དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི2025ལོ་འཁོར་གྱི་ཁྲིམས་འཛུགས་ལས་ཀའི་འཆར་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2025-09-25 11:11:17   |   46

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས།  མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི2025ལོ་འཁོར་གྱི་ཁྲིམས་འཛུགས་ལས་ཀའི་འཆར་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོར།

ཁུལ་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད་ད་ཆ《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི2025ལོ་འཁོར་གྱི་ཁྲིམས་འཛུགས་ལས་ཀའི་འཆར་གཞི》ཁྱེད་ཚོར་པར་འགྲེམ་བྱ་རྒྱུ་ཡིན་པས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས།

2025ལོའི་ཟླ2པའི་ཚེས25ཉིན།

(ཡིག་ཆ་འདི་ཡོངས་བསྒྲགས་བྱས་ཡོད།)

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི2025ལོ་འཁོར་གྱི་ཁྲིམས་འཛུགས་ལས་ཀའི་འཆར་གཞི།

རང་སྐྱོང་ཁུལ་ནང་ཁུལ་གྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་། འདམ་ར་སྲུང་སྐྱོང་། གནོད་འཚེ་འགོག་བཅོས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་དོ་དམ་སོགས་ཐད་ཀྱི་ཁྲིམས་འཛུགས་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད་དང་། མཚོ་བྱང་ཁུལ་གྱི་ས་གནས་ཁྲིམས་འཛུགས་ཀྱི་ཁྱད་ཆོས་མངོན་པ་དང་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས》དང་།《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད(2022-2026ལོ་བར)》གཞིར་བཟུང་། རང་རེའི་ཁུལ་གྱི་དངོས་ཡོད་དགོས་མཁོ་དང་ཕྱོགས་ཁག་གི་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ་ཁུལ་སྲིད་གཞུང་གི2025ལོའི་ཁྲིམས་འཛུགས་འཆར་གཞི་གཏན་འཁེལ་བྱས་པ་ཡིན། ཞིབ་ཕྲའི་ནང་དོན་གཤམ་གསལ་ལྟར།

(གཅིག)ཁྲིམས་འཛུགས་རེ་ཞུའི་ཆོག་མཆན་རྣམ་གྲངས(རྣམ་གྲངས3)

1.《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཐོག་གློག་གནོད་འཚེ་སྔོན་འགོག་སྲོལ་ཡིག》(བཟོ་བཅོས)

འགན་འཁྲིའི་ཚན་པ། ཁུལ་གནམ་གཤིས་ཅུ།

གཞོགས་འདེགས་ཚན་པ། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཁྲིམས་འཛིན་ཅུ།

2.《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག》(མེད་པར་བཟོ་རྒྱུ)

འགན་འཁྲིའི་ཚན་པ། ཁུལ་ཁྲིམས་འཛིན་ཅུ།

གཞོགས་འདེགས་ཚན་པ། ཁུལ་སྲིད་གཞུང་གཞུང་ལས་ཁང་།

3.《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་བེད་ལས་གྲྭའི་དོ་དམ་སྲུང་སྐྱོང་སྲོལ་ཡིག》(མེད་པར་བཟོ་རྒྱུ)

འགན་འཁྲིའི་ཚན་པ། ཁུལ་ཆུ་བེད་ཅུ།

གཞོགས་འདེགས་ཚན་པ། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཁྲིམས་འཛིན་ཅུ།

(གཉིས)ཁྲིམས་འཛུགས་རྣམ་གྲངས།(རྣམ་གྲངས4)

1.《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་སྲོལ་ཡིག》(གནས་སྐབས་གཏན་འཁེལ་བྱས་པའི་མིང་དང་གཏན་འབེབས)

འགན་འཁྲིའི་ཚན་པ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།

གཞོགས་འདེགས་ཚན་པ། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཁྲིམས་འཛིན་ཅུ།

2.《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》(གཏན་འབེབས)

འགན་འཁྲིའི་ཚན་པ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ།

གཞོགས་འདེགས་ཚན་པ། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཁྲིམས་འཛིན་ཅུ།

3.《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག》(བཟོ་བཅོས)

འགན་འཁྲིའི་ཚན་པ། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།

གཞོགས་འདེགས་ཚན་པ། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཁྲིམས་འཛིན་ཅུ།

4《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་ལས་དོན་སྲོལ་ཡིག》(བཟོ་བཅོས)

འགན་འཁྲིའི་ཚན་པ། ཁུལ་སྲིད་གཞུང་གཞུང་ལས་ཁང་།

གཞོགས་འདེགས་ཚན་པ། ཁུལ་ཁྲིམས་འཛིན་ཅུ་དང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།

(གསུམ)ཁྲིམས་འཛུགས་བརྟག་དཔྱད་ཞིབ་འཇུག་རྣམ་གྲངས།(རྣམ་གྲངས2)

1.《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་པའི་བོགས་གཏོང་སྡོད་ཁང་དོ་དམ་སྲོལ་ཡིག》(གཏན་འབེབས)

འགན་འཁྲིའི་ཚན་པ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ།

གཞོགས་འདེགས་ཚན་པ། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཁྲིམས་འཛིན་ཅུ།

2.《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་སྲོལ་ཡིག》(བཟོ་བཅོས)

འགན་འཁྲིའི་ཚན་པ། ཁུལ་ཁྲིམས་འཛིན་ཅུ།

གཞོགས་འདེགས་ཚན་པ། ཁུལ་སྲིད་གཞུང་གཞུང་ལས་ཁང་།

སངས་རྒྱས་སྐྱིད་ཀྱིས་བསྒྱུར།


སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་སྨན་བཅོས་འགན་ལེན་གྱི་འབྲེལ་ཡོད་སྲིད་ཇུས་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།
སྐབས་རྗེས་མ། མེད།
མཉམ་སྤྱོད།