དེ་རིང་ནི2025ལོའི་ཟླ10པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི2025ལོའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2025-10-28 16:02:35   |   39

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་སྲིད་དོན།  བཤེར་འབེབས། རིན་ཆེན་ཚེ་རིང་།



མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི2025ལོའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

བྱང་སྲིད་གཞུང〔2025〕ཨང10པ།

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་ཚན་པ་སོ་སོ་བཅས་ལ།

《མཚོ་བྱང་ཁུལ་གྱི2025ལོའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད》ལ་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས60པའི་ཐོག་མོས་མཐུན་བྱུང་ནས་ད་ལྟ་ཁྱེད་ཚོར་པར་འགྲེམ་བྱ་རྒྱུ་ཡིན་པས་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས།

2025ལོའི་ཟླ4པའི་ཚེས28ཉིན།

(ཡིག་ཆ་འདི་ཡོངས་བསྒྲགས་བྱས་ཡོད།)

མཚོ་བྱང་ཁུལ་གྱི2025ལོའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད།

2025ལོ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཀྱང་ཡིན། དེ་དང་དུས་མཚུངས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་བཀོད་སྒྲིག་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན། མཚོ་བྱང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མུ་མཐུད་མཛུབ་ཁྲིད་དུ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས《མཚོ་སྔོན་ཞིང་ཆེན་གྱི2025ལོའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད》དང་དེ་བཞིན《〈མཚོ་བྱང་ཁུལ་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལག་བསྟར་ཇུས་གཞི(2021-2025)〉ཡི་འགན་འཁྲི་ཁག་བགོས་དང་སྐུལ་འདེད་བྱེད་ཐབས་ཀྱི་བགོ་འགྲེམ་རེའུ་མིག》གི་བྱ་བའི་བླང་བྱ་ལྟར། མཚོ་བྱང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བཟོས་ཏེ་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱེད་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ལས་ཀའི་གཙོ་གནད་དམིགས་སུ་གཏན་འཁེལ་བྱས་ཡོད།

དང་པོ། ཏང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས།

1.ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོའི་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་དོན་འཁྱོལ་བྱེད་དགོས།《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་འགན་འཁྲི་དོན་འཁྱོལ་བྱེད་པའི་ལྟ་ཞིབ་ལས་དོན་གྱི་གཏན་འབེབས》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “ཆེད་དོན་ཁྲིམས་བཤད་དང་མགོ་ཁྲིད་ཀྱི་དཔྱད་བརྗོད+དམངས་གཙོའི་དཔྱད་མོལ”བཅས་ཀྱི་བྱེད་སྟངས་ཁྱབ་གདལ་ཧུར་ཐག་བཏང་ནས། ཏང་སྲིད་ཀྱི་འགན་འཁུར་པ་གཙོ་བོའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་འགན་འཁྲི་འཁུར་མཁན་ཏང་ཨུས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ཁྲོད་ཀྱི་མགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ་དེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྤྱིའི་འཆར་འགོད་དང་ལོ་འཁོར་གྱི་ལས་ཀའི་འཆར་གཞིའི་ནང་བཅུག་སྟེ། དུས་བཀག་ལྟར་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ལས་ཀའི་སྙན་ཞུར་ཉན་པ་དང་། གནད་དོན་གལ་ཆེན་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས།

2.ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་ཁག་གི་ཏང་ཨུའི(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། དེ་ཉིད་སློབ་སྦྱོང་གི་ནང་དོན་གཙོ་བོར་བརྩི་བ་དང་། ཆེད་དོན་ཞིབ་བསྡུར་དང་རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་མགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་སྒྱུར་བཅོས་ཟབ་སྤེལ་དང་། འཕེལ་རྒྱས་ལ་སྐུལ་འདེད། འགལ་བ་སེལ་བ། བརྟན་བརླིང་སྲུང་སྐྱོང་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས།

གཉིས་པ། སྲིད་གཞུང་གི་འགན་ནུས་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་དགོས།

3.སྲིད་དོན་ཞབས་ཞུའི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། “ལས་ཆོད་ཆེ་བའི་སྒོ་ནས་དོན་དག་གཅིག་སྒྲུབ་པ”དང་“དྲ་གཅིག་ཀུན་སྒྲུབ”སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། “སླ་མོར་སྒྲུབ་པ”APPརྒྱུན་མཐུད་ངང་ཁྱབ་གདལ་གཏོང་བ་དང་། “དྲ་སྦྲེལ+སྲིད་དོན་ཞབས་ཞུ”ཡི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཞིབ་མཆན་འགོད་རིམ་ལེགས་སུ་གཏོང་བ་དང་། ཞིབ་མཆན་འགོད་པའི་ལྷུ་ཚིགས་ཁུ་བསྡུ་བྱེད་པ། ཞིབ་མཆན་འགོད་པའི་དོན་ཚན་ཁ་གསལ་བཟོ་བ། སྒྲུབ་གཉེར་དུས་བཀག་ནན་དུ་གཏོང་བ། ཞིབ་མཆན་འགོད་པའི་ལས་ཀའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྒྲུབ་ཚད་མཐོ་བའི་སྲིད་དོན་ཞབས་ཞུ“ཞིང་ཆེན་ནང་ཁུལ་དུ་ཀུན་ཁྱབ་ངང་གཉེར་བ”དང་། “ཞིང་ཆེན་བརྒལ་ནས་ཀུན་ཁྱབ་ངང་གཉེར་བ”བཅས་ལ་སྐུལ་འདེད་བཏང་ནས་ཚོང་རའི་བྱེད་པོས་ལས་དོན་སྒྲུབ་པར་སྟབས་བདེ་ཡོང་ཚད་དང་སྔོན་དཔག་ཐུབ་པའི་རང་བཞིན་ཆེ་རུ་བཏང་ནས་སྲིད་དོན་ཞབས་ཞུའི་ཕན་ནུས་དང་ཁེ་ལས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས།

4.སྲིད་གཞུང་གི་འགན་དབང་གསལ་ཐོའི་ལམ་ལུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། སྲིད་གཞུང་གི་འགན་དབང་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ་མ་ཟད། གནས་ཚུལ་དངོས་ལ་གཞིགས་ནས་འགུལ་རྣམ་ལེགས་སྒྲིག་བྱེད་དགོས། སྲིད་གཞུང་གི་སྒྲིག་གཞི་དང་། འགན་ནུས། དབང་ཚད། གོ་རིམ། འགན་འཁྲི་བཅས་ཁྲིམས་བཀོད་ཅན་དུ་འགྱུར་བའི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྲིད་འཛིན་བྱེད་སྒོ་དེ་ཁྲིམས་སྐྱོང་སྒྲོམ་གཞིའི་ནང་ཚད་ལྡན་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་རྒྱལ་ཁབ་རིམ་པའི་འབྲེལ་ཡོད་དོན་ཚན་གསལ་ཐོའི་སྦྲེལ་མཐུད་ལས་དོན་ཡག་པོ་སྒྲུབ་ནས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་ལག་བསྟར་གྱི་གཅིག་མཐུན་རང་བཞིན་ལ་འགན་ལེན་བྱེད་པ་དང་། སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྲིད་དོན་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་དམངས་ཀྱིས་སྲིད་གཞུང་གི་ལས་དོན་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

གསུམ་པ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས།

5.སྲིད་འཛིན་ཁྲིམས་འཛུགས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། ཁྲིམས་འཛུགས་དང་སྒྱུར་བཅོས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི2025ལོའི་ལོ་འཁོར་གྱི་ཁྲིམས་འཛུགས་ལས་དོན་འཆར་གཞི》སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་གྲུབ་བྱས་ཏེ་རང་སྐྱོང་ཁུལ་ནང་ཁུལ་གྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་། འདམ་ར་སྲུང་སྐྱོང་། གནོད་འཚེ་འགོག་བཅོས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་དོ་དམ་སོགས་ཐད་ཀྱི་ཁྲིམས་འཛུགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལོ་འདིའི་ནང་ཁྲིམས་འཛུགས་ཀྱི་ཆོག་མཆན་རྣམ་གྲངས་ཁག3དང་། ཁྲིམས་འཛུགས་རྣམ་གྲངས4དང་། ཁྲིམས་འཛུགས་ཞིབ་འཇུག་རྣམ་གྲངས2བཅས་ལེགས་འགྲུབ་བྱས་ཏེ། མཚོ་བྱང་གི་ས་གནས་ཁྲིམས་འཛུགས་ཀྱི་ཁྱད་ཆོས་མངོན་པར་བྱེད་དགོས་ལ། སྲིད་གཞུང་གི་ཁྲིམས་འཛུགས་ལས་ཀའི་ནུས་པ་རྒྱུན་མཐུད་མཐོར་འདེགས་གཏོང་དགོས།

6.ཁྲིམས་སྲོལ་དང་སྒྲིག་སྲོལ་གཙང་བཤེར་དང་ཞིབ་བཤེར་ལས་ཀར་སྐུལ་འདེད་གཏོང་དགོས། གསར་འཛུགས་དང་སྒྱུར་བཅོས། རྩིས་མེད་གཏོང་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་བླང་བྱ་དང་མི་མཐུན་པ་དང་། གོང་གནས་བཅའ་ཁྲིམས་དང་འགལ་བའམ་གཅིག་མཐུན་མིན་པ། ཕན་ཚུན་བར་མཐུན་སྦྱོར་མི་བྱེད་པ་བཅས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། སྲིད་གཞུང་གི་སྒྲིག་སྲོལ། སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་ཁྲིམས་ལྟར་དུས་ཐོག་ཏུ་གཙང་བཤེར་བྱེད་དགོས། 《འགྲན་རྩོད་དྲང་གཞག་གི་ཞིབ་བཤེར་སྲོལ་ཡིག》དོན་འཁྱོལ་ནན་ཏན་བྱས་ཏེ། ཚོང་རར་ཞུགས་འཐུས་དང་། ཐོབ་ཐང་གི་ཚད་གཞི། སྲིད་འཛིན་ཐོ་འགོད་སོགས་དང་འབྲེལ་བ་ཡོད་པའི་ནང་དོན་ལ་འགྲན་རྩོད་དྲང་གཞག་གི་ཞིབ་བཤེར་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

བཞི་པ། ཁྲིམས་ལྟར་ཇུས་ཐག་གཅོད་པའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས།

7.སྲིད་འཛིན་གྱི་ཇུས་ཐག་གལ་ཆེན་གཅོད་པའི་གོ་རིམ་འཐུས་ཚང་དུ་གཏོང་དགོས། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཇུས་ཐག་གལ་ཆེན་གཅོད་པའི་གོ་རིམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ལག་བསྟར་ནན་པོ་བྱས་ཏེ། གལ་ཆེའི་སྲིད་འཛིན་ཇུས་ཐག་གཅོད་པར་སྤྱི་དམངས་ཞུགས་པ་དང་། རིགས་གཅིག་མཁས་ཅན་གྱི་རིགས་པས་ཁུངས་སྐྱེལ། ཉེན་ཁ་དཔྱད་དཔོག ཁྲིམས་མཐུན་ཞིབ་བཤེར། ཐུན་མོང་ཐོག་གྲོས་བསྡུར་ཐག་གཅོད་སོགས་བྱེད་པའི་ལྷུ་ཚིགས་ལ་དམིགས་ཏེ་ཇུས་ཐག་ཚན་རིག་དང་མཐུན་པ་དང་། དམངས་གཙོ། ཁྲིམས་མཐུན་བཅས་ཡོང་བའི་འགན་ལེན་བྱེད་དགོས། སྲིད་འཛིན་གྱི་ཇུས་ཐག་གལ་ཆེན་གཅོད་པའི་དོན་ཚན་གཏན་འབེབས་དང་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། རྫོང་རིམ་པ་ཡན་གྱི་སྲིད་གཞུང་གིས་ལོ་རེར་ཉུང་མཐར་ཡང་སྲིད་འཛིན་གྱི་ཇུས་ཐག་གལ་ཆེན་གྱི་དཀར་ཆག་ཐེངས་གཅིག་ཡོངས་བསྒྲགས་བྱེད་དགོས།

8.སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཏན་འབེབས་དང་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཏན་འབེབས་བྱས་ཏེ། ཡིག་ཆ་གཏོང་གྲངས་ཚོད་འཛིན་ནན་པོ་དང་། གོ་རིམ་ནན་པོ་བྱས་ཏེ། སྲིད་འཛིན་ཇུས་ཐག་དང་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དུས་བཀག་གཙང་སེལ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་གོང་གནས་བཅའ་ཁྲིམས་ཀྱི་འགྱུར་ལྡོག་དང་སྒྱུར་བཅོས་ཀྱི་བླང་བྱ་གཞིར་བཟུང་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཆེད་དོན་གཙང་བཤེར་ལས་དོན་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་དང་ཐོ་འགོད་ཞིབ་བཤེར་ལས་དོན་སྤེལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་སྲིད་བཀའ་ཤར་གཏོང་ཐུབ་པར་སྲུང་སྐྱོང་བྱེད་དགོས།

ལྔ་པ། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྒྱུར་བཅོས་ཟབ་སྤེལ་གཏོང་དགོས།

9.སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་གཏོང་དགོས། འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་གཞི་རིམ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སྲིད་འཛིན་ཁྲིམས་བསྟར་དོན་ཚན་གསལ་ཐོའི་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གཞི་རིམ་གྱི་ཕྱོགས་བསྡུས་ཁྲིམས་བསྟར་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ཁྲིམས་བསྟར་གྱི་ཚད་གཞི་ས་ཁོངས་ལས་བརྒལ་ནས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་ཀྱི་ཆ་འཕྲིན་ལས་སྟེགས་བཀོལ་སྤྱོད་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་ནས་འབྲེལ་ཡོད་གྱོད་གཞི་སྐྱེལ་སྤྲོད་དང་། ཐོ་འགོད། ལྟ་སྐུལ་བཅས་བྱེད་པའི་ལས་དོན་ཚད་ལྡན་དུ་གཏོང་དགོས། སྲིད་འཛིན་ཆད་གཅོད་དང་ཉེས་དོན་ཆད་གཅོད་ཕྱོགས་གཉིས་ཀྱི་འབྲེལ་མཐུད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འབྲེལ་མཐུད་ལམ་སྲོལ་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་དགོས།

10.སྲིད་འཛིན་བསྐྱར་གྲོས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྲིད་འཛིན་བསྐྱར་གྲོས་ཀྱིས་སྲིད་འཛིན་རྩོད་གཞི་སེལ་བའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྙོག་འཛིང་དང་སྟབས་བདེ་ཁག་བགོས་དང་། བསམ་འཆར་ཉན་པ། ཁུངས་སྐྱེལ་དག་འབུད་སོགས་ཀྱི་བླང་བྱ་ལག་བསྟར་ནན་པོ་བྱས་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་སྤུས་ཚད་དང་ཕན་འབྲས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། འོག་རིམ་སྲིད་འཛིན་བསྐྱར་གྲོས་སྒྲིག་གཞིར་མཛུབ་ཁྲིད་དང་ཞབས་ཞུ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་འཛིན་རྩོད་གཞི་རྩ་བ་ནས་འདུམ་འགྲིག་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་སྲིད་འཛིན་བསྐྱར་གྲོས་ཀྱི་སྔོན་འགོག་ཐག་གཅོད་དང་འདུམ་གཅོད་ལས་དོན “གདུབ་ཟུམ”ཆགས་པར་བྱས་ནས་ཁུལ་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་ནོར་འཁྲུལ་ཡོ་བསྲང་བྱེད་ཚད20%ནང་ཚུན་དུ་ཚོད་འཛིན་བྱེད་དགོས། སྲིད་འཛིན་བསྐྱར་གྲོས་ཀྱི“གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི”ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གྱོད་གཞི་གཅིག་ཡག་པོ་གཉེར་ནས་ཡུག་གཅིག་ལ་སྣེ་ཁྲིད་བྱེད་པའི་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་འགྱུར་བྱེད་དགོས། “སྲིད་གཞུང་དང་ཁྲིམས་ཁང་མཉམ་འགུལ”གྱི་ནང་དོན་འཐུས་ཚང་དུ་བཏང་ནས་སྲིད་འཛིན་བསྐྱར་གྲོས་ལས་བྱེད་མི་སྣ་དང་ཁྲིམས་དཔོན་མཉམ་དུ་གསོ་སྦྱོང་བྱེད་པ་སྒྲིག་འཛུགས་བྱས་ཏེ། སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས།

དྲུག་པ། སྲིད་འཛིན་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

11.ཁེ་ལས་དང་འབྲེལ་བ་ཡོད་པའི་ཞིབ་བཤེར་སོགས་ཀྱི་སྲིད་འཛིན་བྱ་སྤྱོད་ཚད་ལྡན་ནན་པོ་བཟོ་དགོས།  སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། 《སྲིད་འཛིན་ཁྲིམས་བསྟར་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2023-2025ལོ་བར)》གང་མགྱོགས་ལེགས་འགྲུབ་བྱ་དགོས།《ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་ནན་པོ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྲིད་འཛིན་ཞིབ་བཤེར་གྱི་ཁྲིམས་བསྟར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་གཏོང་བ། སྒྲིག་འགལ་གྱིས་ཡུལ་གཞན་དུ་ཁྲིམས་བསྟར་དང་ཁེ་ཕན་རང་བཞིན་གྱི་ཁྲིམས་བསྟར་མཐའ་གཅིག་ཏུ་འགོག་བཅོས་བྱེད་པ། གྲོན་དངུལ་གང་བྱུང་བསྡུ་བ་དང་། དངུལ་ཆད་གང་བྱུང་གཅོད་པ། ཞིབ་བཤེར་གང་བྱུང་བྱེད་པ་དང་སྒོ་ཐེལ་གང་བྱུང་རྒྱག་པ་སོགས་ཀྱི་འབུར་ཐོན་གནད་དོན་འགོག་བཅོས་དང་། སྲིད་འཛིན་ཞིབ་བཤེར་ལ་ཁྲིམས་ཀྱི་རྒྱབ་བརྟེན་ཡོད་པ་དང་། དྲང་གཞག་དཔལ་ཡོན་དང་གནད་སྨིན་ནུས་མཐོ་ཡིན་པར་འགན་སྲུང་བྱས་ཏེ། ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་སུ་གཏོང་དགོས།

12.ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་འཛིན་དབང་ཆ་གང་བྱུང་དུ་སྤྱོད་རིགས་ལ་གཡོལ་དགོས། སྲིད་འཛིན་ཁྲིམས་བསྟར་གྱི“ལམ་ལུགས་གསུམ”དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྲིད་འཛིན་ཁྲིམས་བསྟར་གྱི་གྱོད་དོན་ཡིག་ཚགས་དཔྱད་བཤེར་དང་ཁྲིམས་བསྟར་གྱི་འབུར་ཐོན་གནད་དོན་ཆེད་དམིགས་བཅོས་སྐྱོང་བྱེད་པ་སྒྲིག་འཛུགས་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་མགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་སྒྲུབ་གཉེར་ནན་ཏན་བྱེད་པ་མ་ཟད། སྒྲུབ་གཉེར་བྱས་ཚུལ་དུས་ཐོག་ཏུ་ལྡོག་ལན་སྤྲོད་དགོས། ཁྲིམས་སྐྱོང་ལྟ་ཞིབ་དང་སྒྲིག་བཤེར་ལྟ་ཞིབ་ལྟ་སྐུལ་མཉམ་ལས་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་བརྟག་དཔྱད་དང་གྱོད་གཞི་ཞིབ་གཅོད་བྱེད་པ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་ནས་སྒྲིག་ཁྲིམས་དང་བཅའ་ཁྲིམས་སྦྲེལ་མཐུད་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། རྩིས་བཤེར་ལ་ལྟ་སྐུལ་དང་སྡོམ་རྩིས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྡོམ་རྩིས་རྫུན་བཟོ་དང་མི་བདེན་རྫུན་སྒྲིག་གི་བྱ་སྤྱོད་ལ་དོགས་ཟོན་དང་ཁྲིམས་གཅོད་བྱེད་དགོས། ནོར་དོན་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་ནས་ཆད་གཅོད་དང་འཇལ་སྤྲོད་ལོགས་འབྱེད་དང་གཏོང་ཡོང་ལོགས་འབྱེད་སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་འཛིན་གྱི་ལྟ་སྐུལ་དང་། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྲིད་གཞུང་རིམ་པ་ཁག་གི་ལས་དོན་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྤེལ་བར་སྐུལ་འདེད་གཏོང་དགོས།

13.སྲིད་དོན་ཡོངས་བསྒྲགས་ལས་ཀའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས། རང་འགུལ་ངང་ཡོངས་བསྒྲགས་བྱེད་པའི་ཁྱོན་དང་གཏིང་ཚད་ཆེ་རུ་གཏོང་བ་དང་། ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་གྱོད་གཞིའི་ཆ་འཕྲིན་ཡོངས་བསྒྲགས་ཁྱབ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་ཧུར་ཐག་རྒྱག་པ། མི་དམངས་མང་ཚོགས་ཀྱི་ལུགས་མཐུན་ཆ་འཕྲིན་གྱི་དགོས་མཁོ་ཁྲིམས་ལྟར་འགན་སྲུང་བཅས་བྱས་ནས་སྲིད་འཛིན་དབང་ཆ་ཉི་འོད་འོག་ཚད་ལྡན་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་དོན་ཞབས་ཞུ་གཞི་རིམ་དུ་སྣུར་སྲིང་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་སྲིད་དོན་ཞབས་ཞུ་མཉམ་སྤྱོད་དང་བེད་སྤྱོད་གཞི་གཅིག་ཅན་དང་རིག་ནུས་ཅན་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྲིད་གཞུང་དང་སྤྱི་པའི་ཞབས་ཞུའི་ལས་ཁུངས་ཀྱི་གཞི་གྲངས་སྒོ་འབྱེད་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། དམངས་འཚོ་འགན་སྲུང་དང་། སྤྱི་པའི་ཞབས་ཞུ། ཚོང་རའི་ལྟ་སྐུལ་དོ་དམ་སོགས་ཁྱབ་ཁོངས་ཀྱི་སྲིད་གཞུང་གི་གཞི་གྲངས་སྤྱི་ཚོགས་ལ་གོ་རིམ་ལྡན་པའི་སྒོ་ནས་སྒོ་འབྱེད་པར་སྔོན་ལ་སྐུལ་འདེད་གཏོང་དགོས།

བདུན་པ། སྤྱི་ཚོགས་བཅོས་སྐྱོང་གི་ཁྲིམས་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།

14.འགལ་བ་དང་རྩོད་གཞིའི་སྲིད་འཛིན་སྔོན་འགོག་དང་འདུམ་འགྲིག་བྱེད་པའི་རྨང་གཞི་བརྟན་དུ་གཏོང་དགོས། ཞབས་ཞུའི་ཁྲིད་སྟོན་དང་། སྣ་མང་འདུམ་སེལ། མཉམ་འགུལ་ཐག་གཅོད། གྱོད་གཞི་བརྒྱུད་སྤྲོད་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི“ལས་ཀའི་བྱེད་ཐབས་ཆུང་གྲས་དྲུག”དང་། མདོ་ལ་རྫོང་ཨ་རིག་ཡུལ་ཚོའི“ལས་གནས་སྟོང་དང་སོ་ལྟ་ཁྲི”སོགས་གཞི་རིམ་བཅོས་སྐྱོང་ཉམས་མྱོང་ཁྱབ་གདལ་དུ་བཏང་ནས་དུས་བདེའི་མཚོ་བྱང་འཛུགས་སྐྲུན་གྱི་རིམ་པ་སྤོར་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་འདུམ་འགྲིག་དང་། སྲིད་འཛིན་བསྐྱར་གྲོས། སྲིད་འཛིན་ཁྲུན་གཅོད། ཡིག་བསྐུར་ངོ་བཅར་སོགས་འབྲེལ་མཐུད་དམ་ཚགས་དང་ཕན་ཚུན་མཐུན་སྦྱོར་བྱེད་པའི་སྲིད་འཛིན་རྩོད་གཞི་རྩ་བ་ནས་འདུམ་གཅོད་བྱེད་པའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་དགོས།《ཡིག་བསྐུར་ངོ་བཅར་ལས་དོན་སྲོལ་ཡིག》ལག་བསྟར་བྱ་རྒྱུ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཁྲིམས་རྩོད་པ་དང་། གཞུང་དཔང་། ཁྲིམས་འཛིན་གསལ་འབྱེད། འདུམ་གཅོད། བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་ཐོན་ཁུངས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ཁྲིམས་ལྟར་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་པར་དུས་ཐོག་ཏུ་རོགས་རམ་བྱེད་དགོས།

15.ཁྲིམས་ལྟར་འཕྲལ་བསྟུན་དོ་དམ་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་བཅའ་ཁྲིམས》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་མངོན་མེད་རྐྱེན་ངན་གྱི་ཉེན་ཁར་དོགས་ཟོན་དང་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་བ། སྔོན་ལ་སྔོན་འགོག་དང་། འཕྲལ་བསྟུན་བཀོད་འདོམས། ལག་རྩལ་གྱི་འདེགས་སྐྱོར། རོགས་སྐྱོབ་སྟོབས་ཤུགས། གཞི་རིམ་གྱི་ནུས་པ་འཛུགས་སྐྱོང་བཅས་ཀྱི“ལས་གྲྭ་ཆེན་པོ་ལྔ”དམ་འཛིན་ཡག་པོ་བྱེད་དགོས། རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ལྟ་ཞིབ་ཚད་ལེན་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་སྒྲུབ་པ་དང་། འཕྲལ་སྡོམ་མཉམ་འགུལ་ལས་དོན་ལ་ཤུགས་སྣོན་རྒྱག་པ། “གཉིད་ལས་དཀྲོག་པ”དང་། “འབྲེལ་མཐུད”དང་། རྗེས་སྙེག་ཚུར་སྣང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། ས་གཤིས་དང་གནམ་གཤིས་སོགས་གནོད་འཚེའི་སྔོན་འགོག་བྱེད་ཐབས་ཁག་དོན་འཁྱོལ་བྱེད་དགོས།

16.ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། “བཅའ་ཁྲིམས་ཁྱབ་སྤེལ་བཅུ་གཉིས+”བྱེད་སྒོ་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་བ་དང་། “བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་དུས་རིམ་བར་མའི་ཕྱོགས་སྡོམ་དང་དཔྱད་དཔོག་ལས་དོན་ཚད་གཞི་མཐོན་པོའི་སྒོ་ནས་ལེགས་འགྲུབ་བྱེད་དགོས། ཁྲིམས་སྐྱོང་རིག་གནས་ཀྱི་གཡུལ་ས་འཛུགས་སྐྱོང་དང་བེད་སྤྱོད་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མཚོ་བྱང་ཁུལ་གྱི་གསར་བརྗེའི་ཁྲིམས་སྐྱོང་རིག་གནས་བརྗོད་གཞི་བྱས་པའི་ཁྲོམ་གཞུང་གཏོད་དགོས། “ཁྲིམས་སྐྱོང་དང་རིག་གནས་གནས་སྐོར་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་གི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་རིག་གནས་གསར་གཏོད་ཀྱི་ཐོན་རྫས་བཟོ་དགོས། མཚོ་བྱང་ཁུལ་གྱི“ཚོགས་སྒྲིག་རྣམ་པའི་ཁྲིམས་སྐྱོང་སྒྲོག་འགྲེལ་ཆེན་མོ”སོགས་ཀྱི་བྱེད་སྒོ་སྤེལ་ནས་ཁྲིམས་སྐྱོང་དྲིལ་སྒྲོག་དང་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་དགོས། སྲིད་དོན་སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་། མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་ནས་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་དགོས། “བཅའ་ཁྲིམས་ཤེས་མཁན”གྱི་བཅའ་ཁྲིམས་བྱང་ཚད་དང་ལག་ལེན་ནུས་པ་ཆེ་རུ་བཏང་ནས་གཞི་རིམ་གྱི་ཁྲིམས་མཐུན་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

བརྒྱད་པ། ཁྲིམས་སྐྱོང་འཛུགས་སྐྱོང་གི་འགན་སྲུང་ལས་དོན་ལེགས་པར་བསྒྲུབ་དགོས།

17.ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་གི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་སྐྱོང་སློབ་གསོ་དེ་ལས་དོན་མི་སྣའི་ཐོག་མའི་གསོ་སྦྱོང་དང་། ལས་གནས་འཁུར་བའི་གསོ་སྦྱོང་། ལས་སྒོའི་རྐང་འཛིན་པའི་གསོ་སྦྱོང་བཅས་ཀྱི་ངེས་པར་དུ་སྦྱོང་དགོས་པའི་ནང་དོན་དང་ལས་བྱེད་པའི་རྒྱུན་ལྡན་སློབ་སྦྱོང་ཁྲོད་དུ་འཇུག་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་སྲིད་སྐྱོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁྲིམས་སྐྱོང་ཤེས་ལྡན་མི་སྣ་འདེམས་སྒྲུག་དང་། གསོ་སྐྱོང་། དོ་དམ། བཀོལ་སྤྱོད་བཅས་འབྲེལ་ཐག་ཧྲིལ་པོའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འདུམ་གཅོད་དང་། འདུམ་འགྲིག སྲིད་འཛིན་ཁྲིམས་འཛུགས། སྲིད་འཛིན་བསྐྱར་གྲོས་སོགས་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་འཛིན་ལས་ཁུངས་ཀྱི་བཅའ་ཁྲིམས་བློ་འདྲིའི་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་ཤེས་ལྡན་མི་སྣའི་གསོ་སྐྱོང་དང་། སྤེལ་རེས། ནང་འདྲེན་བཅས་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།

18.ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཚན་རྩལ་ལ་བརྟེན་ནས་ནུས་པ་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲངས་འཛིན་མཚོ་སྔོན་དང་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ཚན་རྩལ་འདེགས་སྐྱོར་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། རིམ་པ་ལས་བརྒལ་བ་དང་། ས་ཁོངས་ལས་བརྒལ་བ། མ་ལག་ལས་བརྒལ་བ། སྡེ་ཚན་ལས་བརྒལ་བ། ལས་སྒོ་ལས་བརྒལ་བ་བཅས་ཀྱི་མཐུན་སྦྱོར་དོ་དམ་དང་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། “དྲ་སྦྲེལ+གཞི་གྲངས་ཆེན་མོ”སྤྱད་དེ་ས་གནས་ས་ཐོག་མིན་པའི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་གྱི་ཕན་ནུས་མུ་མཐུད་ཆེ་རུ་བཏང་ནས་ཁྲིམས་འཛིན་ཆ་འཕྲིན་ཅན་གྱི་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། དམངས་ཀྱི་ཆེད་དུ་ཁྲིམས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་ལ་སྟབས་བདེ་དང་ལག་ཁྱེར་ཉུང་དུ་གཏོང་བའི་བྱེད་ཐབས་སྔར་བས་མང་བ་སྤྱད་དེ་མང་ཚོགས་ཀྱི་ཐོབ་ཚོར་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

སངས་རྒྱས་སྐྱིད་ཀྱིས་བསྒྱུར། 


སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《ཁུལ་མན་གྱི་ནོར་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།
སྐབས་རྗེས་མ། མེད།
མཉམ་སྤྱོད།