བོད་ཡིག    |    རྒྱ་ཡིག

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག

2024-12-26 16:58:06   |   1934

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


(2024ལོའི་ཟླ2པའི་ཚེས2ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པར་གྲོས་འཆམ་བྱུང་བ་དང་། 2024ལོའི་ཟླ3པའི་ཚེས19ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས7པའི་ཐོག་ཆོག་མཆན་ཐོབ།

ལེའུ་དང་པོ། སྤྱིའི་དོན་ཚན།

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་འཛུགས་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བ། ཁྲིམས་འཛུགས་ལས་དོན་གྱི་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱེད་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མངའ་ཁོངས་རང་སྐྱོང་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས》བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བ་དང་། རང་ཁུལ་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་གཏན་འབེབས་དང་བཟོ་བཅོས་གཏོང་བ། མེད་པར་བཟོ་བ། འགྲེལ་བཤད་བྱེད་པ་བཅས་དང་། དེ་མིན་འབྲེལ་ཡོད་ཀྱི་ཁྲིམས་འཛུགས་བྱེད་སྒོ་བཅས་ལ་སྲོལ་ཡིག་འདི་སྤྱད་ཆོག

ཁྲིམས་འཛུགས་བྱེད་སྐབས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་བསམ་བློ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བཅས་མཛུབ་སྟོན་དུ་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

ཁྲིམས་འཛུགས་བྱེད་སྐབས་བརྩི་སྲུང་བྱེད་དགོས་པའི་རྩ་དོན་ནི།

གཅིག རྩ་ཁྲིམས་ཀྱི་གཏན་འབེབས་དང་རྩ་དོན། དགོངས་དོན་བཅས་ལ་མཐུན་དགོས་ཤིང་། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་དབང་མཚམས་དང་གོ་རིམ་ལྟར། རྒྱལ་ཁབ་སྤྱི་ཡོངས་ཀྱི་ཁེ་ཕན་ལ་གཞིགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་གཅིག་གྱུར་དང་ལ་རྒྱ། དབང་གྲགས་བཅས་ལ་སྲུང་སྐྱོང་བྱེད་དགོས།

གཉིསགོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ། སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཡོང་བར་འགན་སྲུང་དང་སྐུལ་འདེད་བྱེད་པ། མི་དམངས་ཀྱི་འདོད་བློ་མཚོན་ཐུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བ། ཁྲིམས་འཛུགས་ཡོངས་བསྒྲགས་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། མི་དམངས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཁྲིམས་འཛུགས་བྱེད་སྒོར་ཞུགས་པར་འགན་སྲུང་བྱེད་དགོས།

གསུམ ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་རྒྱུན་འཁྱོངས་བྱས་ཏེ། གཏན་འབེབས་དང་བཟོ་བཅོས། མེད་པར་བཟོ་བ། འགྲེལ་བཤད་སོགས་ཀྱི་ཁྲིམས་འཛུགས་ཀྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས། ཁྲིམས་འཛུགས་ཀྱི་མ་ལག་རང་བཞིན་དང་མཉམ་སྡེབ་རང་བཞིན། དུས་ནུས་རང་བཞིན་བཅས་ཆེ་རུ་གཏོང་དགོས།

བཞི ཁུལ་རང་གི་དོན་དངོས་ལ་གཞིགས་ནས། ས་གནས་ཀྱི་ཁྱད་ཆོས་མངོན་ཐུབ་པ་བྱས་ཏེ། ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་སྒོ་ནས་སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་དབང་ཆ་དང་འོས་འགན་དང་། རྒྱལ་ཁབ་ལས་ཁུངས་ཀྱི་དབང་ཆ་དང་འགན་འཁྲི་བཅས་གཏན་འབེབས་བྱེད་དགོས།

ལྔ སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐུལ་སྤེལ་དང་དར་སྤེལ་གཏོང་བ་དང་། ཁྲིམས་སྐྱོང་དང་ཀུན་སྤྱོད་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

དྲུག འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། བཅོས་སྒྱུར་གྱི་དགོས་མཁོ་དང་འཚམ་པར་བྱེད་པ། ཁྲིམས་སྐྱོང་འོག་ཏུ་བཅོས་སྒྱུར་ལ་སྐུལ་འདེད་དང་བཅོས་སྒྱུར་གྱི་ཁྲོད་དུ་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བ་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་གི་ཁྲིད་སྟོན་དང་སྐུལ་འདེད། ཚད་ལྡན། འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བྱས་ནས། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་རང་ཁུལ་གྱི་མི་རིགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག་བཟོ་བའི་དབང་ཆ་ཡོད།

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་འབེབས་བྱས་པའི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག་ནི་ཁུལ་རང་གི་མི་རིགས་ཀྱི་ཁྱད་ཆོས་གཞིར་བཟུང་ནས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རང་ཞིང་ཆེན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གཏན་འབེབས་བཅས་ལ་བབ་བསྟུན་གྱིས་སྒྱུར་བཅོས་གཏན་འབེབས་བྱས་ཆོག་མོད། འོན་ཀྱང་། རྩ་ཁྲིམས་དང་མི་རིགས་མངའ་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་གཏན་འབེབས་དང་དེ་མིན་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞན་དག་བཅས་མི་རིགས་རང་སྐྱོང་ས་གནས་སུ་ཆེད་དུ་བཟོས་པའི་གཏན་འབེབས་ལ་བབ་བསྟུན་གྱིས་སྒྱུར་བཅོས་གཏན་འབེབས་བྱས་མི་ཆོག

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་རང་གི་དོན་དངོས་གཞིར་བཟུང་ནས། རྩ་ཁྲིམས་དང་བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ་བཅས་དང་། ཞིང་ཆེན་རང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་མི་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་དོ་དམ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། ལོ་རྒྱུས་རིག་གནས་སྲུང་སྐྱོང་། གཞི་རིམ་བཅོས་སྐྱོང་སོགས་ཀྱི་དོན་ཚན་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་བྱས་ཆོག་པ་དང་། བཅའ་ཁྲིམས་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་རྒྱུའི་ཐད་ལ་གཏན་འབེབས་གཞན་ཡོད་ཚེ་གཏན་འབེབས་དེ་གཞིར་བཟུང་དགོས།མས་འཛུགས་ལ་མཁོ་བའི་འགྲོ་གྲོན་རྣམས། རིམ་པ་དེའི་ནོར་སྲིད་སྔོན་རྩིས་ནང་བཞག་ནས་འགན་སྲུང་བྱེད་དགོས།

ལེའུ་གཉིས་པ། ཁྲིམས་འཛུགས་འཆར་འགོད་དང་ཁྲིམས་འཛུགས་འཆར་གཞི།

དོན་ཚན་དགུ་པ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁངགཤམ་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞེས་བསྡུས་ཡོདགིས་ཁྲིམས་འཛུགས་འཆར་འགོད་དང་། ལོ་འཁོར་གྱི་ཁྲིམས་འཛུགས་འཆར་གཞི། ཆེད་དོན་ཁྲིམས་འཛུགས་འཆར་གཞི་བཟོ་བ་སོགས་ཀྱི་རྣམ་པ་བརྒྱུད་ནས། ཁྲིམས་འཛུགས་བྱ་བར་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པར་ཤུགས་སྣོན་པ།

ཁྲིམས་འཛུགས་འཆར་འགོད་དང་ཁྲིམས་འཛུགས་འཆར་གཞི་སྒྲིག་བཟོ་བྱེད་སྐབས། ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས། འཐུས་མིའི་གྲོས་གཞིར་ཞིབ་འཇུག་ནན་ཏན་བྱེད་པ་དང་། བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ། ཚན་རིག་དང་མཐུན་པའི་རིགས་སྒྲུབ་དང་དཔྱད་དཔོག་བྱེད་པ། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་དགོས་མཁོར་གཞིགས་ནས། གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས། ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བྱེད་པའི་བླང་བྱ་གཞིར་བཟུང་ནས། ཁྲིམས་འཛུགས་རྣམ་གྲངས་གཏན་འཁེལ་བྱེད་དགོས།

རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱིས་ཁྲིམས་འཛུགས་འཆར་འགོད་དང་། ཁྲིམས་འཛུགས་འཆར་གཞི་དང་ཆེད་དོན་ཁྲིམས་འཛུགས་འཆར་གཞི་བཅས་སྒྲིག་བཟོ་བྱེད་པའི་བྱ་བར་འགན་འཁུར་དགོས་པ་དང་། ཁུལ་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་དང་། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། ཁུལ་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ། རྫོང་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མི་དམངས་འཐུས་མི་བཅས་དང་དེ་མིན་འབྲེལ་ཡོད་ཕྱོགས་ཀྱི་ཁྲིམས་འཛུགས་གྲོས་གཞིར་ཕྱོགས་སྡོམ་དང་འདེམས་གསེས་དང་མཐུན་སྦྱོར། ཞིབ་འཇུག་དང་རིགས་སྒྲུབ་བཅས་བྱས་ཏེ། ཁྲིམས་འཛུགས་འཆར་འགོད་ཀྱི་འཆར་ཟིན་དང་ཁྲིམས་འཛུགས་འཆར་གཞིའི་འཆར་ཟིན་དང་སྒྲིག་བཟོའི་གནས་ཚུལ་གྱི་འགྲེལ་བཤད་བཏོན་ནས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་ཚོགས་འདུགཤམ་དུ་ཀྲུའུ་རིན་གྱི་ཚོགས་འདུ་ཞེས་བསྡུ་རྒྱུ་ཡིན།་ལ་གྲོས་ཞིབ་བྱེད་དུ་འཇུག་རྒྱུ། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཁྲིམས་འཛུགས་འཆར་འགོད་དང་ཁྲིམས་འཛུགས་འཆར་གཞི་དུས་ཐོག་ཏུ་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱེད་པ།ཁུལ་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་འགན་འཁྲི་ལྟར་ཁྲིམས་འཛུགས་འཆར་འགོད་དང་ཁྲིམས་འཛུགས་འཆར་གཞི་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱེད་པ།

ཁྲིམས་འཛུགས་འཆར་འགོད་དང་ཁྲིམས་འཛུགས་འཆར་གཞི་སྒྲིག་བཟོ་བྱེད་སྐབས། སྤྱི་ཚོགས་ཡོངས་སུ་ཁྲིམས་འཛུགས་བྱེད་པའི་གྲོས་གཞི་བསྡུ་རུབ་བྱེད་དགོས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་གྲོས་གཞི་བསྡུ་རུབ་བྱེད་རྒྱུའི་སྤྱི་བསྒྲགས་འཆར་ཟིན་འགོད་པའི་འགན་འཁུར་དགོས་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གིས་ཚགས་པར་དང་དུས་དེབ། དྲ་ཚིགས། ཡིག་ཐོག་བརྡ་ཐོ་སོགས་ཀྱི་རྣམ་པའི་ཐོག་ནས་སྤྱི་ཚོགས་དང་འབྲེལ་ཡོད་ལས་ཁུངས་སུ་འགྲེམས་བསྒྲགས་བྱེད་དགོས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལས་ཁུངས་ཀྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་དུ། ཁྲིམས་འཛུགས་འཆར་འགོད་དང་ཁྲིམས་འཛུགས་འཆར་གཞི་སྒྲིག་བཟོའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

ཁྲིམས་འཛུགས་གྲོས་གཞིར་ཡིག་ཐོག་གི་རྣམ་པ་སྤྱོད་དགོས་པ་མ་ཟད། ཁྲིམས་འཛུགས་རྣམ་གྲངས་ཀྱི་མིང་དང་ཁྲིམས་འཛུགས་ཀྱི་གཞི་འཛིན་ས། ཁྲིམས་འཛུགས་ཀྱི་དགོས་ངེས་རང་བཞིན་དང་ལག་བསྟར་ཆོག་པའི་དབྱེ་ཞིབ་དང་ནང་དོན་གཙོ་བོ། འཆར་ཟིན་འགོད་པའི་འགྲོས་ཚད་སོགས་ཟུར་དུ་འགོད་དགོས།

ཁྲིམས་འཛུགས་འཆར་འགོད་དང་ཁྲིམས་འཛུགས་འཆར་གཞི་སྤྱིར་ན་ལེགས་སྒྲིག་མི་བྱེད་པ་དང་། དོན་ངོ་མས་ལེགས་སྒྲིག་བྱེད་དགོས་པར། འབྲེལ་ཡོད་ལས་ཁུངས་སམ་རྩ་འཛུགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་འབུལ་དགོས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཞིབ་འཇུག་བྱས་ཏེ། ལེགས་སྒྲིག་བྱེད་མིན་གྱི་བསམ་འཆར་བཏོན་ནས། ཀྲུའུ་རིན་ཚོགས་འདུ་ལ་ཞུས་ནས་གཏན་འཁེལ་བྱེད་དགོས།

རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་གཏན་འབེབས་དང་བཟོ་བཅོས་བྱེད་པར། སྲོལ་ཡིག་གཅིག་ལ་ལས་དོན་ཆེད་དོན་ཚན་ཁག་གཅིག་དང་། ཟིན་འགོད་ཚན་སྐོར་དང་ཞིབ་བཤེར་ཚན་སྐོར་གྱི་ཚན་གཙོས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱ་རྒྱུ།

ལེའུ་གསུམ་པ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་འཛུགས་གོ་རིམ།

དོན་ཚན་བཅུ་གསུམ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་བཏོན་ཆོག་པ་དང་། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱེད་དགོས།

རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་མི་དམངས་སྲིད་གཞུང་། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྤྱོད་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་བཅས་བཏོན་ཆོག་པ་དང་། ཀྲུའུ་ཞི་ཚོགས་པས་ཚོགས་འདུའི་གྲོས་རིམ་ནང་འཇུག་རྒྱུ་གཏན་འཁེལ་བྱེད་དགོས།

 ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བཅུ་ཡན་གྱི་མིང་ཐོག་ནས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་བཅས་བཏོན་ཆོག་པ་དང་། ཀྲུའུ་ཞི་ཚོགས་པས་ཚོགས་འདུའི་གྲོས་རིམ་ནང་འཇུག་མིན་ཐག་གཅོད་བྱེད་པའམ་ཡང་ན་སྔོན་ལ་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་སྤྲོད་པ་དང་། ཚོགས་འདུའི་གྲོས་རིམ་ནང་འཇུག་མིན་གྱི་བསམ་འཆར་བཏོན་རྗེས། ད་གཟོད་ཚོགས་འདུའི་གྲོས་རིམ་ནང་འཇུག་མིན་ཐག་གཅོད་བྱེད་དགོས། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱེད་སྐབས། གྲོས་གཞི་འདོན་མཁན་གྲོས་ཚོགས་ལ་ཟུར་ཞུགས་བྱེད་པར་གདན་ཞུ་བྱས་ནས་བསམ་འཆར་བཏོན་ཆོག

 ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་བཏོན་པའི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་བཅས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་འཚོགས་མེད་པའི་རིང་སྔོན་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཏོན་ཆོག་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདིའི་ལེའུ་བཞི་པའི་ནང་གཏན་འབེབས་བྱས་པའི་གོ་རིམ་གཞིར་བཟུང་ནས་གྲོས་ཞིབ་བྱས་རྗེས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུ་གཏན་འཁེལ་བྱས་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་གྲོས་གཞི་འདོན་མཁན་གྱིས་ཚོགས་ཆེན་གྱི་ཚང་འཛོམས་ཚོགས་འདུར་གསལ་བཤད་བྱེད་དགོས།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ནང་གསེས་ཀྱི་དོན་ཚན་གོང་མའི་གཏན་འབེབས་ལྟར་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིར་གྲོས་ཞིབ་བྱེད་སྐབས། རྣམ་པ་སྣ་མང་བརྒྱུད་དེ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གནས་ཚུལ་ལྡོག་ལན་སྤྲོད་དགོས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཁག་གིས་ཁྲིམས་འཛུགས་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། འབྲེལ་ཡོད་ཀྱི་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གདན་འདྲེན་ཞུས་ཆོག

རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུར་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པའི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ཀྱི་གྲོས་གཞི་དེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གིས་ཚོགས་འདུ་མ་ཚོགས་གོང་གི་ཉིན་སུམ་ཅུའི་སྔོན་ལ་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་དང་དེའི་གསལ་བཤད་བཅས་ཁུལ་དམངས་ཆེན་གྱི་འཐུས་མིར་པར་དཔར་འགྲེམ་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་འཐུས་མི་སྒྲིག་འཛུགས་བྱས་ནས་ཞིབ་ཀློག་གྲོས་སྡུར་བྱས་ཏེ་འཐུས་མིའི་བསམ་འཆར་བསྡུ་ལེན་བྱས་ཆོག 

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་གྲོས་རིམ་ནང་བཞག་པའི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གྲོས་གཞི་དེ། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱིས་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་བཅས་བཟོ་རྒྱུའི་སྐོར་གྱི་གྲོས་གཞི་འདོན་མཁན་གྱི་གསལ་བཤད་ལ་ཉན་རྗེས་འཐུས་མི་ཚོགས་པ་ཁག་གིས་གྲོས་ཞིབ་བྱེད་དགོས།

འཐུས་མི་ཚོགས་པ་ཁག་གིས་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་བཅས་ལ་གྲོས་ཞིབ་བྱེད་སྐབས། གྲོས་གཞི་འདོན་མཁན་གྱིས་མི་མངགས་ནས་བསམ་འཆར་ལ་ཉན་པ་དང་དྲིས་ལན་འདེབས་དགོས། འབྲེལ་ཡོད་ལས་ཁུངས་དང་རྩ་འཛུགས་ཀྱིས་འཐུས་མིའི་ཚོགས་པའི་རེ་འདུན་ལྟར་མི་མངགས་ནས་གནས་ཚུལ་ངོ་སྤྲོད་བྱ་དགོས།

དོན་ཚན་བཅོ་བརྒྱད། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་གྲོས་རིམ་ནང་བཞག་པའི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་བཅས་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ཏེ་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་བསམ་འཆར་འདོན་དགོས་པ་མ་ཟད་ཚོགས་འདུར་དཔར་འགྲེམ་བྱེད་དགོས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་གྲོས་རིམ་ནང་བཞག་པའི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་བཅས་ལ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་ཁག་དང་། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར་གཞིར་བཟུང་ནས། རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིར་གཅིག་གྱུར་གྲོས་ཞིབ་བྱས་ནས། ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་བྱས་འབྲས་ཀྱི་སྙན་ཞུ་དང་འཆར་ཟིན་བཟོ་བཅོས་མ་ཟིན་འདོན་དགོས་པ་དང་། བསམ་འཆར་མི་འདྲ་བ་གལ་ཆེན་རིགས་གྲོས་ཞིབ་བྱས་འབྲས་ཀྱི་སྙན་ཞུའི་ནང་གསལ་བཤད་བྱེད་དགོས་ལ། ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཡིས་གྲོས་ཞིབ་བྱས་རྗེས་ཚོགས་ཆེན་ལ་དཔར་འགྲེམ་བྱེད་དགོས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་རིམ་ནང་བཞག་པའི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་བཅས་དགོས་ངེས་ཡོད་ཚེ། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོགས་པ་ཁག་གི་ཚོགས་གཙོའི་ཚོགས་འདུ་སྐོང་ཚོགས་བྱས་ཏེ། རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིའི་ནང་གི་གལ་ཆེའི་གནད་དོན་ཐད་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་ལ་ཉན་ནས་གྲོས་བསྡུར་བྱེད་དགོས། རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིའི་ནང་གི་གལ་ཆེའི་ཆེད་དོན་རང་བཞིན་གྱི་གནད་དོན་ཐད་འབྲེལ་ཡོད་འཐུས་མི་སྐོང་ཚོགས་བྱས་ནས་གྲོས་བསྡུར་བྱས་ཀྱང་ཆོག གྲོས་སྡུར་བྱས་པའི་གནས་ཚུལ་དང་བསམ་འཆར་དག་ཀྲུའུ་ཞི་ཚོགས་པར་སྙན་སེང་ཞུ་དགོས། རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་བཅས་གྲོས་ཞིབ་བྱེད་པའི་སྐབས་སུ་གནད་དོན་གལ་ཆེན་ཡོད་པར། སྔར་བས་ཞིབ་འཇུག་བྱེད་དགོས་ཚེ། ཀྲུའུ་ཞི་ཚོགས་པས་བཏོན་པ་བརྒྱུད། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བསམ་འཆར་གཞིར་བཟུང་གྲོས་ཞིབ་བྱས་ནས་གཏན་འབེབས་བྱེད་རྒྱུའི་དབང་ཆ་སྤྲད་ཆོག་པ་མ་ཟད། གཏན་ཁེལ་བྱས་པའི་གནས་ཚུལ་དེ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་རྗེས་མར་སྙན་སེང་ཞུ་དགོས་ལ། ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དབང་ཆ་སྤྲད་ནས་འཐུས་མིའི་བསམ་འཆར་ལྟར་སྔར་བས་གྲོས་ཞིབ་བྱས་ནས། བཟོ་བཅོས་ཀྱི་ཇུས་གཞི་བཏོན་ཏེ་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་རྗེས་མར་ཕུལ་ནས་གྲོས་ཞིབ་བྱས་རྗེས་ཐག་གཅོད་བྱས་ཆོག ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་གྲོས་རིམ་ནང་བཞག་པའི་རང་སྐྱོང་སྲོལ་ཡིག་དང་། རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་བཅས་བརྡས་ཐག་གཅོད་རྒྱུར་མ་སྤྲད་སྔོན་དུ། གྲོས་གཞི་འདོན་མཁན་གྱིས་ཕྱིར་འཐེན་བྱེད་རྒྱུའི་རེ་བ་བཏོན་ཚེ་རྒྱུ་མཚན་གསལ་བཤད་བྱེད་དགོས་པ་དང་། ཀྲུའུ་ཞི་ཚོགས་པས་མོས་མཐུན་བྱས་པ་བརྒྱུད། ཚོགས་ཆེན་ལ་སྙན་སེང་ཞུས་རྗེས། རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་བཅས་ལ་གྲོས་ཞིབ་བྱེད་མཚམས་འཇོག་དགོས།

རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་བཟོ་བཅོས་མ་ཡིག་འཐུས་མི་ཚོགས་པ་ཁག་གིས་གྲོས་ཞིབ་བྱས་པ་བརྒྱུད། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་གཞིར་བཟུང་བཟོ་བཅོས་བྱས་རྗེས། རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་གྱི་བརྡས་ཐག་ཆོད་པའི་མ་ཡིག་འདོན་པ་དང་། ཀྲུའུ་ཞི་ཚོགས་པས་ཚོགས་ཆེན་གྱི་ཚང་འཛོམས་ཚོགས་འདུར་བརྡས་ཐག་གཅོད་རྒྱུར་ཕུལ་ནས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་ཀྱི་ཕྱེད་ཀའི་ཡན་གྱི་མོས་མཐུན་བྱུང་དགོས།

 ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་བཅས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ཡོངས་བསྒྲགས་བྱེད་དགོས།

ལེའུ་བཞི་པ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་གོ་རིམ། ཀྲུའུ་རིན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གྲོས་གཞི་བཏོན་ཆོག་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱེད་དགོས།

ཁུལ་མི་དམངས་སྲིད་གཞུང་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གྲོས་གཞི་བཏོན་ཆོག་པ་དང་། ཀྲུའུ་རིན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་འཇུག་རྒྱུ་གཏན་འཁེལ་བྱེད་པའམ་ཡང་ན་སྔོན་ལ་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་རྒྱུར་སྤྲོད་པ་དང་། གྲོས་ཞིབ་བསམ་འཆར་གྱི་སྙན་ཞུ་བཏོན་རྗེས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་འཇུག་རྒྱུ་གཏན་འཁེལ་བྱེད་དགོས། ཀྲུའུ་རིན་ཚོགས་འདུའི་ཐོག་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིར་གནད་དོན་གལ་ཆེན་ཡོད་པས་སྔར་བས་ཞིབ་འཇུག་བྱེད་དགོས་པ་ངོས་འཛིན་བྱས་ཚེ། གྲོས་གཞི་འདོན་མཁན་ལ་གྲོས་གཞི་བཏོན་ནས། བཟོ་བཅོས་བྱས་ཏེ་འཐུས་ཚང་དུ་བཏང་རྗེས་ཡང་བསྐྱར་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲོད་དུ་བཅུག་ཆོག

 རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལྔ་ཡན་གྱིས་མཉམ་དུ་མིང་ཐོག་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གྲོས་གཞི་བཏོན་ཆོག་པ་དང་། ཀྲུའུ་རིན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་འཇུག་དགོས་མིན་གཏན་འཁེལ་བྱེད་པའམ་ཡང་ན་སྔོན་ལ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་རྒྱུར་སྤྲད་ནས། ཚོགས་འདུའི་གྲོས་རིམ་ནང་འཇུག་དགོས་མིན་གྱི་བསམ་འཆར་བཏོན་རྗེས། ཚོགས་འདུའི་གྲོས་རིམ་ནང་འཇུག་དགོས་མིན་གཏན་འཁེལ་བྱེད་དགོས། ཀྲུའུ་རིན་གྲོས་ཚོགས་ཀྱིས་གྲོས་ཚོགས་ཀྱི་གྲོས་རིམ་དུ་མི་འཇོག་པའི་ཐག་བཅད་ན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་སྙན་སེང་ཞུ་དགོས་པའམ་ཡང་ན་གྲོས་གཞི་འདོན་མཁན་ལ་གསལ་བཤད་བྱེད་དགོས།

ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱེད་སྐབས་གྲོས་གཞི་འདོན་མཁན་གྲོས་ཚོགས་སུ་ཟུར་ཞུགས་བྱེད་པར་གདན་ཞུ་བྱས་ནས་བསམ་འཆར་བཏོན་ཆོག རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་བཅུག་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྐོར་གྱི་གྲོས་གཞི་ཡིན་ཕྱིན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་མ་འཚོགས་གོང་གི་ཉིན་སུམ་ཅུའི་སྔོན་ལ་གྲོས་གཞི་འདོན་མཁན་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་དང་འབྲེལ་ཡོད་དཔྱད་ཡིག་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ལ་སྐྱེལ་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་བཅུག་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་དེ་དམིགས་བསལ་གནས་ཚུལ་མ་གཏོགས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གིས་ཚོགས་འདུ་མ་ཚོགས་གོང་གི་ཉིན་བདུན་སྔོན་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་དང་གསལ་བཤད་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་པར་དཔར་འགྲེམས་བྱེད་དགོས། 

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་བཅུག་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་དེ། སྤྱིར་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་ཐེངས་གསུམ་བྱས་རྗེས་ད་གཟོད་བརྡས་ཐག་གཅོད་རྒྱུར་འབུལ་དགོས། ལེགས་སྒྲིག་དོན་ཚན་སྣ་གཅིག་ཙམ་ཡིན་པའམ་ཡང་ན་ཆ་ཤས་ལ་བཟོ་བཅོས་བྱས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིའི་ཕྱོགས་ཁག་གི་བསམ་འཆར་གཅིག་མཐུན་ཡིན་པའམ་ཡང་ན་ཛ་དྲག་གི་གནས་ཚུལ་ལ་འཕྲད་ཚེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་ཐེངས་གཅིག་བྱས་རྗེས་བརྡས་ཐག་གཅོད་རྒྱུར་ཕུལ་ཆོག

 རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་ལ་གྲོས་ཞིབ་ཐེངས་དང་པོ་བྱེད་སྐབས། གྲོས་གཞི་འདོན་མཁན་གྱི་གསལ་བཤད་ལ་ཉན་པ་དང་། ཚོགས་འདུའི་ཐོག་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་གྱི་ཁྲིམས་མཐུན་རང་བཞིན་དང་དགོས་ངེས་རང་བཞིན། ལག་བསྟར་ཆོག་པའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་སོགས་ཀྱི་གནས་ཚུལ་གཙོ་བོར་གྲོས་ཞིབ་བྱེད་པ།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་པ་བྱེད་སྐབས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་བཟོ་བཅོས་བྱས་ཚུལ་དང་གནད་དོན་གཙོ་བོའི་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་བཟོ་བཅོས་མ་ཟིན་གྱི་གཙོ་གནད་དང་དཀའ་གནད། དེ་མིན་བསམ་འཆར་མི་མཐུན་པ་གཙོ་བོར་གྲོས་ཞིབ་བྱེད་པ།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་ལ་གྲོས་ཞིབ་ཐེངས་གསུམ་པ་བྱེད་སྐབས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་གྲོས་ཞིབ་བྱེད་པ།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིར་གྲོས་ཞིབ་བྱེད་སྐབས། གྲོས་གཞི་འདོན་མཁན་དང་འབྲེལ་ཡོད་ལས་ཁུངས། རྩ་འཛུགས་བཅས་ཀྱིས་མི་མངགས་ནས་གནས་ཚུལ་ངོ་སྤྲོད་དང་བསམ་འཆར་ཉན་པ། འདྲི་རྩད་ལ་ལན་འདེབས་པ་བཅས་བྱེད་དགོས།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིར་གྲོས་ཞིབ་བྱེད་སྐབས། འབྲེལ་ཡོད་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཚོགས་འདུར་ཟུར་ཞུགས་བྱེད་པར་གདན་ཞུ་བྱེད་དགོས།
 རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་བཅུག་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་དེ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་ཞིབ་བསམ་འཆར་བཏོན་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་དཔར་འགྲེམ་བྱེད་དགོས།

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་ལ་གྲོས་ཞིབ་བྱེད་སྐབས། ཆེད་དོན་ཨུ་ཡོན་ལྷན་ཁང་གཞན་དག་གི་ཁོངས་མི་ཚོགས་འདུར་ཟུར་ཞུགས་དང་བསམ་འཆར་འདོན་པར་གདན་འདྲེན་ཞུས་ཆོག འབྲེལ་ཡོད་ལས་ཁུངས་དང་རྩ་འཛུགས་ཀྱིས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བླང་བྱ་ལྟར་མི་མངགས་ནས་གནས་ཚུལ་ལ་གསལ་བཤད་བྱེད་དགོས།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གྲོས་གཞིར་གྲོས་ཞིབ་ཐེངས་དང་པོ་བྱས་རྗེས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར་དང་ཕྱོགས་ཁག་སོ་སོས་བཏོན་པའི་གྲོས་གཞི་གཞིར་བཟུང་ནས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་འཆར་ཟིན་ལ་གཅིག་གྱུར་ཐོག་གྲོས་ཞིབ་བྱས་ཏེ། གྲོས་ཞིབ་བྱས་པའི་མཇུག་འབྲས་ཀྱི་སྙན་ཞུ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་གྱི་བཟོ་བཅོས་མ་ཟིན། འཆར་ཟིན་གྱི་བཟོ་བཅོས་མ་ཟིན་ལ་བཟོ་བཅོས་བཏང་བའི་སྙན་ཞུ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གྲོས་གཞིའི་འཆར་ཟིན་གྱི་བརྡས་ཐག་བཅད་པའི་མ་ཡིག་འདོན་དགོས། གལ་ཆེན་ཡིན་པའི་བསམ་འཆར་མི་མཐུན་པ་བྱུང་ཚེ་གྲོས་ཞིབ་ཀྱི་མཇུག་འབྲས་སྙན་ཞུ་དང་བཟོ་བཅོས་བྱས་པའི་གནས་ཚུལ་གྱི་སྙན་ཞུའི་ནང་གསལ་བཤད་བྱེད་དགོས།

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིར་གྲོས་ཞིབ་བྱེད་སྐབས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚོགས་འདུར་ཟུར་ཞུགས་བྱེད་པར་གདན་ཞུ་བྱས་ནས་བསམ་འཆར་བཏོན་དགོས།

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བར་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིའི་ནང་གི་གནད་དོན་གལ་ཆེན་ཐད་ལ་བསམ་འཆར་གཅིག་མཐུན་མ་བྱུང་ཚེ། ཀྲུའུ་རིན་ཚོགས་འདུར་སྙན་སེང་ཞུ་དགོས།
ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར་དང་ལེན་མ་བྱས་ཚེ། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་ལྡོག་ལན་སྤྲོད་དགོས།

 རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་བཅུག་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྐོར་གྱི་གྲོས་གཞི་ཡིན་ཕྱིན། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་བཅས་ཀྱིས་བཞུགས་མོལ་ཚོགས་འདུ་དང་། རིགས་སྒྲུབ་ཚོགས་འདུ། དཔང་ཉན་ཚོགས་འདུ་སོགས་ཀྱི་རྣམ་པའི་ཐོག་ནས་ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་དང་བསམ་འཆར་ལ་ཉན་ཆོག

ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིའི་འབྲེལ་ཡོད་གནད་དོན་ལ་ཆེད་ལས་རང་བཞིན་ཅུང་ཆེ་བས་ལག་བསྟར་བྱེད་ཆོག་པར་གདེང་འཇོག་བྱེད་དགོས་ཚེ། དཔྱད་སྒྲུབ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཆེད་མཁས་པ་དང་སྡེ་ཁག ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སོགས་ཀྱི་བསམ་འཆར་ལ་ཉན་དགོས། དཔྱད་སྒྲུབ་བྱས་པའི་གནས་ཚུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས།

ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིའི་འབྲེལ་ཡོད་གནད་དོན་ཐད་བསམ་འཆར་མི་མཐུན་པ་ཆེན་པོ་ཡོད་པའམ་ཡང་ན་ཁེ་ཕན་གྱི་འབྲེལ་བར་ལེགས་སྒྲིག་ཆེན་པོའི་འབྲེལ་བ་ཡོད་པས་དཔང་ཉན་བྱེད་དགོས་པའི་རིགས་ལ་དཔང་ཉན་ཚོགས་འདུ་འཚོགས་ནས། གཞི་རིམ་དམངས་ཆེན་འཐུས་མི་དང་། འབྲེལ་ཡོད་སྡེ་ཁག་དང་རྩ་འཛུགས། ཆེད་མཁས་བ་སོགས་ཀྱི་བསམ་འཆར་ལ་ཉན་དགོས། དཔང་ཉན་བྱས་པའི་གནས་ཚུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལས་ཁུངས་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་འཆར་ཟིན་དེ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། རྫོང་ཁག་གི་དམངས་ཆེན་རྒྱུན་ལས་ཨུ་ལྷན། དེ་མིན་འབྲེལ་ཡོད་སྡེ་ཁག་དང་རྩ་འཛུགས། ཆེད་མཁས་བ་བཅས་ལ་སྐྱེལ་ནས་བསམ་འཆར་བསྡུ་ལེན་བྱེད་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་བཅུག་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་དེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གྲོལ་རྗེས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་འཆར་ཟིན་དང་དེའི་འཆར་ཟིན་གྱི་གསལ་བཤད་སོགས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་ཏེ་བསམ་འཆར་བསྡུ་ལེན་བྱེད་དགོས། འོན་ཀྱང་། ཀྲུའུ་རིན་ཚོགས་འདུའི་ཐོག་ཡོངས་བསྒྲགས་མི་བྱེད་པ་གཏན་འབེབས་བྱས་པའི་རིགས་དེའི་ཁོངས་སུ་མི་ཚུད། སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་ནས་བསམ་འཆར་བསྡུ་ལེན་བྱེད་པའི་དུས་ཚོད་སྤྱིར་བཏང་དུ་ཉིན་ཉི་ཤུ་ལས་ཉུང་མི་རུང་། བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྤྱི་ཚོགས་ལ་བརྡ་ཁྱབ་གཏོང་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་ཡོང་རྒྱུར་འབུལ་རྩིས་ཡོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་དེ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་པའི་མཇུག་འབྲས་ཀྱི་སྙན་ཞུ་མ་བཏོན་གོང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལས་ཁུངས་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གྲོས་གཞིའི་ནང་གི་ལམ་ལུགས་གཙོ་བོའི་ཚད་ལྡན་གྱི་ལག་བསྟར་ཆོག་པའི་རང་བཞིན་དང་བཏོན་པའི་དུས་སྐབས། ལག་བསྟར་བྱས་རྗེས་ཀྱི་སྤྱི་ཚོགས་ཀྱི་ཕན་འབྲས། ཐོན་སྲིད་པའི་གནད་དོན་སོགས་ལ་དཔྱད་དཔོག་བྱས་ཆོག དཔྱད་དཔོག་བྱས་པའི་གནས་ཚུལ་དེ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་པའི་མཇུག་འབྲས་ཀྱི་སྙན་ཞུའི་ནང་གསལ་བཤད་བྱེད་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་བཅུག་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་དེ། བརྡས་ཐག་གཅོད་རྒྱུར་མ་སྤྲད་གོང་། གྲོས་གཞི་འདོན་མཁན་གྱིས་ཕྱིར་འཐེན་བྱེད་རྒྱུའི་རེ་བ་བཏོན་ཚེ། རྒྱུ་མཚན་གསལ་བཤད་བྱེད་དགོས་པ་དང་། ཀྲུའུ་རིན་ཚོགས་འདུའི་ཐོག་མོས་མཐུན་བྱུང་བ་མ་ཟད་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་རྗེས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གྲོས་གཞི་དེར་གྲོས་ཞིབ་བྱེད་མཚམས་འཇོག་དགོས།

 རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་ནང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དེ་བཟོ་རྒྱུའི་དགོས་ངེས་རང་བཞིན་དང་ལག་བསྟར་བྱེད་ཐུབ་མིན་སོགས་ཀྱི་གནད་དོན་གལ་ཆེན་ཐད་ཕྱོགས་གང་ཅིའི་ཐད་ནས་བསམ་འཆར་མི་མཐུན་པ་ཆེ་ཙམ་ཡོད་པས། གྲོས་ཞིབ་བྱེད་མཚམས་བཞག་ནས་ལོ་གཉིས་འགོར་བའམ་ཡང་ན་གནས་སྐབས་བརྡས་ཐག་མ་བཅད་པར་ལོ་གཉིས་འགོར་རྗེས་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་བསྐྱར་དུ་གྲོས་ཞིབ་བྱ་རྒྱུའི་ནང་མ་བཅུག་པའི་རིགས་ལ་ཀྲུའུ་རིན་ཚོགས་འདུས་གྲོས་ཞིབ་བྱེད་མཚམས་འཇོག་རྒྱུའི་གྲོས་ཐག་བཅད་ཆོག་པ་མ་ཟད་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས། དགོས་ངེས་ཀྱི་སྐབས་སུ་ཀྲུའུ་རིན་ཚོགས་འདུས་གྲོས་ཞིབ་དུས་འགྱངས་བྱ་རྒྱུའི་ཐག་གཅོད་བྱས་ཀྱང་ཆོག 

ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་གྱི་བརྡས་ཐག་ཆོད་མ་ཟིན་དེ། ཀྲུའུ་རིན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་བརྡས་ཐག་གཅོད་རྒྱུར་ཕུལ་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་ཀྱི་ཕྱེད་ཀ་ཡན་གྱིས་གྲོས་འཆམ་བྱེད་དགོས།  ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་འཆར་ཟིན་གྱི་བརྡས་ཐག་ཆོད་པའི་མ་ཟིན་དེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་བརྡས་ཐག་གཅོད་རྒྱུར་མ་སྤྲད་གོང་། ཀྲུའུ་རིན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་པའི་གནས་ཚུལ་ལ་གཞིགས་ནས། བསམ་འཆར་མི་མཐུན་པ་ཅུང་ཆེ་བའི་དོན་ཚན་གལ་ཆེན་རེ་གཉིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ལོགས་སུ་བརྡས་ཐག་གཅོད་རྒྱུར་ཞུ་བར་གཏན་ཁེལ་བྱས་ཆོག

ལོགས་སུ་བརྡས་ཐག་གཅོད་པའི་དོན་ཚན་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་བརྡས་ཐག་བཅད་རྗེས། ཀྲུའུ་རིན་ཚོགས་འདུས་ལོགས་སུ་བརྡས་ཐག་བཅད་པའི་གནས་ཚུལ་ལ་གཞིགས་ནས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་འཆར་ཟིན་གྱི་བརྡས་ཐག་གཅོད་རྒྱུའི་མ་ཡིག་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུ་གཏན་འཁེལ་བྱས་ཆོག་ལ། གནས་སྐབས་བརྡས་ཐག་གཅོད་པར་མི་སྤྲོད་པའི་གཏན་ཁེལ་ཡང་བྱས་ཆོག་ལ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་ཡང་བསྐྱར་གྲོས་ཞིབ་བྱ་རྒྱུར་ཕུལ་ཆོག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མང་པོའི་ཁྲོད་ཀྱི་དོན་ཚན་རིགས་གཅིག་མཚུངས་ཀྱི་འབྲེལ་ཡོད་དོན་ཚན་ཁ་ཤས་ལ་བཟོ་བཅོས་བྱས་ནས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གྲོས་གཞི་མཉམ་དུ་བཏོན་པའི་རིགས་ནི། ཀྲུའུ་རིན་ཚོགས་འདུའི་ཐོག་གཏན་འབེབས་བྱས་པ་བརྒྱུད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཟླ་སྒྲིལ་བཏང་ནས་བརྡས་ཐག་གཅོད་རྒྱུར་ཕུལ་ཆོག་ལ་ཁག་སོ་སོར་བརྡས་ཐག་བཅད་ཀྱང་ཆོག

 རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་འཆམ་བྱུང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་དེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས། སྤྱི་བསྒྲགས་སྤེལ་ནས་ཁྱབ་བསྒྲགས་བྱེད་དགོས།

 ལེའུ་ལྔ་པ། རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ཀྱི་བཟོ་བཅོས་དང་མེད་པར་བཟོ་བ། གསལ་འགྲེལ།

རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་ཀྱི་རང་བཞིན་གྱི་ཁྲིམས་སྲོལ་བཅས་ལ་བཟོ་བཅོས་དང་མེད་པར་བཟོ་བའི་གོ་རིམ་ནི་སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབས་ལྟར་སྤྱད་ཆོག

རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ལ་བཟོ་བཅོས་བྱས་པར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས། ཁྲིམས་སྲོལ་ཡིག་ཆ་གསར་པ་ཁྱབ་བསྒྲགས་བྱེད་དགོས།

རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་མེད་པར་བཟོ་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས། རྒྱུན་ལས་ཨུ་ལྷན་གྱིས་སྤྱི་བསྒྲགས་སྤེལ་ནས་ཁྱབ་བསྒྲགས་བྱེད་དགོས།

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་འབེབས་བྱས་པའི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ཀྱི་དོན་ཚན་ལ་ཞིབ་ཕྲའི་གོ་དོན་གསལ་བོར་བྱ་དགོས་པའམ་ཡང་ན་གནས་ཚུལ་གསར་པའི་དབང་གིས་སྤྱད་ཆོག་པའི་གཞི་འཛིན་ས་གསལ་བོར་བྱེད་དགོས་ཚེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགྲེལ་བཤད་བྱེད་དགོས།

 རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་ཀྱི་རང་བཞིན་གྱི་ཁྲིམས་སྲོལ་གྱི་གསལ་འགྲེལ་འཆར་ཟིན་བཅས་ནི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་ནས་བཟོ་རྒྱུ་དང་། ཀྲུའུ་རིན་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་རིམ་ནང་འཇུག་རྒྱུའི་ཐག་གཅོད་དགོས།

རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གསལ་བཤད་འཆར་ཟིན་བཅས་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་པ་བརྒྱུད། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་ཞིབ་བསམ་འཆར་གཞིར་བཟུང་ནས། གྲོས་ཞིབ་དང་བཟོ་བཅོས་བྱས་ནས་བརྡས་ཐག་གཅོད་རྒྱུའི་མ་ཡིག་འདོན་དགོས་ཤིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཕྱེད་ཀ་ཡན་གྱིས་གྲོས་འཆམ་བྱུང་བ་བརྒྱུད་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡོངས་བསྒྲགས་བྱེད་དགོས།

རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འགྲེལ་བཤད་བཅས་ནི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་གཅིག་མཚུངས་ཀྱི་ནུས་པ་ཡོད།

ལེའུ་དྲུག་པ། གཏན་འབེབས་གཞན་དག

དོན་ཚན་ཞེ་ལྔ། རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་མ་ཟིན་བཅས་གྲོས་གཞི་འདོན་མཁན་ནམ་ཡང་ན་འབྲེལ་ཡོད་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་འཆར་ཟིན་འགོད་རྒྱུ་དང་། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱིས་སྔོན་དུ་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་གྱི་ཟིན་འགོད་བྱ་བར་ཞུགས་དགོས།

རང་སྐྱོང་སྲོལ་ཡིག་གི་འཆར་ཟིན་དང་། ཕྱོགས་བསྡུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། རྨང་གཞི་རང་བཞིན་བཅས་ལྡན་པའི་རྐྱང་བསྟར་སྲོལ་ཡིག་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་འཆར་ཟིན་ནི། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་ནས་འཆར་ཟིན་བཀོད་ཆོག ཆེད་ལས་རང་བཞིན་ཅུང་ཆེ་བའི་རྐྱང་བསྟར་སྲོལ་ཡིག་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་འཆར་ཟིན་འགོད་པར་བསྡུ་ལེན་བྱས་ཆོག་པ་དང་། ཡང་ན་འབྲེལ་ཡོད་ཆེད་མཁས་པ་དང་སློབ་ཁྲིད་ཚན་ཞིབ་ལས་ཁུངས། སྤྱི་ཚོགས་རྩ་འཛུགས་བཅས་ལ་མངག་བཅོལ་བྱས་ནས་འཆར་ཟིན་བཀོད་དུ་བཅུག་ཆོག

རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་འཆར་ཟིན་བཅས་རྩོམ་འབྲི་གནང་སྐབས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཕྱོགས་གང་ཅིའི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་དགོས།

རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གྲོས་གཞི་འདོན་པར། དུས་མཚུངས་སུ་ཁྲིམས་སྲོལ་འཆར་ཟིན་གྱི་ཡིག་ཆ་དང་དེའི་གསལ་འགྲེལ་འདོན་དགོས་པ་མ་ཟད། དགོས་ངེས་ཀྱི་དཔྱད་གཞིའི་དཔྱད་ཡིག་ཀྱང་འདོན་སྤྲོད་བྱ་དགོས། འཆར་ཟིན་གྱི་གསལ་བཤད་ནང་ཁྲིམས་སྲོལ་གཏན་འབེབས་དང་གཏན་འབེབས་བྱ་དགོས་པའི་དགོས་ངེས་རང་བཞིན་དང་། ལག་བསྟར་བྱེད་ཐུབ་པའི་རང་བཞིན། ནང་དོན་གཙོ་བོ་བཅས་དང་དེ་བཞིན་འཆར་ཟིན་འགོད་པའི་བརྒྱུད་རིམ་ནང་བསམ་འཆར་མི་མཐུན་པ་གལ་ཆེན་ལ་མཐུན་སྦྱོར་དང་ཐག་གཅོད་བྱས་པའི་གནས་ཚུལ་ཚུད་དགོས།

རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་གྱི་ནང་དོན་གཙོ་བོར་སྤྱིར་བཏང་དུ་ཁྲིམས་འཛུགས་དམིགས་ཡུལ་དང་ཁྲིམས་འཛུགས་གཞི་འཛིན་ས། བཀོལ་སྤྱོད་འཚམ་པའི་ཁྱབ་ཁོངས། གཙོ་གཉེར་ལས་ཁུངས། ལེགས་སྒྲིག་བྱ་ཡུལ། བྱ་སྤྱོད་ཚད་གཞི། བཅའ་ཁྲིམས་འགན་འཁྲི། ལག་བསྟར་བྱེད་པའི་དུས་ཚོད་སོགས་འདུ་དགོས།

རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞིའི་ཁ་བྱང་ནི་ཡང་དག་པའི་སྒོ་ནས་ཁྲིམས་སྲོལ་གྱི་ནང་དོན་རགས་བསྡུས་བྱེད་དགོས། ཁ་བྱང་གི་མཆན་འགྲེལ་ལ་གཏན་འབེབས་བྱེད་མཁན་གྱི་ལས་ཁུངས་དང་། གྲོས་འཆམ་བྱུང་བའི་ཚེས་གྲངས། ཆོག་མཆན་འགོད་མཁན་གྱི་ལས་ཁུངས། ཆོག་མཆན་བཀོད་པའི་དུས་ཚོད་བཅས་གསལ་པོར་འགོད་དགོས།

རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ལ་བཟོ་བཅོས་བྱེད་པའི་སྐབས་སུ་བཟོ་བཅོས་མ་བྱས་པའི་སྔོན་གྱི་ཤན་སྦྱར་ཡིག་ཆ་འདོན་སྤྲོད་བྱེད་དགོས།

 རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་ཆེད་དོན་དོན་ཚན་ལ་ཆ་སྒྲིག་གི་བྱེ་བྲག་གཏན་འབེབས་བཟོ་དགོས་པའི་བླང་བྱ་གསལ་བོར་བཏོན་ཡོད་ཚེ། འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་སྲོལ་སྲོལ་ཡིག་ལག་བསྟར་བྱས་པའི་ཉིན་ནས་བཟུང་བའི་ལོ་གཅིག་གི་ནང་གཏན་ཁེལ་བྱེད་དགོས་པ་དང་། ཁྲིམས་སྲོལ་སྲོལ་ཡིག་ནང་དུ་ཆ་སྒྲིག་གི་ཞིབ་ཕྲའི་གཏན་ཁེལ་བཟོ་བའི་དུས་ཚད་ལ་གཏན་འབེབས་གཞན་བྱས་ཡོད་ན། གཏན་འབེབས་གཞན་དེར་བསྟུན་དགོས། འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་དུས་བཀག་ནང་ཆ་སྒྲིག་གི་ཞིབ་ཕྲའི་གཏན་འབེབས་བཟོ་མ་ཐུབ་ཚེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གནས་ཚུལ་གསལ་བཤད་བྱ་དགོས།

 ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱིས་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལམ་ཡང་ན་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་ཁྲིམས་འཛུགས་བྱས་རྗེས་དཔྱད་དཔོག་བྱེད་པ་སྒྲིག་འཛུགས་བྱས་ཆོག དཔྱད་དཔོག་བྱས་པའི་ཚུལ་ཀྲུའུ་རིན་གྲོས་ཚོགས་སམ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས།

དོན་ཚན་ཞེ་དགུ། རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཞན་དག་བཅས་གཏན་འབེབས་བྱེད་མཁན་ལས་ཁུངས་ཀྱིས་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་རྩ་དོན་དང་བསྒྱུར་བཅོས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར་གཙང་བཤེར་བྱེད་དགོས།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དགོས་མཁོ་དངོས་ལ་གཞིགས་ནས་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་བཙུགས་ཏེ། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འབྲེལ་གཏུགབྱེད་སྒོཁང་སོགས་དང་མཉམ་འདྲེས་ཀྱིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་རིམ་མང་ཚོགས་དང་འབྲེལ་ཡོད་ཕྱོགས་ཁག་གི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ཟིན།

ཁྲིམས་འཛུགས་ལས་དོན་བཅས་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི་ཉན་འཇོག་གཏིང་ཟབ་བྱས་ཏེ། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་ཀྱིས་ས་གནས་ཀྱི་ཁྲིམས་འཛུགས་ཁྲོད་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་བློ་འདྲིའི་ཆེད་མཁས་པ་གདན་འདྲེན་ཞུས་ནས། དེའི་ནུས་པ་དང་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་དོ་སྣང་བྱས་ཏེ། ས་གནས་ཀྱི་ཁྲིམས་འཛུགས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་པ།

 ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྒྲིག་གཞིའི་ཁྲིམས་འཛུགས་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་བྱས་ནས། ཆབ་སྲིད་ཐད་བློ་བརྟན་འགྱུར་མེད་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་ལ་བརྩི་བཀུར་བྱེད་པ། དམངས་གཙོ་དར་སྤེལ་གཏོང་བ། འགན་འཁྲི་ཧུར་ཐག་སྒྲུབ་པ་བཅས་ཀྱི་བླང་བྱ་གཞིར་བཟུང་སྟེ། ཁྲིམས་འཛུགས་ཤེས་ལྡན་པའི་དཔུང་ཁག་ཆེད་ལས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་དགོས།

 རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་དྲིལ་སྒྲོག་བྱ་བར་ཤུགས་སྣོན་བྱས་ནས། བྱ་ཐབས་སྣ་མང་ལ་བརྟེན་ནས་ཁྲིམས་འཛུགས་ཀྱི་ཆ་འཕྲིན་འགྲེམས་བསྒྲགས་དང་གནས་ཚུལ་ངོ་སྤྲོད། དོ་གནད་ལ་ཕྱིར་ལན་སྤྲོད་པ་བཅས་བྱེད་དགོས།
 ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་དགོས་མཁོར་གཞིགས་ནས། མཐའ་འཁོར་གྲོང་ཁྱེར་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ས་ཁོངས་མཐུན་སྦྱོར་གྱི་ཁྲིམས་འཛུགས་བྱ་བའི་ལམ་སྲོལ་བཙུགས་ཏེ། རང་སྲིད་འཛིན་ས་ཁོངས་སམ་ཡང་ན་འབྲེལ་ཡོད་ས་ཁོངས་དུ་ལག་བསྟར་བྱས་ཆོག

རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག་ཏུ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རང་ཞིང་ཆེན་གྱི་ས་གནས་ཀྱི་རང་བཞིན་གྱི་ཁྲིམས་སྲོལ་བཅས་ཀྱི་གཏན་འབེབས་ཐད་དུ་བབ་བསྟུན་གྱི་བསྒྱུར་བཅོས་གཏན་འབེབས་བྱས་ཡོད་ན། བབ་བསྟུན་བསྒྱུར་བཅོས་ཀྱི་གཞི་འཛིན་ས་དང་རྒྱུ་མཚན་གསལ་བཤད་བྱེད་དགོས།

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་འཚོགས་མེད་པའི་རིང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འབེབས་དང་ཁུལ་དེ་གའི་དགོས་མཁོ་དངོས་ལ་གཞིགས་ནས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བཟོས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་ཁ་གསབ་དང་བཟོ་བཅོས་ཁ་ཤས་བྱས་ཆོག་མོད། འོན་ཀྱང་ཁྲིམས་སྲོལ་དེའི་གཞི་རྩའི་རྩ་དོན་དང་འགལ་མི་ཆོག

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་འཆམ་བྱུང་བའི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཉིན་སུམ་ཅུའི་ནང་ཚུན་དུ་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཡིག་ཆ་དང་དེའི་གསལ་བཤད་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཆོག་མཆན་ཐོབ་པའི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཡིག་ཆ་དང་། དེ་མིན་འཆར་ཟིན་གྱི་གསལ་བཤད་དང་གྲོས་ཞིབ་བྱས་པའི་མཇུག་འབྲས་ཀྱི་སྙན་ཞུ་སོགས་དུས་ཐོག་ཏུ《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་དུས་དེབ》དང《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》མཚོ་བྱང་དམངས་ཆེན་གྱི་དྲ་བ།《མདོ་ལ་རི་བོའི་ཚགས་པར》བཅས་ཀྱི་ཐོག་ཏུ་འགོད་དགོས། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》སྟེང་བཀོད་ཡོད་པའི་རང་སྐྱོང་སྲོལ་ཡིག་དང་རྐྱང་བསྟར་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཡིག་ཆ་ནི་ཚད་ལྡན་ཡིག་ཆ་ཡིན།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྱང་དགོས་མཁོ་དངོས་ལ་གཞིགས་ནས། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྤྱི་ཚོགས་ཡོངས་སུ་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་ཆོག

ལེའུ་བདུན་པ། ཞར་བྱུང་དོན་ཚན།

 སྲོལ་ཡིག་འདི2024ལོའི་ཟླ5ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ། 2018ལོའི་ཟླ1ཚེས17ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་འཆམ་བྱུང་བ་དང་། 2018ལོའི་ཟླ3ཚེས30ཉིན་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་ཆོག་མཆན་ཐོབ་པའི《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་གོ་རིམ་གྱི་གཏན་འབེབས》དེ་དུས་མཉམ་དུ་མེད་པར་བཟོས་པ་ཡིན།


སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་མཚོ་བྱང་ཁུལ་གྱི2024ལོའི་ཞིང་ཕྱུགས་ལས་ཀྱི་གཙོ་གནད་ལས་ཀའི་འགན་ཁུར་ལས་བགོས་ཇུས་གཞིའི་ཐད་ཀྱི་བརྡ་སྦྱོར།
སྐབས་རྗེས་མ། མེད།
མཉམ་སྤྱོད།