དགོས་ལ། ཆུ་ཤུགས་དང་ཆུ་འབུད་ཚད་རྒྱལ་ཁབ་ཀྱི་ཚད་གཞིའི་བླང་བྱ་དང་མཐུན་པར་འགན་ལེན་ཏན་ཏིག་བྱ་དགོས།

མཁར་སྲིད་ཀྱི་ཆུ་མཁོ་འདོན་བྱེད་པའི་སྦུག་ལམ་གསར་སྐྲུན་དང་། བཅོས་སྐྲུན། རྒྱས་སྐྲུན་བཅས་བྱེད་པར། འཛུགས་སྐྲུན་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་ བཀོད་སྒྲིག་བྱེད་དགོས།

གྲོང་ཁྱེར་ལེགས་སྒྲིག་དང་། ཉེན་ཡོད་ཁང་པ་དང་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་བྱེད་སྐབས་འཛུགས་སྐྲུན་ལས་ཁུངས་ཀྱིས་དུས་གཅིག་ཏུ་མེ་གསོད་ཆུ་སྒོ་གསབ་སྐྲུན་དང་ཉམས་གསོ་བྱེད་དགོས།

གྲོང་ཁྱེར་གྱི་བགྲོད་ལམ་དང་ཆུ་འདོན་གྱི་ཆེད་དམིགས་འཆར་འགོད་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལག་རྩལ་ཚད་གཞི་ལྟར། མེ་གསོད་ཆུ་སྒོ་འཛུགས་དགོས་པ་མ་ཟད།  མེ་གསོད་མེ་འགོག་རོགས་སྐྱོབ་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།

དོན་ཚན་དགུ་བ། མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་འཛུགས་པ་དང་སྒྲིག་སྦྱོར་བྱེད་པར་རྒྱལ་ཁབ་ཀྱི་ལག་རྩལ་ཚད་གཞི་ལག་བསྟར་བྱེད་དགོས་ཤིང་། གཤམ་གསལ་བླང་བྱ་དང་མཐུན་དགོས་ཏེ།

(གཅིག)མཁར་སྲིད་གྱི་གཞུང་ལམ་ཞེང་ཚད་སྨི60ལས་ཆུང་བའི་རིགས་ལ་སྨི120རེའི་མཚམས་སུ་མེ་གསོད་ཆུ་སྒོ་རེ་འཛུགས་རྒྱུ་དང་། སྨི60ལས་ཆེ་བའི་གཞུང་ལམ་གྱི་གཞོགས་གཉིས་སུ་སྨི120རེའི་མཚམས་སུ་མེ་གསོད་ཆུ་སྒོ་རེ་བཀོད་སྒྲིག་བྱེད་དགོས་པ་དང་། བཞི་མདོ་དང་ཉེ་བར་ངེས་པར་དུ་མེ་གསོད་ཆུ་སྒོ་འཛུགས་དགོས།

(གཉིས།)མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་དེ་བགྲོད་ལམ་བརྒྱུད་ནས་འཛུགས་དགོས་ཤིང་། མི་འགྲོ་སའི་ལམ་དུ་སྒྲིག་སྦྱོར་བྱས་ན་འཚམ་པོ་ཡོད་པ་དང་། རླངས་འཁོར་བགྲོད་ལམ་འགྲམ་གྱི་སྨི0.5ཡོད་སར་བཀོད་སྒྲིག་བྱེད་པ་མ་ཟད། མཚོན་རྟགས་གསལ་བོ་བཀོད་སྒྲིག་བྱེད་དགོས།

(གསུམ།)མཁར་སྲིད་ཀྱི་མེ་གསོད་ཆུ་སྒོའི་ཆུ་སྦུག་གི་ཆུའི་ཤོང་ཚད་ཆེས་ཆུང་ནའང་ཚངས་ཐིག100mmལས་ཆུང་བ་བྱེད་མི་རུང་བ་དང་། མེ་གསོད་ཆུ་སྒོ་ལ་ཡོད་པའི་ཚངས་ཐིག་ནི100mmདང་65mmཡིན་པའི་འགག་མདོ་རེ་ཡོད་ལ། མི་འགྲོ་སའི་ལམ་དུ་སྒྲིག་སྦྱོར་བྱེད་སྐབས་ཁྲོན་པའི་ཁ་ལེབ་དེ་མི་འགྲོ་སའི་ལམ་གྱི་ངོས་དང་མཉམ་པོ་བྱེད་དགོས།

(བཞི།) མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་དེ་ལམ་འགྲམ་གྱི་བར་ཐག་སྨི2ལས་བརྒལ་མི་རུང་བ་དང་། ཁང་པའི་ཕྱི་གྱང་དང་བར་ཐག་སྨི5ལས་ཐུང་མི་རུང་ལ། མཁར་སྲིད་ཀྱི་མེ་གསོད་ཆུ་སྒོའི་དུང་ཨར་ལས་དང་སྒྲིག་སྦྱོར་བྱེད་པ་ཚད་ལྡན་གྱི་ཚད་གཞིར་སླེབས་དགོས་པ་དང་། འཁྱགས་འགོག་གི་རེ་བ་སྐོང་ཐུབ་དགོས།

དོན་ཚན་བཅུ་པ། བེད་སྤྱོད་བྱེད་པའི་མེ་གསོད་ཆུ་སྒོ་ཡི་རྒྱུ་སྤུས་དེ་རྒྱལ་ཁབ་ཀྱི་ཚད་གཞིའམ་ལས་རིགས་ཀྱི་ཚད་གཞི་དང་མཐུན་དགོས།

དོན་ཚན་བཅུ་གཅིག མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་འཛུགས་སྐྲུན་གྱི་གྲོན་དངུལ་དེ་གྲོང་ཁྱེར་གྱི་གཞུང་ལམ་སྤྱིའི་མ་དངུལ་འཇོག་ཁོངས་སུ་འཇུག་དགོས། ཚད་གཞིར་སླེབས་མེད་པར་ཁ་གསབ་འཛུགས་སྐྲུན་བྱེད་དགོས་པའི་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་དེ་རྫོང་སོ་སོའི་གྲོང་ཁྱེར་འཛུགས་སྐྲུན་སྲིད་འཛིན་གཙོ་འགན་ཁུར་མཁན་སྡེ་ཁག་གིས་མེ་ཟོན་རོགས་སྐྱོབ་ལས་ཁུངས་དང་མཉམ་དུ་གསབ་སྐྲུན་འཆར་གཞི་བཟོ་དགོས་པ་མ་ཟད། རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་ཆུ་མཁོ་འདོན་བྱེད་པའི་འབྲེལ་ཡོད་ཁེ་ལས་ཀྱིས་གསབ་སྐྲུན་བྱེད་དུ་འཇུག་དགོས།

དོན་ཚན་བཅུ་གཉིས། ལས་ཁུངས་དང་སྡོད་ཁང་གི་མེ་གསོད་ཆུ་སྒོ་འཛུགས་སྐྲུན་བྱེད་པའི་གྲོན་དངུལ་ནི་འཛུགས་སྐྲུན་བྱེད་མཁན་གྱི་ལས་ཁུངས་ཀྱིས་འགན་ཁུར་དགོས།

ལས་ཁུངས་དང་སྡོད་ཁང་གི་མེ་གསོད་ཆུ་སྒོ་མི་འདང་བའམ་ཡང་ན་དོན་དངོས་ཀྱི་དགོས་མཁོ་དང་མི་མཐུན་པའི་རིགས་ཡོད་ན། གསབ་སྐྲུན་ནམ་བསྒྱུར་བཀོད་བྱ་དགོས། ལས་ཁུངས་ཀྱི་མེ་གསོད་ཆུ་སྒོ་དེ་བདག་དབང་ལས་ཁུངས་ཀྱིས་གསབ་སྐྲུན་ནམ་ཡང་ན་སྒྱུར་བཀོད་བྱེད་པའི་འགན་ཁུར་དགོས། སྡོད་ཁང་གི་མེ་གསོད་ཆུ་སྒོ་དེ་ཁོངས་གཏོགས་ཀྱི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ལས་ཞབས་ཞུ་བའམ་ཡང་ན་སྡོད་ཁང་ཐོན་དབང་ལས་ཁུངས་རྩ་འཛུགས་བྱས་ནས་གསབ་སྐྲུན་ནམ་སྒྱུར་བཀོད་བྱེད་དགོས།

དོན་ཚན་བཅུ་གསུམ། མེ་ཟོན་རོགས་སྐྱོབ་ལས་ཁུངས་ཀྱིས་ངེས་པར་དུ་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་འཛུགས་སྐྲུན་དང་དོ་དམ་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་གསབ་སྐྲུན་ནམ་སྲུང་སྐྱོང་བྱེད་པར་དགོས་མཁོ་ཡོད་པ་ཡིན་ན།  ཁོངས་གཏོགས་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཡིག་ཐོག་ནས་སྙན་སེང་ཞུ་དགོས། སྙན་ཞུ་འབྱོར་བའི་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཆུ་འདོན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་བྱེད་ཐབས་སྤྱོད་པ་དང་ལེགས་བཅོས་བྱེད་པར་རྩ་འཛུགས་དང་ཡང་ན་འགན་ཁུར་དུ་འཇུག་དགོས།

དོན་ཚན་བཅུ་བཞི། ལས་ཁུངས་དང་མི་སྒེར་སུ་ཡིན་རུང་ཚང་མར་མེ་གསོད་ཆུ་སྒོ་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད། མེ་གསོད་ཆུ་སྒོ་རང་མཚམས་ཀྱིས་བཤིག་པ་དང་སྤྱོད་མཚམས་འཇོག་པ། ས་འོག་ཏུ་མནོན་པ། བཅད་བཟུང་། གཡོ་འགེབས་བཅས་བྱས་མི་ཆོག  མེ་གསོད་མེ་འགོག་གི་ཆུ་རྐུ་སྤྱོད་དང་མེ་གསོད་ཆུ་སྒོ་ལ་གཏོར་སྐྱོན་གཏོང་བའི་རིགས་ཡོད་ཚེ། ཁྲིམས་ལྟར་གྱོང་གུན་གསབ་འཇལ་དང་ཉམས་གསོའི་འགྲོ་གྲོན་གཏོང་བའི་འགན་ཁུར་དུ་འཇུག་དགོས་པ་དང་། འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་གིས་སྲིད་འཛིན་ཆད་པ་གཅོད་དགོས། ནག་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་དགོས།

དོན་ཚན་བཅོ་ལྔ། རྫོང་སོ་སོའི་འཛུགས་སྐྲུན་སྲིད་འཛིན་གཙོ་འགན་ཁུར་མཁན་གྱི་སྡེ་ཁག་གིས་ཆུ་མཁོ་འདོན་བྱེད་པའི་ཁེ་ལས་རྩ་འཛུགས་བྱས་ཏེ་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་སྲུང་སྐྱོབ་ཉམས་གསོ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱས་ནས། སྲུང་སྐྱོབ་ཉམས་གསོ་བྱེད་པར་མཁོ་བའི་འགྲོ་གྲོན་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས།

ཆུ་མཁོ་འདོན་བྱེད་པའི་ཁེ་ལས་ཀྱིས་གན་རྒྱའི་གཏན་འབེབས་གཞིར་བཟུང་ནས་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་སྲུང་སྐྱོབ་ལས་དོན་ལ་བྱེ་བྲག་གི་འགན་ཁུར་ནས། མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་ལ་དུས་བཅད་ལྟར་སྐོར་སྐྱོད་ཞིབ་བཤེར་བྱེད་པའི་ལམ་ལུགས་བཟོ་བ་དང་། སྐོར་སྐྱོད་ཞིབ་བཤེར་ཟིན་ཐོའི་ཡིག་ཚགས་བཟོ་དགོས། ཆུ་མཁོ་འདོན་གྱི་སྦུག་དྲ་ལ་སྐྱོན་བྱུང་བའམ་ཉམས་གསོ་བྱ་དགོས་པའི་དབང་གིས་ཆུ་མཚམས་འཇོག་དགོས་བྱུང་ན། ཆུ་ཚོད24ཡི་སྔོན་ལ་ས་གནས་དེ་གའི་མེ་གསོད་མེ་འགོག་རོགས་སྐྱོབ་ལས་ཁུངས་ལ་བརྡ་སྦྱོར་གཏོང་དགོས།

དོན་ཚན་བཅུ་དྲུག ལས་ཁུངས་ཀྱི་མེ་གསོད་ཆུ་སྒོ་སྲུང་སྐྱོང་ཉམས་གསོའི་འགན་འཁྲི་དང་འགྲོ་གྲོན་རྣམས་རྒྱུ་ནོར་བདག་དབང་ལས་ཁུངས་ཀྱིས་འགན་ཁུར་དགོས། རྒྱུ་ནོར་བདག་དབང་ལས་ཁུངས་ཀྱིས་བཟོ་སྐྲུན་ནམ་གནས་ཡུལ་མི་གཞན་ལ་བེད་སྤྱོད་བྱ་རྒྱུར་འདོན་སྤྲོད་བྱས་ན། དོ་བདག་ཕྱོགས་གཉིས་ཀྱིས་གན་རྒྱའི་ནང་མེ་གསོད་ཆུ་སྒོ་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུའི་འགན་འཁྲི་ཁ་གསལ་བཟོ་དགོས། ཁ་གསལ་བྱས་མེད་པ་ཡིན་ན་རྒྱུ་ནོར་བདག་དབང་ལས་ཁུངས་ཀྱིས་འགན་ཁུར་དགོས།

དོན་ཚན་བཅུ་བདུན། སྡོད་ཁང་གི་མེ་གསོད་ཆུ་སྒོ་སྲུང་སྐྱོང་དང་ཉམས་གསོ་བྱེད་འགན་ནི་སྡེ་ལས་ཞབས་ཞུ་བས་འགན་ཁུར་དགོས། སྡེ་ལས་ཞབས་ཞུ་བར་མངག་བཅོལ་བྱས་མེད་ན། སྡོད་ཁང་ཁུལ་གནས་སའི་སྡེ་ཁུལ་གྱིས་ཁང་བདག་རྩ་འཛུགས་བྱས་ཏེ་གྲོས་མོལ་བྱས་ནས་སྲུང་སྐྱོང་དོ་དམ་བྱེད་ཐབས་གཏན་ཁེལ་བྱེད་དགོས།

སྡོད་ཁང་གི་མེ་གསོད་ཆུ་སྒོ་ཞིག་གསོ་ཉམས་གསོ་བྱེད་ཡུན་གྱི་ཞིག་གསོ་ཉམས་གསོའི་འགྲོ་གྲོན་དེ་འཛུགས་སྐྲུན་ལས་ཁུངས་ཀྱིས་འགན་ཁུར་དགོས། ཉམས་གསོའི་དུས་ཚོད་ལོངས་རྗེས་སྡེ་ལས་དོ་དམ་ཞབས་ཞུའི་གན་རྒྱའི་ནང་དོན་གཞིར་བཟུང་ནས། སྡེ་ལས་དོ་དམ་གྲོན་དངུལ་ནས་གཏོང་རྒྱུའམ་ཡང་ན་སྡོད་ཁང་ཉམས་གསོའི་ཆེད་སྤྱོད་མ་དངུལ་ལས་གཏོང་རྒྱུའི་ཁ་ཆད་འཇོག་དགོས། སྡོད་ཁང་ཉམས་གསོའི་ཆེད་སྤྱོད་མ་དངུལ་མེད་པའམ་ཡང་ན་ཉམས་གསོའི་ཆེད་སྤྱོད་མ་དངུལ་མི་འདང་བ་ཡིན་ན། ཁང་བདག་གིས་ཁ་ཆད་ལྟར་འགན་ཁུར་དགོས། ཁ་ཆད་བཞག་མེད་པའམ་ཡང་ན་ཁ་ཆད་གསལ་པོ་བཞག་མེད་ན། རང་སོ་སོའི་ཆེད་གཏོགས་ཁག་གི་བཟོ་སྐྲུན་རྒྱ་ཁྱོན་གྱིས་བཟུང་བའི་བསྡུར་ཚད་ལྟར་འགན་ཁུར་དགོས། སྡེ་ལས་ཞབས་ཞུའི་མི་སྣར་དོ་དམ་བྱ་རྒྱུར་མངགས་བཅོལ་བྱས་མེད་ལ་ཉམས་གསོའི་མ་དངུལ་ཡང་མེད་པའི་སྡོད་ཁང་ཁུལ(སྡོད་ཁུལ་རྙིང་པ་དང་སྤྱིལ་ཁྱིམ་ཁུལ)གྱིས་ས་གནས་དེ་གར་གཏོགས་པའི་མི་དམངས་སྲིད་གཞུང་ལ་མཐུན་སྦྱོར་བྱས་ནས་ཐག་གཅོད་བྱེད་དགོས།  

དོན་ཚན་བཅོ་བརྒྱད། མེ་གསོད་ཆུ་སྒོ་སྲུང་སྐྱོང་དང་ཉམས་གསོ་བྱེད་པར་གཤམ་གྱི་བླང་བྱ་དང་མཐུན་དགོས་ཏེ།

(གཅིག)མེ་གསོད་ཆུ་སྒོ་སྐྱོན་མེད་གོ་ཆོད་ཡིན་པ་དང་། ལྷུ་ལག་ཆད་བརླག  བཀྲག་རྩི་བཤུ་བ་སོགས་ཀྱི་སྣང་ཚུལ་མེད་པ།

(གཉིས།)མེ་གསོད་ཆུ་སྒོ་འབྱེད་ཟུམ་དང་ཁེབས་གཅོད་ཀྱི་ཁ་འབྱེད་སྟངས་སྟབས་བདེ་བ་དང་བཙའ་ཆགས་ནས་ཆུ་འཛག་པ་སོགས་ཀྱི་སྣང་ཚུལ་མེད་པ།

(གསུམ།)མེ་གསོད་ཆུ་སྒོའི་ལྷུ་ལག་བོར་བརླག་སོང་བ་དང་གཏོར་སྐྱོན་ཕོག་རིགས་ཆུ་ཚོད་24ནང་ཉམས་གསོ་བྱེད་ཐུབ་པ།

(བཞི།)ལོ་ཕྱེད་རེའི་ནང་དུས་བཅད་ལྟར་ཆུ་ཐེངས་རེར་ཚོད་ལྟ་བྱེད་པ་དགོས་པ་མ་ཟད། ཆུ་སྒོའི་ནང་གི་བཙོག་ཆུ་གཙང་སེལ་བྱེད་པ།

(ལྔ།)མེ་གསོད་ཆུ་སྒོ་ལ་ཞིབ་བཤེར་དང་། སྐྱོན་ཤོར་བ། ཉམས་གསོ། བདག་སྐྱོང་སོགས་བྱེད་པའི་གནས་ཚུལ་ཇི་མ་ཇི་བཞིན་དུ་ཟིན་ཐོར་འགོད་པ།

(དྲུག)བཅའ་ཁྲིམས་ཁྲིམས་སྲོལ་ལམ་ཡང་ན་ལས་རིགས་ཀྱི་ཚད་གཞི་ལས་གཏན་ཁེལ་བྱས་པའི་སྲུང་སྐྱོང་གི་བླང་བྱ་གཞན་དག་བཅས་ཡིན།

དོན་ཚན་བཅུ་དགུ། གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་ནམ་ཡང་ན་གྲོང་ཁྱེར་རྙིང་པ་སྒྱུར་བཀོད་སོགས་ཀྱི་རྐྱེན་ཀྱིས་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་བཤིག་དགོས་པ་དང་གནས་སྤོ་བྱེད་དགོས་ཚེ། འཛུགས་སྐྲུན་ལས་ཁུངས་ཀྱིས་གྲོང་ཁྱེར་འཆར་འགོད་ཀྱི་སྲིད་འཛིན་གཙོ་འགན་ཁུར་མཁན་གྱི་སྡེ་ཁག་དང་ཆུ་འདོན་སྲིད་འཛིན་གཙོ་འགན་ཁུར་མཁན་གྱི་སྡེ་ཁག་ལ་མཆན་བཀོད་བྱེད་དུ་འཇུག་པ་དང་འབྲེལ་དེ་མཚུངས་ཀྱི་གསབ་བཅོས་བྱ་ཐབས་སྤྱོད་དགོས་པ་མ་ཟད། བཤིག་པ་དང་སྤོར་སྐྲུན་བྱས་བའི་གནས་ཚུལ་དེ་མེ་ཟོན་རོགས་སྐྱོབ་ལས་ཁུངས་ལ་སྙན་སེང་ཞུ་དགོས།

དོན་ཚན་ཉི་ཤུ། མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་སྤྱིར་བཏང་དུ་མེ་གསོད་དང་འཚུབ་བསྟུན་མྱུར་སྐྱོབ་ལ་འབྲེལ་བ་མེད་པའི་དོན་དག་ཐད་ལ་སྤྱོད་མི་ཆོག

དོན་ཚན་ཉེར་གཅིག རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བྱ་ཐབས་འདིའི་གཏན་འབེབས་དང་རྒྱབ་འགལ་བྱས་ཏེ། གཤམ་གསལ་གནས་ཚུལ་གྱི་གྲས་ཤིག་ཡོད་ཚེ། གོང་རིམ་མི་དམངས་སྲིད་གཞུང་དང་གོང་རིམ་གཙོ་འགན་ཁུར་མཁན་གྱི་སྡེ་ཁག་གམ་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་དུས་བཅད་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་སྐོང་འདྲི་བྱེད་དགོས་ཏེ།

(གཅིག)མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་གསར་འཛུགས་བྱེད་པ་དེ་འབྲེལ་ཡོད་གཏན་འབེབས་ཀྱི་ཚད་གཞིའམ་ཡང་ན་འཆར་འགོད་བླང་བྱར་སླེབས་མེད་པ་མ་ཟད།   དག་ཐེར་འཆར་གཞི་བཟོས་མེད་པའམ་ཡང་ན་དོན་འཁྱོལ་བྱས་མེད་པ།

(གཉིས།)ལོ་འཁོར་གྱི་གྲོང་ཁྱེར་ཀྱི་མེ་གསོད་ཆུ་སྒོ་གསབ་སྐྲུན་དང་སྲུང་སྐྱོང་ལས་འགན་ལེགས་འགྲུབ་བྱུང་མེད་པ།

(གསུམ།)མཁར་སྲིད་འཛུགས་སྐྲུན་གྱི་གཞུང་ལམ་གསར་སྐྲུན་དང་། བཅོས་སྐྲུན། རྒྱས་སྐྲུན་བཅས་བྱེད་སྐབས་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་གཏན་འབེབས་ལྟར་འཛུགས་སྐྲུན་བྱེད་མེད་པ།

(བཞི།)མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་སྲུང་སྐྱོང་དང་དོ་དམ་བྱེད་པའི་འགན་འཁྲི་མི་སྒྲུབ་པ།

(ལྔ།)སྲིད་གཞུང་གིས་མཐུན་སྦྱོར་ཐག་གཅོད་བྱས་པའི་མཁར་སྲིད་ཀྱི་མེ་གསོད་ཆུ་སྒོ་འཛུགས་སྐྲུན་དང་དོ་དམ་བྱ་བ་དག་མི་སྒྲུབ་པའམ་ཡང་ན་སྒྲུབ་རྒྱུ་ནར་འགྱངས་བྱེད་པ།

(དྲུག)བྱ་ཐབས་འདིའི་གཏན་འབེབས་དང་འགལ་བའི་གནས་ཚུལ་གཞན་དག

དོན་ཚན་ཉེར་གཉིས། འབྲེལ་ཡོད་སྡེ་ཁག་དང་དེའི་ལས་དོན་མི་སྣས་མེ་གསོད་ཆུ་སྒོ་དོ་དམ་བྱེད་པའི་བྱ་བའི་ཁྲོད་ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་པ་ཡིན་ན། བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས་པ་དང་། བྱས་ཉེས་སུ་གྲུབ་པ་ཡིན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་དགོས།

དོན་ཚན་ཉེར་གསུམ། བྱེད་ཐབས་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།





མཉམ་སྤྱོད།