བོད་ཡིག    |    རྒྱ་ཡིག

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་མཚོ་བྱང་ཁུལ་གྱི2024ལོའི་ཞིང་ཕྱུགས་ལས་ཀྱི་གཙོ་གནད་ལས་ཀའི་འགན་ཁུར་ལས་བགོས་ཇུས་གཞིའི་ཐད་ཀྱི་བརྡ་སྦྱོར།

2024-12-26 16:27:20   |   1099

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན།  བཤེར་འབེབས། རིན་ཆེན་ཚེ་རིང་། 


 བྱང་སྲིད་གཞུང་ལས་ཁང〔2024〕ཨང29པ། 

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོར།

མཚོ་བྱང་ཁུལ་གྱི2024ལོའི་ཞིང་ཕྱུགས་ལས་ཀྱི་གཙོ་གནད་ལས་ཀའི་འགན་ཁུར་ལས་བགོས་ཇུས་གཞི་དེ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས48པའི་ཐོག་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱས་པ་ཡིན་པས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།

                                                                                                                                   མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2024 ལོའི་ཟླ 4 པའི་ཚེས 30 ཉིན།

 མཚོ་བྱང་ཁུལ་གྱི2024ལོའི་ཞིང་ཕྱུགས་ལས་ཀྱི་གཙོ་གནད་ལས་ཀའི་ལས་བགོས་ཇུས་གཞི།

2024ལོ་ནི་ལོ་ལྔ་ཚན་བཅུ་བཞིའི་འཆར་འགོད་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་པས། བློ་བརྟན་འགྱུར་མེད་ཀྱིས་ཞིང་གསུམ་བྱ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དང་། ཐོན་ལས་ཀྱི་ས་ཆ་བཞིའི་འཛུགས་སྐྲུན་ནང་ཞུགས་པ། ཁུལ་ཡོངས་ཀྱི“243” འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་བྱེད་པ། སྟོབས་ཤུགས་ཡོད་ཚད་ཀྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱི་འདྲེན་གྱི་སྣེ་ཁྲིད་ས་ཁུལ་འཛུགས་སྐྲུན་བྱས་ཏེ། ཕན་འབྲས་ལྡན་པའི་ངང་ཞིང་ཕྱུགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་བྱང་ཁུལ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་སྒོས་ལས་བགོས་ཇུས་གཞི་འདི་གཏན་འབེབས་བྱས་པ་ཡིན། 

དང་པོ། མཛུབ་སྟོན་བསམ་བློ། 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་རོང་འབྲོག་ཁུལ་བྱ་བའི་ཚོགས་འདུའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཞིང་གསུམ་ལས་དོན་གྱི་སྤྱིའི་འཛིན་བྱེད་དང་། ལས་གྲྭ་ཁྲི་སྟོང་མང་པོའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་དེ་སྣེ་ཁྲིད་དུ་བྱས་ཏེ། ལས་བྱེད་པས་ལས་ཀ་སྒྲུབ་པ་དང་།  བསམ་ཕྱོགས་དྭངས་གསལ་ཡིན་པ། རང་གཅུན་ནན་པོ་བྱེད་དགོས་པའི་བླང་བྱ་ལག་ལེན་བྱེད་པ། 243 འཕེལ་རྒྱས་ཀྱི་བཀོད་སྒྲིག་མགྱོགས་མྱུར་བསྐྲུན་པ། མདུན་གྲལ་དུ་བསྐྱོད་པ་གསུམ་ལ་སྐུལ་འདེད་བཏང་ནས་འབྲུ་རིགས་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་དང་། གཞི་ཁྱོན་རང་བཞིན་གྱི་དབུལ་པོར་མི་འགྱུར་བའི་མཐའ་ཐིག་འགན་སྲུང་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་གཙོ་གནད་དུ་བཟུང་སྟེ། ཚན་རྩལ་དང་བསྒྱུར་བཅོས་ཀྱི་འཁོར་ལོ་གཉིས་ཀྱིས་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱེད་པའི་ཐབས་ཤེས་ལ་ཤུགས་སྣོན་བྱེད་པ། མུ་མཐུད་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་སྣེ་ཁྲིད་ས་ཁུལ་གསར་འཛུགས་བྱས་ཏེ། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་གྲུབ་འབྲས་གསར་པ་ལེན་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་དེ་གོམ་པ་གསར་པ་སྤོ་བར་སྐུལ་འདེད་གཏོང་དགོས། 

གཉིས་པ། དམིགས་འབེན་དང་ལས་འགན། 

2024ལོའི་མཚོ་བྱང་ཁུལ་གྱི་དམིགས་འབེན་ལས་འགན་ཁག་ལ་དམ་པོར་དམིགས་ནས་མུ་མཐུད་དུ་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། མཚོ་བྱང་གི་དོན་དངོས་དང་མཐུན་པའི་ཞིང་ཕྱུགས་ལས་ཀྱི་ཁྱད་ཆོས་ལྡན་པའི་ལམ་ཁར་བསྐྱོད་དེ་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་དང་། དགེ་མཚན་ལྡན་པའི་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས། ཕྱིར་གཏོང་སྣེ་ཁྲིད་ས་ཁུལ་གྱི་འཛུགས་སྐྲུན། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས། གཞིས་སྡོད་དང་ལས་ཞུགས་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་དོན་ལེགས་པོར་བསྒྲུབས་ནས་གྲངས་འབོར་བརྟན་འཇགས་དང་རིགས་སྣ་བཟང་བ། སྤུས་ཚད་ལེགས་པ། ཐོན་ལས་སྦྲེལ་ཐག་བསྲིང་པ། ཕྱིར་གཏོང་རྒྱ་སྐྱེད། ཕན་འབྲས་ཇེ་ཆེར་གཏོང་བ་བཅས་ཐབས་ལམ་དུ་བཟུང་ནས་མུ་མཐུད་དུ་ཞིང་ཕྱུགས་ལས་ཀྱི་ལྗང་མདོག་ཅན་དང་སྤུས་ལེགས་ཅན། ཚད་ལྡན་ཅན། སྤུས་རྟགས་ཅན་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་བྱས་ཏེ། 2024ལོའི་ཟླ12པའི་ཟླ་མཇུག་གོང་དུ་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ལས་ཀྱི་གཙོ་གནད་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས། 

གསུམ། འགན་ཁུར་ལས་བགོས། 

གཅིག འབྲུ་རིགས་འདེབས་འཛུགས་ཀྱི་ཞིང་ས་བརྟན་འཇགས་དང་ཐོན་ཚད་འཕར་སྣོན། མཁོ་འདོན་འགན་ལེན་བྱེད་པ། 

1.འབྲུ་རིགས་འདེབས་འཛུགས་ཀྱི་ཞིང་སའི་རྒྱ་ཁྱོན་མུའུ་ཁྲི31.15ཡོངས་འགྲུབ་བྱེད་པ་དང་། ཐོན་ཚད་ཏུན་ཁྲི6.65ལ་སླེབས་པར་བྱེད་པ། སྣུམ་རྒྱུའི་ལོ་ཏོག་གི་འདེབས་ཁྱོན་མུའུ་ཁྲི42.5དང་། ཐོན་ཚད་ཏུན་ཁྲི42.21ལ་སླེབས་པར་བྱེད་པ། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི0.89དང་ཐོན་ཚད་ཏུན་ཁྲི0.9ལ་སླེབས་པར་བྱེད་པ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། 

ཟླ10པའི་ཟླ་མཇུག

2.འབྲུ་སྣུམ་སྐྱེས་དངོས་ཀྱི་སྡེ་ཚན་རེའི་ཐོན་ཚད་ཇེ་མཐོར་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། འབྲུ་རིགས་གཙོ་བོའི་སྐྱེ་དངོས་ཀྱི་ཆ་སྙོམས་ཐོན་ཚད4%ཡན་དང་། སྣུམ་ཐོན་སྐྱེས་དངོས་གཙོ་བོའི་ཆ་སྙོམས་ཀྱི་ཐོན་ཚད3%ཡན་སླེབས་པར་བརྩོན་ལེན་བྱེད་དགོས།

ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། མཚོ་སྔོན་པོ་ཞིང་ར། 

ཟླ10པའི་ཟླ་མཇུག

3.ཕག་པའི་ཐོན་སྐྱེད་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་ནས་གཞི་ཁྱོན་ཆུང་བའི་གསོ་ཚགས་འཕེལ་རྒྱས་གཏོང་བ་དང་། མོ་ཕག་གྲངས་འབོར་བརྟན་པོ་བྱེད་པ། ཕག་པའི་ཐོན་སྐྱེད་ཀྱི་དམིགས་ཚད་ལས་འགན་དོན་འཁྱོལ་ཡག་པོ་བྱེད་དགོས།

ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། མདོ་ལ་རྫོང་མི་དམངས་སྲིད་གཞུང་། འཇུ་ལག་རྫོང་མི་དམངས་སྲིད་གཞུང་། ཁུལ་ནོར་སྲིད་ཅུ། 

 ཟླ11པའི་ཟླ་མཇུག

4.ད་ཡོད་སྒྲིག་བཀོད་དྲོད་ཁང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ས་མཐོའི་འཁྱག་བསིལ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་གྲོང་གསེབ་དར་སྤེལ་ཅུ།

 ཟླ10པའི་ཟླ་མཇུག

5.མདོ་ལ་རྫོང་གི་སྒྲིག་སྦྱོར་རྣམ་པའི་ལྷས་རའི་སྒྲིག་ཆས་ཉོ་སྒྲུབ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཕྱུགས་ལས་ཀྱི་འཕྲུལ་ཆས་ཅན་དང་ཚད་ལྡན་ཅན། རིག་ནུས་ཅན་བཅས་སུ་བསྒྱུར་བའི་ཆུ་ཚད་ཇེ་མགྱོགས་སུ་གཏོང་དགོས།

ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། མདོ་ལ་རྫོང་མི་དམངས་སྲིད་གཞུང་། 

ཟླ10པའི་ཟླ་མཇུག

6.ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི0.5ཡི་ལེགས་སྒྱུར་ལས་འགན་ལོ་རེར་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། ཡུན་གཏན་གྱི་གཞི་རྩའི་ཞིང་ས་དེ་ཚད་གཞི་མཐོ་བའི་ཞིང་ཁར་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ་ལྟར། ཐོན་ཁུངས་ཀྱི་གཞི་གྲངས་ལ་རྒྱུས་ལོན་དང་། རྣམ་གྲངས་ཁག་ཅིག་གསོག་འཇོག་བྱས་ཏེ། གཞི་གྲངས་གསལ་བ་དང་གནས་བབ་གནད་ལ་ཁེལ་བ། གནས་ཚུལ་གསལ་པོ་ཡིན་པར་བྱེད་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། མཚོ་སྔོན་པོ་ཞིང་ར།

 ཟླ10པའི་ཟླ་མཇུག་ཏུ། 

7.རྨོ་ཞིང་དུ་འབྲུ་རིགས་མི་འདེབས་པའི་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས་ད་ལོའི་བཅོས་སྒྲིག་རྒྱ་ཁྱོན90%ལ་སླེབས་པར་བརྩོན་ལེན་བྱེད་དགོས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། མཚོ་སྔོན་པོ་ཞིང་ར། 

 ཟླ5པའི་ཟླ་མཇུག

གཉིས། གྲོང་གསེབ་ཀྱི་ཐོན་ལས་རྒྱ་སྐྱེད། 

8.ཐོན་ལས་དང་པོའི་འཕར་ཐང4.5%འཕར་སྣོན་བྱེད་པ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་འཕེལ་སྒྱུར་ཨུ། 

ཟླ12པའི་ཟླ་མཇུག

9.བོད་ལུག་དང་འབྲི་གཡགསྔོ་ཚལ། ལོག་དཀར་ཐོན་ལས་ཚོགས་པའི་རྣམ་གྲངས་ལག་བསྟར་བྱས་ཏེ། བྱེ་སྣ་སྔོ་ལྡིང་གྲོང་རྡལ་དེ་ཞིང་ལས་ཐོན་ལས་སྟོབས་ལྡན་ཅན་གྱི་གྲོང་རྡལ་དུ་ཞུ་འབུལ་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱེད་དགོས། ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་རིང་དུ་བསྲིང་པ་དང་། མུ་མཐུད་དུ་ཕྱིར་གཏོང་གི་རྨང་གཞི་བརྟན་དུ་གཏོང་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་འཕེལ་སྒྱུར་ཨུ། ཁུལ་ནོར་སྲིད་ཅུ། ཁུལ་བཟོ་འཕྲིན་ཅུ། 

ཟླ11པའི་ཟླ་མཇུག

10.ཞིང་ལས་གཉེར་སྐྱོང་གི་གཙོ་གཞིའི་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ནུས་པ་ཆེ་རུ་གཏོང་བ། ཞིང་ཕྱུགས་ཐོན་རྫས་ལས་སྣོན། སྤྲོ་གསེང་ཞིང་ལས། གྲོང་གསེབ་གནས་སྐོར། གྲོང་གསེབ་ཀྱི་ལས་ལམ་གསར་འབྱེད་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཁེ་ལས+རྟེན་གཞི+མཉམ་ལས་ཁང+ཞིང་དུད་བཅས་མཉམ་འབྲེལ་འཕེལ་རྒྱས་གཏོང་དགོས། མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ངོས་འཛིན་དང་ལྟ་ཞིབ་ཚད་ལེན་དོ་དམ་བྱེད་ཐབས་ལ་གཞིགས་ནས་ཁུལ་རིམ་པའི་སྣེ་འདྲེན་ཁེ་ལས་ངོས་འཛིན་དང་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྤེལ་ནས་འགུལ་རྣམ་དོ་དམ་མངོན་འགྱུར་བྱེད་དགོས། ཁུལ་རིམ་པའི་སྣེ་འདྲེན་ཁེ་ལས5དང་དཔེ་སྟོན་ཁང10 དང་། དཔེ་སྟོན་རང་བཞིན་ལྡན་པའི་ཁྱིམ་ཚང་གི་ཞིང་ཕྱུགས་ར20ཡན་གསོ་སྐྱོང་བྱེད་དགོས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་བཟོ་འཕྲིན་ཅུ། ཁུལ་འཕེལ་སྒྱུར་ཨུ། ཁུལ་རིག་གནས་གནས་སྐོར་ཅུ། ཁུལ་ཁྲོམ་ར་ལྟ་སྐུལ་ཅུ། ཁུལ་མཁོ་འཚོང་ཁང་།  

ཟླ11པའི་ཟླ་མཇུག

11.མུ་མཐུད་དུ་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི “གཅིག་ཅན་དགུའི”ཆ་སྒྲིག་ལས་གཞིའི་གྲུབ་འབྲས་སྲ་བརྟན་དང་ཇེ་མཐོར་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མཐོར་གཏོང་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འདྲེན་ས་གནས་འཛུགས་སྐྲུན་བྱེད་པ་བཅས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་བཟོ་འཕྲིན་ཅུ། ཁུལ་འཕེལ་སྒྱུར་ཨུ། ཁུལ་ནོར་སྲིད་ཅུ།  

ཟླ11པའི་ཟླ་མཇུག

12.འབྲུ་རིགས་གཟན་ཆས་སུ་བསྒྱུར་བའི་རྣམ་གྲངས་ལག་བསྟར་བྱེད་པ་དང་། རོང་འབྲོག་པར་དགོས་མཁོ་ལྟར་སྤུས་ལེགས་གཟན་ཆས་འདེབས་འཛུགས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་གཟན་རྩྭ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི4ཡན་དང་། སྤུས་ལེགས་གཟན་རྩྭའི་ཐོན་འབོར་ཏུན་ཁྲི8ཡན་སླེབས་པར་བརྩོན་ལེན་བྱེད་དགོས།

ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། མཚོ་སྔོན་པོ་ཞིང་ར། ཁུལ་ནགས་ལས་དང་རྩྭ་ཐང་ཅུ།  

ཟླ11པའི་ཟླ་མཇུག

13.ལུ་གུ་བཙའ་བ་དང་གནོད་འགོག་ཕྱུགས་སྲུང་། ཕྱུགས་ཟོག་བཤས་རར་གཏོང་བའི་རྒྱུན་རྣམ་ཅན་གྱི་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་ནོར་ལུག་ཁྲི་སྟོང་མང་པོའི་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་སོགས་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ནོར་ལུག་བཤས་རར་གཏོང་ཚད་ཁྲི150.78ཡན་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་པ་མ་ཟད། རྫོང་དང་ཡུལ་ཚོ། གྲོང་གསེབ་བཅས་སུ་འགན་ཁུར་དབྱེ་འབྱེད་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་ཟོག་ཉུང་དུ་གཏོང་བའི་འཆར་གཞི་བཟོས་ནས་རྩྭ་ཕྱུགས་དོ་སྙོམས་ཡོང་བའི་འགན་ལེན་བྱེད་དགོས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་ནོར་སྲིད་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ། 

 ཟླ12པའི་ཟླ་མཇུག

14.ཧོ་ཡན་ཧྲིན་དང་ཤ་མོ། ཡཱང་ཏོ་ཅུན་སོགས་ཁྱད་ལྡན་འདེབས་འཛུགས་འཕེལ་རྒྱས་འོས་འཚམ་གཏོང་བ་དང་། སྐམས་ཤའི་ཅང་དང་ཤ་མོའི་ཅང་སོགས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ལས་སྣོན་ཞིབ་ཚགས་བྱས་ཏེ། ཁྱད་ལྡན་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་དགོས། རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་བཟོ་འཕྲིན་ཅུ།  

ཟླ11པའི་ཟླ་མཇུག

15.མདོ་ལ་ཞིང་ཕྱུགས་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིར་བརྟེན་ནས་མཚོ་སྔོན་པོའི་འབྲི་གཡག་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་མགྱོགས་སུ་གཏོང་བ་དང་། ཕྱུགས་ལས་དང་གནས་སྐོར་མཉམ་བསྲེས་ཀྱི་ཐོན་ལས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། འབྲེལ་ཡོད་རྣམ་གྲངས་ཀྱི་ལས་གཞི་ལེགས་འགྲུབ་དང་རྩིས་ལེན་བྱེད་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  མདའ་བཞི་རྫོང་མི་དམངས་སྲིད་གཞུང་། ཁུལ་ནོར་སྲིད་ཅུ། ཁུལ་རིག་གནས་གནས་སྐོར་ཅུ། ཁུལ་དཔེ་སྟོན་ར་བའི་དོ་དམ་ཨུ་ཡོན་ལྷན་ཁང་། 

ཟླ6པའི་ཟླ་མཇུག

16.མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་ལས་ར་བའི་འཆར་འགོད་སྒྲིག་བཟོ་བྱ་བ་མྱུར་དུ་ཡོངས་འགྲུབ་བྱེད་པ་དང་། འཇུ་ལག་རྫོང་དང་མདོ་ལ་རྫོང་གིས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ལས་གཞིའི་མ་དངུལ་བེད་སྤྱོད་གང་ལེགས་བྱས་ནས་ཞིང་ལས་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་འཕེལ་སྒྱུར་ཨུ། ཁུལ་ནོར་སྲིད་ཅུ། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་བཟོ་ལས་ཆ་འཕྲིན་ཅུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་ཆུ་བེད་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ། ཁུལ་འཛུགས་སྐྲུན་ཅུ། 

 ཟླ4པའི་ཟླ་མཇུག

གསུམ། ལྗང་མདོག་སྐྱེ་ལྡན་གྱི་སྣེ་ཁྲིད། 

17.ཞིང་ལས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་ཀྱི“ཐོན་རྫས་གསུམ་དང་རྫས་རྟགས་གཅིག”མུ་མཐུད་དུ་ཁྱབ་གདལ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་དང་ལེགས་ཆའི་རིགས་སྣར་དམིགས་ནས་འབྲི་གཡག་དང་བོད་ལུག་གི་ཤ ནས། ལོག་དཀར་ཆུང་བའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཚད་གཞི་གཏན་འབེབས་བྱས་ཏེ། གསར་དུ་ངོས་ལེན་བྱ་བའི་ལྗང་མདོག་སྐྱེ་ལྡན་དང་ས་ཁམས་མཚོན་རྟགས་ཀྱི་ཞིང་ཕྱུགས་ཐོན་རྫས10བརྩོན་ལེན་བྱེད་དགོས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་བཟོ་འཕྲིན་ཅུ། ཁུལ་ཁྲོམ་རུ་ལྟ་སྐུལ་ཅུ། 

 ཟླ12པའི་ཟླ་མཇུག

18.པེ་ཅིན་དང་ཐེན་ཅིན། ཧོ་པེ། ཧྲན་ཏུང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་སོགས་ས་ཁུལ་གྱི་གྲོང་ཁྱེར་ཆེ་འབྲིང་གི་ནང་དུ་མཚོ་བྱང་གི་སྤུས་ལེགས་ཚོང་སྒྲོམ20ནས30 བར་འཛུགས་སྐྲུན་བྱེད་པ་དང་། ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་གྲོང་ཁྱེར་དུ“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོའི”སྤུས་ལེགས་ཐོན་རྫས་ཀྱི་འགྲེམ་སྒྲོམ3ནས5འཛུགས་སྐྲུན་བྱེད་དགོས།  ཁུལ་བཟོ་འཕྲིན་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་ཞིང་ཕྱུགས་ཅུ། ཁུལ་ཁྲོམ་ར་ལྟ་སྐུལ་ཅུ། 

ཟླ10པའི་ཟླ་མཇུག 

19.སྤུས་རྟགས་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྤུས་རྟགས་ཀྱི་བརྗོད་བྱ་གཙོ་བོའི་རོལ་དབྱངས་དང་དྲིལ་བསྒྲགས་བརྙན་ཟློས། དྲིལ་བསྒྲགས་རི་མོ། མཚམས་སྦྱོར་བརྡ་ཁྱབ་བཅས་ཀྱི་ལས་དོན་ལེགས་པོ་བསྒྲུབ་དགོས། མུ་མཐུད་དུ་དྲ་ཐོག་དང་དྲ་ཕྱི་ནས་སྤུས་ལེགས་ཐོན་རྫས་བརྒྱུད་འཚོང་གི་བྱེད་སྒོ་ཐེངས1ནས2སྤེལ་ནས“མདོ་རིང་མོ་འདབས་ཀྱི་ཕྱུགས་ར་བཟང་པོའི” ཡུལ་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་སྤུས་ལེགས་ཐོན་རྫས་མཚམས་སྦྱོར་བྱེད་སྒོ་རྩ་འཛུགས་བྱེད་པ་དང་། ཁེ་ལས་རྩ་འཛུགས་བྱས་ནས2024ལོའི་མཚོ་སྔོན་ཚོང་མོལ་གྲོས་ཚོགས་དང་ཧྲན་ཏུང་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་བཤམས་སྟོན་ཚོགས་འདུ་སོགས་རྒྱལ་ནང་གི་མིང་གྲགས་ལྡན་པའི་ཚོང་ཟོག་འགྲེམས་ཚོགས་སུ་ཞུགས་པ་དང་། མདོ་ལ་རིང་མོ་འདབས་ཀྱི་ཕྱུགས་ར་བཟང་པོའི་སྤུས་རྟགས་ཀྱི་སྐད་གྲགས་མུ་མཐུད་དུ་ཇེ་མཐོར་གཏོང་དགོས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་ནོར་སྲིད་ཅུ། ཁུལ་བཟོ་ལས་ཆ་འཕྲིན་ཅུ། ཁུལ་རིག་གནས་གནས་སྐོར་ཅུ། ཁུལ་ཁྲོམ་ར་ལྟ་སྐུལ་ཅུ།  ཟླ10པའི་ཟླ་མཇུག 20.མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོའི་སྤུས་ལེགས་ཐོན་རྫས་ཀྱི་དཔྱད་འདེམ་སྤེལ་བ་དང་། མུ་མཐུད་དུ་སྤུས་ལེགས་ཐོན་རྫས་ཀྱི་མཛོད་འཐུས་ཚང་དུ་གཏོང་དགོས། ཁུལ་ཡོངས་ཀྱི་རང་བྱུང་རྩྭ་ས་དང་ཞིང་ས། འབྲི་གཡག་དང་བོད་ལུགནས། ལོག་དཀར་བཅས་ལྗང་མདོག་སྐྱེ་ལྡན་གྱི་རྟོག་འཇལ་དང་ངོས་ལེན་ལས་དོན་ལེགས་པོ་སྒྲུབ་དགོས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་ཁྲོམ་ར་ལྟ་སྐུལ་ཅུ། ཁུལ་མཁོ་འཚོང་ཁང་། 

ཟླ10པའི་ཟླ་མཇུག

བཞི། ཞིང་པ་འབྱོར་ཞིང་ཕྱུག་པ། 

21.གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ7%འཕར་སྣོན་བྱེད་པ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་འཕེལ་སྒྱུར་ཨུ། ཁུལ་གྲོང་གསེབ་དར་སྤེལ་ཅུ།  

ཟླ12པའི་ཟླ་མཇུག

22.གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བ། ཞིང་ལས་སྐྱེས་དངོས་ཀྱི་སྡེ་ཚན་རེའི་ཐོན་ཚད་ཇེ་མཐོར་གཏོང་བའི་བྱེད་སྒོའི་རྨང་གཞིའི་སྟེང་། ཤུགས་ཆེན་པོས་སྐྱེ་ཁམས་གནས་སྐོར་དང་གྲོང་གསེབ་ཀྱི་གནས་སྐོར། སྤྲོ་གསེང་ཐོན་ལས་བཅས་འཕེལ་རྒྱས་སུ་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ལས་རྣམ་གྲངས་ཇུས་འགོད་དང་ལག་བསྟར་བྱེད་པའི་སྐབས་སུ། ཞིང་པར་འབྲེལ་འདྲིས་དང་ཞིང་པ་སྐུལ་ཁྲིད་བྱེད་པའི་སྒྲིག་ལུགས་འཛུགས་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དུ་བཟུང་ནས་རོང་འབྲོག་མང་ཚོགས་དེ་ཐོན་ལས་འཕེལ་རྒྱས་ལ་ཞུགས་པར་ཁྲིད་སྟོན་དང་། རྒྱུན་མཐུད་ངང་ཡོང་སྒོ་འཕར་པ་མངོན་འགྱུར་བྱེད་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་གྲོང་གསེབ་དར་སྤེལ་ཅུ། ཁུལ་རིག་གནས་གནས་སྐོར་ཅུ། 

ཟླ12པའི་ཟླ་མཇུག

23.གླ་ཕོགས་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་བ་དང་། རོང་འབྲོག་པའི་ལས་རིགས་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་ཤུགས་ཆེན་བྱེད་པ། ཐོན་སྐྱེད་ལག་རྩལ་དང་རྩལ་ནུས་མཐོ་རུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བ། ཞིང་པའི་བྱང་ཚད་མཐོ་རུ་གཏོང་བ་བཅས་ལ་དམིགས་ནས་ལོ་འདིའི་ནང་བྱང་ཚད་མཐོ་བའི་རོང་འབྲོག་པའི་གསོ་སྦྱོང་མི་ཐེངས500ཡན་ཡོངས་འགྲུབ་བྱེད་དགོས། སྡེ་བ་རིམ་པའི་རིམས་འགོག་མི་སྣ་དང་སྐྱེ་ཁམས་བདག་སྲུང་པ་སོགས་ཀྱི་བྱ་བར་ཤུགས་བསྣན་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་མི་སྤྱི་འགན་སྲུང་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ

ཟླ12པའི་ཟླ་མཇུག

24.རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་རྒྱ་ཆེར་གཏོང་བ། རོང་འབྲོག་པའི་ཞིང་ས་དང་རྩྭ་ར་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱ་རྒྱུར་ཁྲིད་སྟོན་བྱས་ནས་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་སུ་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་རྣམ་གྲངས་གསར་པ་མུ་མཐུད་དུ་ཇུས་འགོད་དང་ལག་བསྟར་བྱ་དགོས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་དེའི་ཁོངས་མིས་རང་གཉེར་དང་བོགས་མར་གཏོང་བ། མ་རྐང་དུ་འཇོག་པ། མཉམ་ལས་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་གསེབ་ཀྱི་ཁང་ས་བེད་སྤྱོད་གང་འགབ་དང་། སྤྲོ་གསེང་ཞིང་ལས་དང་བཟའ་བཏུང་ཞག་སྡོད། ཞིང་ཁྱིམ་གསོལ་ཁང་སོགས་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་འཕེལ་སྒྱུར་ཨུ། ཁུལ་རིག་གནས་གནས་སྐོར་ཅུ། 

ཟླ12པའི་ཟླ་མཇུག

25.སྤོ་བསྒྱུར་རང་བཞིན་གྱི་ཡོང་འབབ་རྒྱ་སྐྱེད་གཏོང་དགོས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་བྱ་དགའི་ཁ་གསབ་མ་དངུལ་དང་། འབྲུ་རིགས་འདེབས་མཁན་ཞིང་པའི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་རོགས་དངུལ། རྨོ་ཞིང་གི་ས་ནུས་སྲུང་སྐྱོང་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁ་གསབ་མ་དངུལ་དུས་ཐོག་ཏུ་འདང་ངེས་གཏོང་སྤྲོད་བྱ་དགོས། འདེབས་གསོའི་ལས་རིགས་ཀྱིས་འགན་བཅོལ་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ཐོན་རྫས་མང་དུ་གཏོང་བ། སྤུས་ཚད་ཇེ་མཐོར་གཏོང་བ་བཅས་ལ་དམིགས་ནས་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་མ་མཐའི་མཚམས་ཐིག་འགན་ལེན་དང་རོང་འབྲོག་པའི་རྒྱུ་ནོར་ལ་གྱོང་གུན་ཐེབས་པའི་ཉེན་ཁ་བསལ་དགོས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་ནོར་སྲིད་ཅུ།  

ཟླ12པའི་ཟླ་མཇུག

ལྔ་བ། བསྒྱུར་བཅོས་དང་གསར་གཏོད་ཁྱབ་གདལ་གཏོང་བ། 

26.ས་མཐོའི་ཁྱད་ཆོས་ལྡན་པའི་ལས་རིགས་དར་སྤེལ་གཏོང་བའི་བྱ་སྤྱོད་ལག་བསྟར་དང་། འཇུ་ལག་གི་སོན་བཟང་རྫོང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ1700འཛུགས་སྐྲུན་བྱེད་པ་དང་། ནས་ཀྱི་གསོ་སྤེལ་རྟེན་གཞི་མུའུ24700འཛུགས་པ། ལོ་རེར་སྤུས་ལེགས་ནས་ཏུན6114.1ཡན་ཐོན་སྐྱེད་བྱེད་པ། ལོག་དཀར་གྱི་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ13300འཛུགས་སྐྲུན་དང་། ལོ་རེར་སྤུས་ལེགས་ལོག་དཀར་ཏུན1379.9ཐོན་སྐྱེད་བྱེད་པ། སོན་བཟང་གཙོ་བོའི་མཁོ་འདོན་ནུས་པ་ཇེ་དྲག་ཏུ་གཏོང་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། མཚོ་སྔོན་པོའི་ཞིང་ར། ཁུལ་འཕེལ་སྒྱུར། 

 ཟླ10པའི་ཟླ་མཇུག

27.ཞིང་ལས་ལག་རྩལ་གྱི་འགག་གནད་སྒྲོལ་བར་སྐུལ་འདེད་གཏོང་བ་དང་། བོད་ལུག་དང་འབྲི་གཡགནས། ལོག་དཀར། གཟན་རྩྭ་སོགས་ཀྱི་རྒྱུད་སྤེལ་མཉམ་འབྲེལ་འགག་སྒྲོལ་སྒྲིག་འཛུགས་བྱས་ནས་ཚན་རྩལ་གསར་གཏོད་རྣམ་གྲངས་ཁག་ཅིག་ལག་བསྟར་བརྩོན་ལེན་བྱ་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་འཕེལ་སྒྱུར་ཨུ། ཁུལ་ནོར་སྲིད་ཅུ། ཁུལ་བཟོ་འཕྲིན་ཅུ། ཁུལ་ཚན་རྩལ་དཔེ་སྟོན་གླིང་དོ་དམ་ཨུ་ཡོན་ལྷན་ཁང་། 

ཟླ11པའི་ཟླ་མཇུག

28.བོད་ལུག་དཀར་པོའི་རིགས་རྒྱུད་འདེམས་གསོའི་བཟོ་སྐྲུན་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ། ལུ་གུ་མང་བའི་བོད་ལུག་འདེམས་གསོ་དང་བོད་ལུག་གི་ལོ་གཉིས་ལ་ལུ་གུ་གསུམ་གྱི་ལག་རྩལ་ཞིབ་འཇུག་ཁྱབ་གདལ་གཏོང་རྒྱུ། རྫོང་བཞིས་འབྲི་གཡག་གི་གཟུགས་གཞི་བསྐྱར་དར་ཀྱི་བྱ་སྤྱོད་སྤེལ་ནས་འབྲི་མོ4000ལ་རྒྱུད་བཟང་སྡེབ་པ་དང་། འབྲི་གཡག་གི་སྤུས་ཀ་དང་ཐོན་སྐྱེད་གཤིས་ནུས་ཇེ་མཐོར་གཏོང་དགོས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། མཚོ་སྔོན་པོ་ཞིང་ར། ཁུལ་ཚན་རྩལ་དཔེ་སྟོན་གླིང་དོ་དམ་ཨུ་ཡོན་ལྷན་ཁང་། 

 ཟླ11པའི་ཟླ་མཇུག

29.ལྷོ་ཕྱོགས་ནས་རྒྱུད་སྤེལ་བའི་བྱ་བའི་ཤུགས་ཚད་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། འབྲུ་སྣུམ་གྱི་ཚན་རྩལ་འདེབས་གསོ་དང་སོན་བཟང་གསོ་སྤེལ་ལ་འགན་ལེན་ཧུར་ཐག་བྱེད་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། 

 ཟླ11པའི་ཟླ་མཇུག

30.རེས་སྐོར་གསར་པའི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་དོན་འཁྱོལ་དང་། འབྲུ་རིགས་དང་སྣུམ་གྱི་ལོ་ཏོག་གཙོ་བོའི་སྡེ་ཚན་རེའི་ཐོན་ཚད་གཞི་ཁྱོན་ཆེ་བའི་ངང་མཐོ་རུ་གཏོང་བ་དང་། དེང་རབས་ཀྱི་སྒྲིག་བཀོད་ཞིང་ལས་དང་བློ་རིག་ཞིང་ལས་འཕེལ་རྒྱས་ལ་དམིགས་ནས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་སྟེགས་བུ་ཁག་ཅིག་བཀོད་སྒྲིག་བྱེད་དགོས། ནང་དང་ལོག་དཀར། གཟན་རྩྭའི་ཐོན་ལས་བཅས་ལ་འཕྲུལ་ཆས་ཅན་དེ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པའི་ལྟེ་གནས1-2གསར་འཛུགས་བྱེད་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་འཕེལ་སྒྱུར་ཨུ། ཁུལ་ནོར་སྲིད་ཅུ། ཁུལ་བཟོ་འཕྲིན་ཅུ།

 ཟླ11པའི་ཟླ་མཇུག

31.ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་རིག་མཛོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་གཏོང་བར་སྲིད་འཛིན་ཐབས་ཇུས་དང་། ཞིབ་འཇུག་བྱ་གཞིའི་ཞིབ་འཇུག གྲུབ་འབྲས་གཞན་སྒྱུར། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཕྱོགས་ཡོངས་ཀྱི་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ཁུ་ནུ་ཤེས་ལྡན•གྲོང་གསེབ་དར་རྒྱས་གཏོང་བའི་ཤེས་ལྡན་མི་སྣའི་འཆར་གཞི་དོན་འཁྱོལ་བྱས་ཏེ། ཚན་རྩལ་འགག་སྒྲོལ་ཚོགས་པ1དང་། ཚན་རྩལ་འགག་སྒྲོལ་ཤེས་ལྡན་མི་སྣ3དང་། ཡུལ་ཐོན་ཆེད་མཁས་པ20ཡན་གསོ་སྐྱོང་བྱེད་དགོས། རིག་གནས་ཡོད་པ་དང་ལག་རྩལ་ཤེས་པ། གཉེར་སྐྱོང་ལ་མཁས་པ། དོ་དམ་ཤེས་པ་བཅས་ཀྱི་བྱང་ཚད་མཐོ་བའི་རོང་འབྲོག་པ་སྐོར་ཞིག་ཤུགས་ཆེན་པོས་གསོ་སྐྱོང་བྱེད་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་མི་སྤྱི་འགན་སྲུང་ཅུ། ཁུལ་ཚན་རྩལ་དཔེ་སྟོན་གླིང་དོ་དམ་ཨུ་ཡོན་ལྷན་ཁང་། 

ཟླ12པའི་ཟླ་མཇུག

32.མདོ་ལ་རྫོང་གི་ཁང་སའི་སྒྱུར་བཅོས་ཚོད་ལྟ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཁང་སའི་ཞིབ་མཆན་འགོད་པའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་དབྱིབས་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོང་ཚོ་སྟོབས་ལྡན་གྱི་ལས་གཞི་ལ་སྐུལ་འདེད་དང་། གྲོང་གསེབ་ཀྱི་ཐུན་མོང་གི་རྒྱུ་ནོར་བདག་དབང་ལམ་ལུགས་སྲ་བརྟན་དུ་གཏོང་བ་དང་། གྲོང་ཚོ་རིམ་པའི་ཐུན་མོང་གི་མ་དངུལ་དང་ཐུན་མོང་གི་རྒྱུ་ནོར། ཐུན་མོང་གི་ཐོན་ཁུངས་ཀྱི་ལྟ་རྟོག་ཚད་ལྡན་བཟོ་དགོས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་རང་བྱུང་ཐོན་ཁུངས་ཅུ། 

ཟླ12པའི་ཟླ་མཇུག

33.ཁུལ་ཚན་རྩལ་དཔེ་སྟོན་གླིང་རྨང་གཞི་བྱས་ཏེ། མཚོ་བྱང་ཁུལ་ཞིང་ཕྱུགས་ཚན་རྩལ་གསོ་སྦྱོང་ལྟེ་གནས་འཛུགས་པ་དང་། རྫོང་ཁག་དང་ཁུལ་གྱི་དཔེ་སྟོན་གླིང་། ཁུལ་ཞིང་ཕྱུགས་ཕྱོགས་བསྡུས་ཞབས་ཕྱི་ལྟེ་གནས་བཅས་ཀྱིས་ལོ་རེར་ཉུང་མཐར་ཡང་ཞིང་ཕྱུགས་ཚན་རྩལ་གསོ་སྦྱོང་ལྟེ་གནས་སུ་གསོ་སྦྱོང་འཛིན་གྲྭ་ཐེངས་རེ་གཉེར་རྒྱུའི་འགན་ལེན་བྱེད་དགོས།  ཁུལ་ཚན་རྩལ་དཔེ་སྟོན་གླིང་དོ་དམ་ཨུ་ཡོན་ལྷན་ཁང་། རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། 

ཟླ11པའི་ཟླ་མཇུག

དྲུག བཟོ་སྐྲུན་ཁྲི་སྟོང་གསར་སྐྲུན་བྱེད་པ། 

34.ཞིང་ཆེན་ཡོངས་ཀྱི321དཔེ་སྟོན་སྣེ་ཁྲིད་བཟོ་སྐྲུན་ལ་དམིགས་ནས་ཁུལ་ཁོངས་ཀྱི་གྲོང་ཚོར་ཕྱོགས་ཡོངས་ནས་མཐིལ་རྟོགས་དང་། གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོ4བསྐྲུན་པ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཚོ9འཛུགས་སྐྲུན་དང་། གྲོང་གསེབ་ཐོན་ལས་ཀྱི་དཔེ་སྟོན་གྲོང་ཚོ16 གསར་འཛུགས་བྱེད་དགོས། ཁུལ་ཨུའི་སྲིད་ཁྲིམས་ཨུ། ཁུལ་འཛུགས་སྐྲུན་ཅུ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་འཕེལ་སྒྱུར་ཨུ། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་རིག་གནས་གནས་སྐོར་ཅུ། ཁུལ་ནགས་ལས་རྩྭ་ཐང་ཅུ། ཁུལ་གྲོང་གསེབ་དར་སྤེལ་ཅུ། 

ཟླ12པའི་ཟླ་མཇུག

35.ཞིང་ཁའི་རྫས་ལུད་ཇེ་ཉུང་དང་ཐོན་ཚད་འཕར་བའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། འབྲུ་སྣུམ་གཙོ་བོའི་རྫས་ལུད་མུའུ་ཁྲི21.8ཉུང་དུ་བཏང་ནས་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ལག་བསྟར་མ་བྱས་གོང་གི་བརྒྱ་ཆ20ཡན་ཉུང་དུ་གཏོང་དགོས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། མཚོ་སྔོན་པོ་ཞིང་ར། ཁུལ་ནོར་སྲིད་ཅུ། ཡོངས་འགྲུབ་དུས་ཚོད།

 ཟླ6པའི་ཟླ་མཇུག

36.ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚད་གཞིའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་བདེ་འཇགས་དང་ཁུངས་འདེད་ཆོག་པའི་མ་ལག་འཛུགས་པ། མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོའི་སྤུས་ལེགས་ཐོན་རྫས་ཀྱི་གཤིས་ནུས་ཞིབ་འཇུག་དང་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀའི་ཞིབ་བཤེར་ཚད་ལོངས་ཚད98%སླེབས་པར་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དོན་རྐྱེན་མི་འབྱུང་བར་ཁག་ཐེག་བྱེད་དགོས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་ཁྲོམ་ར་ལྟ་སྐུལ་ཅུ། 

 ཟླ12པའི་ཟླ་མཇུག

37.ས་སྟེང་གི་སྦགས་བཙོག་དངོས་པོའི་འགོག་བཅོས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ནང་གི་འགྱིག་རས་ཚུར་བསྡུ་དང་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད90%ཡན་དུ་སླེབས་པར་བྱེད་པ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། མཚོ་སྔོན་པོ་ཞིང་ར། ཁུལ་འཕེལ་སྒྱུར་ཨུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། 

ཟླ11པའི་ཟླ་མཇུག

38.སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་གྱི་སྦག་བཙོག་དངོས་པོ་ཐོན་ཁུངས་ཅན་གྱི་བེད་སྤྱོད་རྒྱུན་མཐུད་ངང་དམ་འཛིན་དང་། རྒྱུན་གཏན་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་སྦག་བཙོག་དངོས་པོ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་དགོས། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལ་རྒྱུན་གཏན་ངང་དམ་འཛིན་ཡག་པོ་བྱས་ཏེ། ནོར་དང་ལུག་སོགས་ལྷས་ར་སོ་སོ་བགོ་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་གཏོང་བ་དང་། གཙོ་བོ་ནད་རིམས་སྔོན་འགོག་དང་རྟོག་འཇལ། སོན་ཕྱུགས་ར་བ། བཞོན་མའི་ར་བ་སོགས་ཀྱི་གཙང་དག་དམ་འཛིན་བྱེད་དགོས། ཁུལ་ཡོངས་ཀྱི་ནད་ཕོག་ནས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་ཅན་དུ་བསྒྱུར་བའི་ཚོད་ལྟའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ནད་ཀྱིས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་ཅན་གྱི་ཚུར་བསྡུ་ས་ཚིགས་བཀོད་སྒྲིག་བྱས་ནས་སྤུས་ཚད་མཐོ་བའི་ངང་ནད་ཀྱིས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་སོགས་གནོད་མེད་ཅན་གྱི་སྒོ་ནས་ཐག་གཅོད་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། མཚོ་སྔོན་པོ་ཞིང་ར། ཁུལ་འཕེལ་སྒྱུར་ཨུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ།

 ཟླ11པའི་ཟླ་མཇུག 

39.རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་རིམ་སྤོར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་དང་རོང་འབྲོག་ཁུལ་གྱི་གསང་སྤྱོད་གསར་བརྗེ་ལས་དོན་སྤེལ་དགོས།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་འཛུགས་སྐྲུན་ཅུ།  

ཟླ11པའི་ཟླ་མཇུག

40.ས་མཐོའི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འགལ་ངང་ཉ་འཛིན་པ་སོགས་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། མགོ་ཁུངས་ནས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། འབྲི་ཆུའི་ལོ་བཅུའི་རིང་གི་ཉ་འགོག་དང་། རྨ་ཆུ་བཀག་སྡོམ། མཚོ་སྔོན་པོའི་ཉ་འགོག་གི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། མཚོ་སྔོན་པོའི་གསེར་ཉ་སོགས་ཉ་རིགས་ཀྱི་སྐྱེ་འཕེལ་མུ་མཐུད་དུ་ལག་བསྟར་བྱས་ནས་ཕྱི་ནས་ཡོང་བའི་ཆུ་སྐྱེས་སྐྱེ་དངོས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་ཆུ་བེད་ཅུ། 

ཟླ12པའི་ཟླ་མཇུག

གསུམ་པ། ལས་ཀའི་བླང་བྱ། 

གཅིག རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། ས་ཁུལ་ཁག་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་གཏོང་བ། ཁྱོན་ཡོངས་ཀྱི་འདུ་ཤེས་དང་རྒྱུད་རིམ་ལྡན་པའི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “ཐག་ཆོད་གཉིས་ལ”སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”ཀྱི་ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཡིན་པ། ཆེས་ཕན་ནུས་ལྡན་པའི་ཞིབ་བཤེར་མཐའ་གཅིག་ཏུ་བྱ་དགོས། འགན་ཁུར་བློ་མཐུན་གཙོ་བོས་སྔོན་ལ་བཀོད་འདོམས་དང་ནུས་ཤུགས་ཡོད་རྒུས་ལས་ཀའི་བྱེད་ཐབས་ཁག་ལ་བརྟེན་ནས་སྣ་སོ་སོའི་བྱ་བར་དངོས་འབྲས་ལེན་པར་འགན་སྲུང་དང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

གཉིས ལས་ཀའི་གཙོ་གནད་ལ་དམིགས་པ། རྫོང་ཁག་གི་མི་དམངས་སྲིད་གཞུང་གིས་དམིགས་འབེན་གྱི་ཁྲིད་ཕྱོགས། གནད་དོན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་འབུར་དུ་ཐོན་པར་བྱས་ཏེ། ལས་འགན་ཁག་བགོས་ཁ་གསལ་དང་། ལས་དོན་ཁག་གི་ཟུང་འབྲེལ་བྱེད་གནས་དང་འཇུག་སྒོར་གནད་འཁེལ་འཚོལ་དགོས། ནུས་ཤུགས་ཡོད་རྒུས་འདོད་བློ་དང་དོན་དངོས་དར་སྤེལ་གཏོང་བའི་སྤྱོད་ཚུལ་ལ་བརྟེན་ནས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་ལག་ཏུ་འཛིན་པ། དོན་དངོས་དང་ཟུང་འབྲེལ་བཅས་བྱས་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་བ་དང་། བྱེད་ཐབས་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཞིང་ཕྱུགས་ལས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། 

གསུམ འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ། ས་ཁུལ་ཁག་དང་སྡེ་ཁག་སོ་སོས་འཐབ་ཇུས་ཀྱི་ཇུས་འགོད་ལ་ཤུགས་སྣོན་དང་། མ་ལག་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། མཐུན་སྦྱོར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། དུས་བཀག་གི་བླང་བྱར་ནན་པོར་གཞིགས་ནས་སྣེ་ཁྲིད་ལས་ཁུངས་ཀྱིས་འཕེལ་རྒྱས་ཀྱི་གནས་ཚུལ་དུས་ཚིགས་ལྟར་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ་ལ་སྙན་སེང་ཞུ་དགོས། འགན་འཁྲི་ལས་ཁུངས་ཀྱིས་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་དང་། ལས་ཀ་བྱེད་སྟངས་ཞིབ་ཕྲ་བཟོ་བ། རིམ་པ་རེ་རེ་བཞིན་འགན་འཁྲི་ཏན་ཏིག་འཁུར་བ། ལོ་འདིའི་ནང་འགྲུབ་ཐུབ་པའི་ལས་འགན་ལ་དངོས་འབྲས་ལེན་པར་འགན་སྲུང་དང་། ཡུན་རིང་རང་བཞིན་གྱི་གལ་ཆེའི་འགན་ཁུར་ལ་གཅིག་གྱུར་གྱིས་བཀོད་སྒྲིག་དང་དུས་མཚམས་དབྱེ་ནས་སྐུལ་འདེད་གཏོང་བ། ཆད་ལྷག་མེད་པར་ལག་བསྟར་དོན་འཁྱོལ་བྱེད་དགོས། 

སངས་དོན་གྱིས་བསྒྱུར།


སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་མཚོ་བྱང་ཁུལ་གྱི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་ལས་བགོས་ཇུས་གཞི་དཔར་འགྲེམ་བྱས་པའི་ཐད་ཀྱི་བརྡ་སྦྱོར།
སྐབས་རྗེས་མ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག
མཉམ་སྤྱོད།