མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས12ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མི་རིགས་ཀྱི་གཞི་རྩའི་ཤེས་བྱ།

2022-11-19 11:23:42   |   239

རྩོམ་སྒྲིག  སངས་དོན།     ལོ་ཙཱ།  རྡོ་རྗེ་བྱམས།     བཤེར་འབེབས།  རིན་ཆེན་ཚེ་རིང་།


1.མི་རིགས་ནི་ལོ་རྒྱུས་ཐོག་མི་རྣམས་ལ་ཐུན་མོང་གི་སྐད་རིགས་དང་། ཐུན་མོང་གི་ས་ཁོངས། ཐུན་མོང་གི་དཔལ་འབྱོར་འཚོ་བ་བཅས་ལྡན་པ་དང་དེ་བཞིན་ཐུན་མོང་གི་རིག་གནས་ཐོག་མཚོན་པའི་ཐུན་མོང་གི་བསམ་པའི་བྱང་ཚད་བརྟན་པོ་ལྡན་པའི་ཐུན་མོང་ཚོགས་པ་ཞིག་ཡིན།

2.མི་རིགས་ཀྱི་འབྲེལ་བ་ནི་མི་རིགས་དང་མི་རིགས་བར་གྱི་ཕན་ཚུན་འབྲེལ་བ་ལ་ཟེར་ཞིང་། ངོ་བོའི་ཐོག་ནས་བཤད་ན་མི་རིགས་ཀྱི་གོ་གནས་དང་། ཁེ་དབང་། བརྩེ་དུང་བཅས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་དམིགས་བསལ་ཅན་ཞིག་ཡིན། དེ་ནི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ཀྱི་ཕྱོགས་སུ་མངོན་ཡོད།

3.རང་རྒྱལ་ལ་གྲངས་ཉུང་མི་རིགས55དང་མི་རིགས་རང་སྐྱོང་ས་གནས155ཡོད།

4.རང་རྒྱལ་གྱི་ཞིང་ཆེན་རིམ་པའི་སྒྲིག་གཞི་ཚང་བའི་རང་སྐྱོང་ལྗོངས་ལྔ་སྟེ། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས། བོད་རང་སྐྱོང་ལྗོངས་བཅས་ཡིན། མི་རིགས་རང་སྐྱོང་ཁུལ30དང་། མི་རིགས་རང་སྐྱོང་རྫོང120བཅས་ཡོད།

5.རང་ཞིང་ཆེན་ལ་མི་རིགས་རང་སྐྱོང་ཁུལ6དང་། མི་རིགས་རང་སྐྱོང་རྫོང7ཡོད།

6.རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་བགྲོད་ལམ་ནི(བགྲོད་ལམ་གཅིག)ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིན།

7.དུས་སྐབས་གསར་པའི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་ནི།(ཐུན་མོང་གཉིས།)ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་དེ་ཡིན།

8.དུས་སྐབས་གསར་པར་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་རྩ་དོན་ནི།(ཁ་འབྲལ་ཐབས་མེད་པ་གསུམ་ཡིན།)རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་ཀྱང་ཕན་ཚུན་ཁ་འབྲལ་ཐབས་མེད།

9.མི་རིགས་ལས་དོན་གྱི་ངོས་འཛིན་གཅིག་མཐུན་ལྔ་ནི་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་པ་དེ་ཡིན།

10.མི་རིགས་ལས་དོན་གྱི“སྲུང་སྐྱོང་ལྔ”ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱ་རྒྱུ་དེ་ཡིན།

11.མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”ནི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་ཡིན།

12.རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ནི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས།  འཆམ་མཐུན་བཅས་ཡིན།

13.མི་རིགས་ལས་དོན་གྱི་རྩ་བའི་ལས་འགན་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་བཏང་ནས་ཐུན་མོང་ཐོག་ཡར་ཐོན་ཡོང་བ་བྱ་རྒྱུ་དེ་ཡིན།

14.ད་ལྟའི་དུས་རིམ་གྱི་མི་རིགས་ལས་དོན་གྱི་ལས་འགན་གཙོ་བོ་ནི། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་དང་། མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྲུང་སྐྱོང་བྱ་དགོས་པ་དེ་ཡིན།

15.རང་རྒྱལ་གྱི་མི་རིགས་སྲིད་ཇུས་ཀྱི་གཞི་རྩའི་རྩ་དོན་ནི། མི་རིགས་འདྲ་མཉམ་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པ། མི་རིགས་གྲངས་ཉུང་ས་ཁུལ་གྱི་དཔལ་འབྱོར་རིག་གནས་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱེད་པ། མི་རིགས་གྲངས་ཉུང་གི་སྐད་ཡིག་ལ་བརྩི་བཀུར་དང་འཕེལ་རྒྱས་གཏོང་བ། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དད་མོས་ལ་བརྩི་འཇོག་བྱེད་དགོས་པ་དེ་ཡིན།

16.རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་ཆེ་ཤོས་ནི་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བ་བྱ་རྒྱུ་དེ་ཡིན།

17.ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་གི་རྩ་བའི་སྲིད་ཇུས་ནི། མི་རིགས་སོ་སོའི་སྐད་ཡིག་ཚང་མ་འདྲ་མཉམ་ཡིན།

18.ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་མི་རིགས་མཐུན་སྒྲིལ་གྱི་ངེས་གནས་ནི། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན།

19.མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོར“ཅན་གསུམ”ལ་དོ་སྣང་བྱེད་དགོས་པ་སྟེ། མི་ཆོས་ཅན་དང་། དངོས་གཞི་ཅན། མང་ཚོགས་ཅན་བཅས་སུ་འགྱུར་བར་བྱ་དགོས།

20.མི་རིགས་ལས་བྱེད་པ། མི་རིགས་ཀྱི་ལས་བྱེད་པ་ནི་ཀྲུང་གོར་སྤྱིར་བཏང་དུ་སྐྱེ་ཁུངས་གྲངས་ཉུང་མི་རིགས་ཡིན་པའི་ལས་བྱེད་པ་ཡིན་ཞིང་། ལས་བྱེད་པ་དང་ཆེད་ལས་ལག་རྩལ་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས་ཀྱི་ཕྱོགས་གལ་ཆེ་བ་ཞིག་ཡིན།

21.མི་རིགས་ལྟ་བ། མི་རིགས་ལྟ་བ་ནི་མི་རིགས་དང་མི་རིགས་ཀྱི་གནད་དོན་ལ་འཛིན་པའི་གཞི་རྩའི་ལྟ་སྟངས་དང་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་འཛིན་དང་སྲིད་ཇུས་ཡིན། མི་རིགས་ཀྱི་ལྟ་བ་ལ་གྲལ་རིམ་གྱི་རང་བཞིན་མངོན་གསལ་ལྡན་པ་དེ་ནི་མི་རིགས་དང་མི་རིགས་ཀྱི་གནད་དོན་ཐད་ཀྱི་འཇིག་རྟེན་ལྟ་ཚུལ་མཚོན་ཚུལ་ཞིག་རེད།

22.མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་ན། “རིང་ལུགས་གཉིས”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།

23.མི་རིགས་འདུས་སྡོད་ཁུལ་ནི་གྲངས་ཉུང་མི་རིགས་འདུས་སྡོད་ཅུང་ཆེ་བའི་ས་ཁུལ་ལ་ཟེར།

24.རང་རྒྱལ་གྱི་མི་རིགས་ཁག་ཁྱབ་ཚུལ་གྱི་ཁྱད་ཆོས་ནི། ཐོར་སྡོད་ཆེ་བ་དང་འདུས་སྡོད་ཆུང་བ་དེ་ཡིན།

25.《རྩ་ཁྲིམས》ཀྱིས་རང་རྒྱལ་གྱི་མི་རིགས་མང་བའི་གཞི་རྩའི་གནས་ཚུལ་སྙིང་བསྡུས་བྱས་ཡོད་པ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་གསར་དུ་བསྐྲུན་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན།

26.མི་རིགས་འདྲ་མཉམ། མི་རིགས་འདྲ་མཉམ་ཞེས་པ་ནི་མི་རིགས་ཁག་གི་མི་འབོར་མང་ཉུང་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཚད་ཀྱི་མཐོ་དམའ། ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་མི་འདྲ་བ་བཅས་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་འདྲ་མཉམ་གྱི་ཁོངས་མི་ཡིན་པ་དང་། གོ་གནས་འདྲ་མཉམ་ཡོད་པས། རྒྱལ་ཁབ་ཀྱི་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིའི་ཐད་ལ་ཁྲིམས་ལྟར་ཁེ་དབང་འདྲ་མཚུངས་ལོངས་སུ་སྤྱོད་རྒྱུ་དང་། འོས་འགན་གཅིག་མཚུངས་བསྒྲུབ་རྒྱུ། མི་རིགས་ལ་གཉའ་གནོན་དང་མི་རིགས་ལ་མཐོང་ཆུང་བྱེད་པར་ངོ་རྒོལ་བྱ་རྒྱུ་བཅས་ཡིན།

27.མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་ལམ་ལུགས་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཡིན།

28.རང་རྒྱལ་གྱིས་མི་རིགས་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་དོན་གསུམ་ནི་མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བ་བཅས་ཀྱི་རྩ་དོན་ཡིན།

29.མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་བར་གྱི་འབྲེལ་བ་ནི། མི་རིགས་འདྲ་མཉམ་ནི་མི་རིགས་མཐུན་སྒྲིལ་གྱི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་ཞིང་། མི་རིགས་འདྲ་མཉམ་མེད་ན་མི་རིགས་མཐུན་སྒྲིལ་མངོན་འགྱུར་བྱེད་མི་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་ནི་མི་རིགས་འདྲ་མཉམ་གྱི་འབྲས་བུ་ལྡོག་མེད་ཡིན་པ་དང་། མི་རིགས་ཁག་དངོས་གནས་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་བའི་འགན་སྲུང་ཡིན།

30.མི་རིགས་ལས་ཀའི་གཞི་ཚུགས་ས་ནི། འཕེལ་རྒྱས་གཏོང་རྒྱུ་ནི་མི་རིགས་ལས་ཀའི་གཞི་ཚུགས་ས་ཡིན་པ་དང་། མི་རིགས་ས་ཁུལ་གྱི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་འགག་རྩ་ཡིན།

31.མི་རིགས་ལས་དོན་གྱི་རྨང་གཞི་གལ་ཆེན་ནི། དམངས་འཚོ་ལེགས་བཅོས་བྱ་རྒྱུ་ནི་མི་རིགས་ལས་དོན་གྱི་རྨང་གཞི་གལ་ཆེན་ཡིན་ལ། ལས་འགན་ཨང་དང་པོའང་ཡིན།

32.མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་རྩ་དོན་ནི། ཁྱད་པར་རང་བཞིན་དང་ཐུན་མོང་རང་བཞིན་ཐག་གཅོད་ཡང་དག་བྱེད་པ་དང་། ཁྱད་པར་ལ་བརྩི་འཇོག་དང་སྣ་མང་ཁོང་ཡངས་བྱ་དགོས་པ་དེ་ཡིན།

33.མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་པའི་གཞི་རྩའི་རྩ་དོན་ནི། དངོས་ཐོག་བདེན་འཚོལ་གྱི་རྩ་དོན་རྒྱུན་འཁྱོངས་དང་། ཁྲིམས་ལུགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། སློབ་གསོ་དང་ཁྲིད་སྟོན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། དུས་ཐོག་ཏུ་ཐག་གཅོད་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་བཅས་ཡིན། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་འབྲེལ་བ་ཡོད་པའི་དམངས་དོན་དང་ཉེས་དོན་གྱི་གནད་དོན་དེ་མི་རིགས་ཀྱི་གནད་དོན་དུ་སྙིང་བསྡུས་བྱེད་མི་རུང་བ་དང་། མི་རིགས་ས་ཁུལ་དུ་བྱུང་བའི་སྤྱིར་བཏང་གི་འགལ་བ་དང་རྩོད་གཞི་སྟབས་བདེའི་སྒོ་ནས་མི་རིགས་ཀྱི་གནད་དོན་དུ་བསྡུ་མི་རུང་། ངོ་བོ་མི་འདྲ་བའི་འགལ་བ་རིགས་གཉིས་དབྱེ་བ་ནན་པོ་ཕྱེ་ནས་གནད་དོན་གང་ཡིན་ན་གནད་དོན་དེ་ལྟར་ཐག་གཅོད་བྱ་དགོས།

34.ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ནི། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡང་དག་བྱེད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བརྗོད་བྱ་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ། མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་བ། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། འཆམ་མཐུན་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

35.གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་གནད་དོན་ལ་ཏང་དང་རྒྱལ་ཁབ་ཀྱིས་འཛིན་པའི་གཞི་རྩའི་སྲིད་ཇུས་ནི། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ་དང་། མི་རིགས་ཁག་ལ་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་སྒྱུར་བཅོས་བྱེད་པའི་རང་དབང་ཡོད།

36.ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚང་མས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་དགོས་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས་ཏེ། མི་རིགས་མཐུན་སྒྲིལ་ལ་གནོད་པའི་གཏམ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་བཏོན་ཡོད།

37.མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་གནད་འགག་ཆེ་ཤོས་ནི་མི་རིགས་མཐུན་སྒྲིལ་ཡག་པོ་ཡོང་བ་བྱ་རྒྱུ་དེ་ཡིན་པ་དང་། གོ་ཆོད་ཤོས་ནི་མི་སེམས་འགུགས་ཐབས་བྱ་རྒྱུ་དེ་རེད།

38.མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་ལམ་ལུགས་ནི། རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་པའི་ས་གནས་སུ་ས་ཁོངས་རང་སྐྱོང་ལག་བསྟར་བྱ་རྒྱུ་དང་། རང་སྐྱོང་ལས་ཁུངས་བཙུགས་ནས་རང་སྐྱོང་དབང་ཆ་སྤྱོད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ་དེ་ཡིན།

39.ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི“དཔའ་བོའི་ལོ་རྒྱུས་སྙན་ངག་ཆེན་པོ་གསུམ”སྟེ། བོད་རིགས་ཀྱི《གླིང་སྒྲུང》དང་། སོག་རིགས་ཀྱི《ཅང་ཀེར》ཁོར་ཁེ་ཙི་རིགས་ཀྱི《མཱ་ན་སི》བཅས་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི“དཔའ་བོའི་ལོ་རྒྱུས་སྙན་ངག་ཆེན་པོ་གསུམ”ཞེས་བརྗོད།

40.མི་རིགས་ས་ཁོངས་རང་སྐྱོང་གི་གཞི་རྩའི་རྩ་དོན་ནི། མེས་རྒྱལ་གྱི་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་རྒྱུ་ཟུང་འབྲེལ་བྱེད་པའི་རྩ་དོན་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་དབང་ཆ་གང་ལེགས་སྤྱོད་རྒྱུའི་རྩ་དོན་ལ་ཁག་ཐེག་བྱ་རྒྱུ། མི་རིགས་མཐུན་སྒྲིལ་གྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་པ་དེ་ཡིན།

41.མི་རིགས་ལས་དོན་ལེགས་གྲུབ་བྱུང་བའི་རྩ་བའི་འགན་ལེན་དང་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོའི་རྩ་བའི་འགན་ལེན་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན།

42.དེང་རབས་མི་རིགས་གནད་དོན་གྱི་ཁྱད་ཆོས་ཆེན་པོ་ལྔ་ནི་ཡོངས་ཁྱབ་རང་བཞིན་དང་། ཡུན་རིང་རང་བཞིན། རྙོག་འཛིང་རང་བཞིན། རྒྱལ་སྤྱིའི་རང་བཞིན། གལ་ཆེའི་རང་བཞིན་བཅས་ཡིན།

43.མི་རིགས་མཐུན་སྒྲིལ་ལ་གནོད་པའི་གནད་དོན་གྱི་དོན་རྐྱེན་ཐག་གཅོད་བྱེད་པའི་རྩ་དོན་ནི། མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་དང་། བཅའ་ཁྲིམས་ཀྱི་ཟིལ་ཤུགས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་བཅས་བྱེད་པའི་དར་ཆ་མཐོན་པོར་བསྒྲེང་བ་དང་། ངོ་བོ་མི་འདྲ་བའི་འགལ་བ་རིགས་གཉིས་དབྱེ་འབྱེད་ནན་པོ་དང་ཐག་གཅོད་ཡང་དག་བྱེད་པ། བཅའ་ཁྲིམས་ཀྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པ། གནད་དོན་བྱུང་མ་ཐག་ནས་ཐག་གཅོད་བྱེད་པ། སློབ་གསོ་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ལ་ཡིད་ཆེས་དང་རྒྱབ་རྟེན་བཅོལ་བ། སྒྲིག་ཁྲིམས་དྲིལ་བསྒྲགས་ནན་པོ་བྱེད་པ་བཅས་ཡིན།

44.མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་སྲོག་ཤིང་ནི་གྲངས་ཉུང་མི་རིགས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་དང་། རང་མི་རིགས་དང་རང་ས་ཁུལ་གྱི་ལས་དོན་བདག་སྐྱོང་བྱེད་པའི་ཁེ་དབང་དེ་ཡིན།

45.རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཆེན་པོ་གསུམ་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་ཏང་མང་མཉམ་ལས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ཡིན།

46.མི་རིགས་འདྲ་མཉམ་གྱི་གོ་དོན་ནི། མི་རིགས་ཁག་མི་འབོར་མང་ཉུང་གི་དབྱེ་བ་མེད་པར་ལོ་རྒྱུས་ཀྱི་རིང་ཐུང་དང་འཕེལ་རྒྱས་ཀྱི་ཚད་མཐོ་དམན་ལ་མ་བལྟོས་པར་ཚང་མ་འདྲ་མཉམ་ཡིན།

47.རང་རྒྱལ་གྱི་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་ནི། མི་རིགས་ཆེ་ཆུང་ལ་མ་བལྟོས་པར་ཚང་མ་འདྲ་མཉམ་ཡིན་པ་དང་། དབང་ཆ་ཡོད་ཚད་ཀྱི་སྟེང་ནས་མི་རིགས་སོ་སོ་འདྲ་མཉམ་ཡིན་པ། མི་རིགས་ཡོད་ཚད་ལ་མི་རིགས་འདྲ་མཉམ་གྱི་ཁེ་དབང་མངོན་འགྱུར་བྱེད་པར་རོགས་རམ་བྱེད་པ། མི་རིགས་ཚང་མས་ངེས་པར་དུ་འོས་བབ་ཀྱི་འོས་འགན་བསྒྲུབ་དགོས་པ་དེ་ཡིན།

48.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཕན་ཚུན་དྲུག”སྟེ། མི་རིགས་ཁག་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཁོང་ཡངས། ཕན་ཚུན་མྱོང་རོལ། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱེད་པ་དེ་ཡིན།

49.མི་རིགས་ས་ཁུལ་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ཚད་གཞི་ནི། དད་སེམས་བརྟན་པོ་དང་། དམངས་ལ་ཞབས་འདེགས་ཞུ་བ། སྲིད་བརྩོན་དངོས་སྒྲུབ། འགན་འཁྲི་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཡིན་དགོས།

50.རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྱད་ཆོས་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་རང་སྐྱོང་བྱེད་པ་དང་།མི་རིགས་རང་སྐྱོང་ས་གནས་ཚང་མ་ཀྲུང་གོའི་ཆ་ཤས་འབྲལ་ཐབས་མེད་པ་ཞིག་ཡིན། མི་རིགས་རང་སྐྱོང་ས་གནས་སོ་སོས་ངེས་པར་དུ་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བརྩི་བཀུར་བྱེད་དགོས་པ་ཞིག་ཡིན་པས། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ལ་ཟུང་འབྲེལ་བྱེད་པ་ཞིག་དང་། ཆབ་སྲིད་ཀྱི་རྒྱུ་རྐྱེན་དང་དཔལ་འབྱོར་གྱི་རྒྱུ་རྐྱེན་ལ་ཟུང་འབྲེལ་བྱེད་པ་ཞིག་ཡིན།

51.《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ལག་བསྟར་བྱེད་པའི་དུས་ཚོད། 1984ལོའི་ཟླ5ཚེས31ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང་། 1984ལོའི་ཟླ10ཚེས1ཉིན་ནས་ལག་ལེན་དུ་བསྟར་རྒྱུ།

52.མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུ་ནི་སྤྱི་དམངས་ཀྱི་འགན་འཁྲི་དང་འོས་འགན་ཡིན།

53.གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་གྱི་ནང་དོན་གལ་ཆེན་ཞིག་ཡིན། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ་ནི་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་གྱི་རྩ་དོན་གཞིར་བཟུང་ནས་མི་རིགས་ཁག་གི་འདྲ་མཉམ་ཁེ་དབང་ལ་བརྩི་འཇོག་བྱ་དགོས་པ་ལས་མི་རིགས་ཤིག་གི་ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་རྐྱེན་གྱིས་ཁོ་ཚོར་མཐོང་ཆུང་ངམ་བརྙས་བཅོས་བྱེད་མི་རུང་། མི་རིགས་ཤིག་གི་ཡུལ་སྲོལ་གོམས་གཤིས་སྲུང་འཛིན་ནམ་སྒྱུར་བཅོས་བྱ་རྒྱུ་དེ་མི་རིགས་དེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐག་གཅོད་བྱ་དགོས་པ་ལས་མི་རིགས་གཞན་དག་གམ་མི་སྒེར་གྱིས་བཙན་ཤེད་དམ་ཐེ་གཏོགས་བྱས་མི་ཆོག མི་རིགས་གང་ཞིག་ཡིན་རུང་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་དེ་ཚད་གཞིར་བཟུང་ནས་མི་རིགས་གཞན་དག་ལ་བསྡུར་ཞིབ་དང་བླང་བྱ་འདོན་མི་རུང་ལ། སྒེར་གྱི་དགའ་ཕྱོགས་ལྟར་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ལྟ་སྟངས་འཛིན་པ་དང་། ཡུལ་སྲོལ་གོམས་གཤིས་དང་འབྲེལ་བ་ཡོད་པའི་བྱ་བ་ཐག་གཅོད་ཀྱང་བྱེད་མི་རུང་། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བརྩི་འཇོག་བྱེད་པ་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད།

54.ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ནི། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ནི་སྤུན་ཟླ་མི་རིགས་ཁག་དུས་ཡུན་རིང་པོར་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་བརྒྱུད་རིམ་ནང་། རིམ་བཞིན་འཕེལ་རྒྱས་དང་། གསོག་འཇོག གཏིང་ཆགས་བཅས་ལས་གྲུབ་པའི་ཐུན་མོང་གི་བསམ་བློ་རིག་གནས་དང་རིན་ཐང་འདུ་ཤེས་གཅིག་བསྡུས་ཀྱིས་མཚོན་པ་ཞིག་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ངེས་ཅན་ཞིག་གི་འོག་གྲུབ་པའི་བསམ་པའི་སྟོབས་ཤུགས་དང་དངོས་པོའི་སྟོབས་ཤུགས་ཤིག་ཡིན།

55.《རྒྱལ་ཁབ་ཁ་འབྲལ་གཏོང་བར་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་གཏན་འབེབས་ནང་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་རྨང་གཞི་མངོན་འགྱུར་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

56.“སྟོབས་ཤུགས་ཕྱོགས་གསུམ”ཞེས་པ་ནི་མི་རིགས་ཁ་འབྲལ་སྟོབས་ཤུགས་དང་། ཆོས་ལུགས་ཐལ་སྐྱོད་སྟོབས་ཤུགས། གཏུམ་སྤྱོད་འཇིགས་སྐུལ་སྟོབས་ཤུགས་བཅས་ལ་ཟེར།

57.མི་རིགས་ས་ཁུལ་ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བར་དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བྱ་དགོས་པའི་བྱ་བ་ནི། “ཕྱོགས་བཞི་དང་གཙོ་གནད་བརྒྱད”དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བྱ་དགོས་ཏེ། དམངས་འཚོར་དམིགས་ནས་འཕེལ་རྒྱས་ལ་དམ་འཛིན་བྱས་ཏེ་ལས་ཞུགས་དང་སློབ་གསོར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་པ། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ས་གནས་དེ་གར་ཕན་པ་ཐོབ་པ་དང་སྐྱེ་ཁམས་སྲུང་སྐྱོང་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་པ། དབུལ་སྐྱོར་གསར་སྤེལ་ཡག་པོ་བྱས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་གཙོ་གནད་དུ་དམ་འཛིན་ཡག་པོ་བྱེད་དགོས་པ། མཐའ་མཚམས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་དང་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱ་དགོས་པ་བཅས་ཡིན།

58.གྲོང་ཁྱེར་མི་རིགས་ལས་དོན་གྱི་ཤུགས་རྒྱག་ས་དེ་སྡེ་ཁུལ་དུ་ཕན་ཚུན་མཉམ་འདྲེས་ཀྱི་སྤྱི་ཚོགས་གྲུབ་ཆ་དང་སྤྱི་ཚོགས་ཁོར་ཡུག་འཛུགས་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་དང་གྲོགས་པོ་བློས་ཐུབ་པ་དང་། ཁྱིམ་མཚེས་འཆམ་མཐུན་ཡིན་པ། གཉེན་སྒྲིག་ཡག་པོ་ཡོང་བ་བཅས་ཡིན།

59.ཕན་ཚུན་འདྲེས་འཇུག་རྣམ་པའི་སྤྱི་ཚོགས་གྲུབ་ཚུལ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་པར་སྐུལ་འདེད་གཏོང་དགོས་པ་སྟེ། མིའི་རིགས་ཀྱི་ལོ་རྒྱུས་ཉམས་མྱོང་ལ་བལྟས་ན། སྡོད་གནས་ས་ཁོངས་ཀྱི་ཟུར་འཇོག་གིས་རྒྱུན་དུ་ཚོགས་པ་མི་འདྲ་བའི་འགལ་ཟླ་ཆེ་རུ་འགྲོ་གི་ཡོད། མི་རིགས་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བའི་མི་ཚོགས་ཀྱིས་དུས་ཡུན་རིང་པོའི་ཐུན་མོང་གི་འཚོ་བ་དང་སྤེལ་རེས་མཉམ་འགུལ་ཁྲོད་གཞི་ནས་ཕན་ཚུན་གྱི་རིག་གནས་དང་། དད་མོས། འཚོ་བ་སྐྱེལ་སྟངས་བཅས་ལ་སྔར་བས་ཤེས་རྟོགས་དང་བརྩི་འཇོག་བྱེད་ཤེས་པ་བྱས་ན་འཆམ་མཐུན་མཉམ་གནས་ཡོང་ཐུབ།

60.མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་མི་རིགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ལྷག་པར་དུ་དབྱེ་བ་གསལ་པོར་འབྱེད་དགོས་པ་ནི། གང་ཞིག་མི་རིགས་ཀྱི་གནད་དོན་ཡིན་པ་དང་། གང་ཞིག་མི་རིགས་ཀྱི་གནད་དོན་མིན་པ་དེ་ཡིན། མི་རིགས་ཀྱི་གནད་དོན་མིན་པ་དེ་མི་རིགས་ཀྱི་གནད་དོན་དུ་བརྩིས་ནས་ཐག་གཅོད་བྱེད་མི་རུང་ལ། མི་རིགས་ཀྱི་གནད་དོན་དེ་མི་རིགས་ཀྱི་གནད་དོན་དུ་མི་བརྩི་བར་ཐག་གཅོད་བྱེད་མི་རུང་། གནད་དོན་གང་ཞིག་ཡིན་ན་གནད་དོན་དེ་གཞིར་བཟུང་ཐག་གཅོད་བྱ་དགོས།

61. ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་འདུན་མ་མཉམ་དུ་འབད་པས་བསྐྲུན་རྒྱུ་དེ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དམིགས་ཡུལ་ཡང་ཡིན། བསམ་འདུན་དང་དམིགས་འབེན་འདི་མངོན་འགྱུར་བྱེད་པར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོའི་སྟོབས་ཤུགས་དང་ཁ་འབྲལ་ཐབས་མེད།

62.ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་ལ་བཏོན་པའི་བླང་བྱ་ནི། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ངེས་པར་དུ་ཆུང་དུས་ནས་དམ་འཛིན་དང་། བུ་བཅོལ་ཁང་ནས་དམ་འཛིན་བྱས་ཏེ་རང་རེའི་ཀྲུང་ཧྭར་དགའ་ཞེན་བྱེད་པའི་ས་བོན་དེ་ཕྲུ་གུ་ཚང་མའི་སེམས་ཀྱི་གཏིང་དུ་སྦས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་མེས་རྒྱལ་གྱི་མི་རབས་རྗེས་མའི་སེམས་ཀྱི་ཞིང་ནང་དུ་རྩ་བ་ཚུགས་ཐུབ་པ་བྱེད་དགོས།

63.མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་གྱི་སྤྱིའི་དམིགས་ཚད་ནི། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་འདུན་མ་མཉམ་དུ་འབད་པས་བསྐྲུན་རྒྱུ་དེ་ཡིན་ལ། སྤྱིའི་ལས་འགན་ནི། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གཅིག་མཚུངས་དང་། སྤྱི་པའི་ཞབས་ཞུ་སྤུས་ཚད་གཅིག་མཐུན། ཁྲིམས་ལུགས་འགན་སྲུང་དབང་ཆ་གཅིག་མཐུན། མི་རིགས་མཐུན་སྒྲིལ་གྱི་སེམས་ཤུགས་གཅིག་མཐུན།  སྤྱི་ཚོགས་འཆམ་མཐུན་མཉམ་སྐྲུན་བཅས་བྱ་དགོས།

64.མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ནང་དོན་ནི། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་འོག་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ཏུ་ཞུགས་པ་དང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་དང་མི་རིགས་ཁག་ཐུན་མོང་ཐོག་ཡར་ཐོན་ཡོང་བར་བྱེད་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་མཐའ་དག་ལ་སྐུལ་འདེད་གཏོང་དགོས།

65.མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ཁྱད་ཆོས་ནི། མ་ལག་ཚང་བའི་ལས་གཞི་ཞིག་ཡིན་པ་དང་། མི་རིགས་ལས་དོན་ཁྱབ་ཁོངས་ཀྱི་ཕྱོགས་གང་ཅི་དང་འབྲེལ་བ་ཡོད་པ། དམིགས་ཡུལ་གསལ་པོ་དང་། མང་ཚོགས་རང་བཞིན་རྒྱ་ཆེ་བ། དུས་རབས་ཀྱི་རང་བཞིན་མངོན་གསལ་དོད་པ། རྣམ་པ་སྣ་མང་ཅན། ཡུན་གཏན་གྱི་གསར་གཏོད་རང་བཞིན། དམིགས་སའི་རང་བཞིན་དངོས་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།

66.མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ལས་དོན་གྱི་བསམ་ཕྱོགས་ནི། སྲོག་ཤིང་གཅིག་དང་། ཚད་བརྒལ་གཅིག གཙོ་གནད་གསུམ། གསར་གཏོད་གསུམ། འགྱུར་ལྡོག་ལྔ་བཅས་ཡིན་ཏེ། ཏང་གི་མགོ་ཁྲིད་སྲོག་ཤིང་དུ་འཛིན་པ་དང་། མི་སེམས་བརྩོན་ལེན་བྱ་རྒྱུ་དེ་འགག་སྒྲོལ་བྱེད་གནས་སུ་བྱས་ཏེ། སྤྱི་ཚོགས་ཡོངས་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་ཁག་དང་སྤྱི་ཚོགས་ཀྱི་ཁོངས་མི་ཡོངས་ལ་ཁྱབ་པ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ལས་དོན་གྱི་བསམ་ཕྱོགས་དང་། ནང་དོན། བྱེད་ཐབས་བཅས་གསར་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་སློབ་གསོའི་ལས་དོན་གྱི་རང་འགུལ་རང་བཞིན་དང་། དངོས་ཕན་རང་བཞིན། ཁ་གཏད་རང་བཞིན། གསར་གཏོད་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་སུ་བསྒྱུར་བར་མངོན་འགྱུར་བྱེད་དགོས་བ་དེ་ཡིན།

67.མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པའི་རྩ་དོན་ནི། མིར་བསྟུན་སློབ་ཁྲིད་དང་། དྲང་ཕྱོགས་ནས་སློབ་གསོ། ཕན་འབྲས་དངོས་ལ་མཐོང་ཆེན། དུས་བསྟུན་མདུན་སྐྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།

68.མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པར་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་རྩ་བར་འཛིན་པ་དང་། གནད་དོན་ཐག་གཅོད་དང་འཆམ་མཐུན་མཉམ་སྐྲུན་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས།

69.ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ཁ་ཕྱོགས་གསལ་པོ་བཟོས་པ་སྟེ། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཟབ་སྤེལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་གཏོང་བ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་རིགས་ཁག་སེ་འབྲུ་ལྟར་དམ་པོར་སྦྲེལ་རྒྱུར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས།

70.ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ”དེ་ཏང་གི་སྒྲིག་ཡིག་ནང་བཀོད་ཡོད་པས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་གསར་པའི་ཐོག་གི་ཐུན་མོང་གི་འདོད་བློ་དང་རྩ་བའི་གཞི་འཛིན་སར་གྱུར་ཡོད།

71.མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་སྒོའི་ལོ་རྒྱུས། 1953ལོར་ཅི་ལིན་ཞིང་ཆེན་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱིས་ལོ་རེའི་ཟླ9པར“མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་ཟླ་བར”གཏན་ཁེལ་བྱས། 1982ལོའི་ཟླ11པར། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱིས་སྔོན་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ་དང་། 1983ལོའི་ཟླ4པར་ཞིན་ཅང་གིས་ལོ་རེའི་ཟླ5པར“མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ཟླ་བ”ཡིན་པ་ཐག་བཅད། ལོ་དེའི་ཟླ9པར། ནང་སོག་རང་སྐྱོང་ལྗོངས་ཀྱིས་མི་དམངས་མཐུན་སྒྲིལ་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་མ་ཟད། ལོ་རེའི་ཟླ9པར“མི་རིགས་མཐུན་སྒྲིལ་གྱི་གཟེངས་བསྟོད་བྱེད་སྒོའི་ཟླ་བ”ཡིན་པ་ཐག་བཅད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་སྤེལ་བར་ཁས་ལེན་དང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག 1988ལོ་ནས་བཟུང་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས6སྐོང་འཚོགས་བྱས་པ་དང་། 2005ལོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་དེ་རྒྱལ་ཁབ་ཀྱི་ཁྲིམས་བཀོད་བྱེད་སྒོ་ཞིག་ཏུ་དངོས་སུ་གཏན་ཁེལ་བྱས་པ་རེད།

72.མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མི་བཞི”སྟེ། མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་བསམ་བློ་འཛུགས་པ་དང་། མི་ཚང་མས་མི་རིགས་སྲིད་ཇུས་ཤེས་པ། མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་སྐད་ཆ་བཤད་པ།  མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་བྱ་བ་སྒྲུབ་པ་བཅས་བྱེད་དགོས།

73.མི་རིགས་མཐུན་སྒྲིལ་གྱི“ཕན་ཚུན་དྲུག”སྟེ། མི་རིགས་ཁག་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་མྱོང་རོལ། ཕན་ཚུན་བརྩི་འཇོག ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ། ཕན་ཚུན་བཟོད་སྒོམ་བཅས་བྱེད་དགོས།

74.“ཀྲུང་གོའི་ཕུགས་འདུན”གྱི་ངོ་བོའི་ནང་དོན་ནི། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས།  མི་དམངས་བདེ་སྐྱིད་བཅས་ཡོང་བ་བྱ་རྒྱུ་དེ་ཡིན།

75.ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་།  ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་དགོས།

76.“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ནི། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བརྒྱ་འཁོར་སྐབས་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པ་བྱེད་དགོས།

77.རང་རྒྱལ་གྱི་ད་ལྟའི་དུས་རིམ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི། མི་དམངས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ཡིན།

78.ཀྲུང་ཧྭ་མི་རིགས་སྙིང་སྟོབས་ཀྱི་གཞི་རྩའི་ནང་དོན་ནི། རྒྱལ་གཅེས་རིང་ལུགས་དང་། མཐུན་སྒྲིལ་གཅིག་གྱུར། ཞི་བདེར་དགའ་ཞེན། ལས་བརྩོན་དཔའ་ངར། འབད་བརྩོན་ལྷོད་མེད་བཅས་ཡིན།

79.མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་སྒོ་སྤེལ་བའི་སྤྱིའི་དམིགས་ཚད་ནི། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་རིགས་གྲངས་ཉུང་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་གནོད་པའི་གནད་དོན་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱ་དགོས།

80.མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་སྒོ་སྤེལ་བའི་རྣམ་པ་ནི། སྔོན་ཐོན་གསར་གཏོད་དང་ཕུལ་བྱུང་བརྩོན་ལེན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ། རྣམ་པ་སྣ་ཚོགས་ཀྱི་ཆེད་དོན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་སྤེལ་བ། སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱ་དགོས།

81.ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ནི། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བཅས་བྱས་ཏེ་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས།

82.རང་རྒྱལ་གྱི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཀྱི་གཞི་རྩའི་ནང་དོན་ནི། སྤྱི་དམངས་རེ་རེར་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་ལ། ཆོས་ལུགས་ལ་མི་དད་པའི་རང་དབང་ཡང་ཡོད། ཆོས་ལུགས་གང་ལ་དད་པ་རང་དབང་ཡོད་ལ། ཆོས་ལུགས་གཞན་ཞིག་ལ་དད་པའི་རང་དབང་ཡང་ཡོད། ཆོས་ལུགས་གཅིག་ལས་གྲུབ་མཐའ་གང་ལ་དད་པའི་རང་དབང་ཡོད་ལ། གྲུབ་མཐའ་གཞན་ཞིག་ལ་དད་པའི་རང་དབང་ཡང་ཡོད། སྔོན་ཆད་དད་པ་མེད་ཀྱང་ད་ལྟ་དད་པ་བྱེད་པའི་རང་དབང་ཡོད་ལ། སྔོན་ཆད་དད་པ་ཡོད་ཀྱང་ད་ལྟ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད།

83.ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་གཅེས་ཆོས་ལུགས་ལས་རིགས་ཀྱི་མི་དྲག་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་དོན་ནི། ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་དད་མོས་ཐད་ཕན་ཚུན་བརྩི་འཇོག་བྱེད་རྒྱུ་དེ་ཡིན།

84.རང་རྒྱལ་གྱི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པའི་དོན་སྙིང་ནི། ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་བཀག་སྡོམ། སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་ཡིན།

85.ཀྲུང་དབྱང་གིས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་གཞི་རྩའི་བྱེད་ཕྱོགས་ནི། དར་ཆ་གསལ་སྟོན་དང་། མདུང་རྩེ་ཁ་སྤྲོད། རང་འགུལ་ཚོད་འཛིན། མི་སེམས་འགུག་པ། རྨང་གཞི་བརྟན་གཏོང་བཅས་བྱེད་པ་དེ་ཡིན།

86.ཆོས་ལུགས་ལས་རིགས་ཀྱི་མི་དྲག་གསོ་སྐྱོང་བྱེད་པའི་ཚད་གཞི་ནི་ཆབ་སྲིད་ཐོག་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ཡོད་པ། ཀུན་སྤྱོད་ཐོག་ནས་ཀུན་གྱིས་ཁས་ལེན་པ་བཅས་ཡིན་ཞིང་། གནད་འགག་གི་དུས་སུ་ནུས་པ་ཐོན་དགོས་བ་དེ་ཡིན།

87.རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གུང་ཁྲན་ཏང་ཡོན་གྱིས་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་བརྟན་པོ་ཞིག་བྱེད་དགོས་པ་དང་། ཏང་གི་སྒྲིག་ཡིག་གི་གཏན་འབེབས་ནན་སྲུང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་དགོས་པ་བཅས་ཀྱི་ཐོག་ནས་ཆོས་ལུགས་ཁྲོད་རང་ཉིད་ཀྱི་རིན་ཐང་དང་དད་སེམས་གཏན་ནས་འཚོལ་མི་རུང་ཞེས་བཏོན་ཡོད།

88.ཏང་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་གནད་དོན་ཐག་གཅོད་པའི་དུས་ཡུན་རིང་པོའི་རྩ་བའི་སྲིད་ཇུས་ནི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཡིན།

89.ཏང་དང་སྲིད་གཞུང་གིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པའི་རྩ་བའི་འགོ་ཚུགས་ས་དང་དོན་ལ་འབབ་ས་ནི། ཆོས་ལ་དད་པ་དང་ཆོས་དད་མི་བྱེད་པའི་མང་ཚོགས་ཡོངས་རྫོགས་མཉམ་འབྲེལ་བྱས་ཏེ། ཁོང་ཚོའི་འདོད་བློ་དང་སྟོབས་ཤུགས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འབད་འཐབ་དམིགས་འབེན་འདིའི་ཐོག་ཏུ་གོང་བུར་འགྲིལ་དགོས།

90.ལྔ་བཟང་ཆོས་ལུགས་བྱེད་སྒོ་སྤེལ་ས་བསྐྲུན་པའི་གཞི་རྩའི་ཚད་གཞི་ནི། རྒྱལ་གཅེས་ཆོས་གཅེས་དང་། མཐུན་སྒྲིལ་འཆམ་མཐུན་བཟང་བ། སྤྱི་ཚོགས་ལ་ཞབས་ཞུ་ཡག་པ། དཔེ་སྟོན་ནུས་པ་ལེགས་པ། རང་གིས་རང་ལ་དོ་དམ་ཡག་པོ་བྱེད་པ་བཅས་ཡིན།

91.ཆོས་ལུགས་དད་མོས་རང་དབང་དང་ཆོས་ལུགས་རང་དབང་གཉིས་ལ་ངོ་བོའི་ཐོག་གི་ཁྱད་པར་ཡོད་སྟེ། “ཆོས་ལུགས་དད་མོས་རང་དབང”དང“ཆོས་ལུགས་རང་དབང”ནི་གོ་དོན་གཏན་ནས་མི་འདྲ་བ་གཉིས་ཡིན། ཆོས་ལུགས་དད་མོས་རང་དབང་ཞེས་པ་ནི་ཆོས་ལུགས་ལ་དད་པ་བྱེད་པའི་རང་དབང་ཞིག་ཡིན་ཞིང་། སྤྱི་དམངས་ལ་དད་མོས་ཀྱི་རང་དབང་ཡོད་ལ། དད་པ་མི་བྱེད་པའི་རང་དབང་ཡང་ཡོད། གྲུབ་མཐའ་གང་ཞིག་ལ་དད་པ་དང་དད་པ་མི་བྱེད་པ་ནི་རང་དབང་ཡིན་པས་གཞན་གྱིས་བཙན་དབང་བྱེད་མི་རུང་། “ཆོས་ལུགས་རང་དབང”ཟེར་བ་ནི་མི་སྒེར་རམ་རྩ་འཛུགས་ཀྱི་ཆོས་ལུགས་བྱ་སྤྱོད་དང་ཆོས་ལུགས་བྱེད་སྒོ་ཚང་མ་རང་དབང་ཡིན་ཞིང་ཚོད་འཛིན་མི་ཐེབས་པའི་འདོད་ཚུལ་འཛིན་གྱི་ཡོད་ཅིང་། ཆོས་པ་དང་ཆོས་ལུགས་རྩ་འཛུགས་ཀྱིས་ཅི་ཞིག་བྱེད་འདོད་ན་དེ་ལྟར་སྒྲུབ་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ཀྱི་ཚོད་འཛིན་མི་ཐེབས་པ་ཡིན། “ཆོས་ལུགས་རང་དབང”ཟེར་བ་དེ་ནི་ཁུངས་ལུང་གཏན་ནས་མེད་པ་དང་གནོད་པ་ཡོད་པ་ཞིག་ཡིན་པ་མངོན་གསལ་རེད། འཛམ་གླིང་ཐོག་རྒྱལ་ཁབ་གང་གིས་ཀྱང་དེ་ལྟར་བྱེད་དུ་འཇུག་མི་རུང་། ཆོས་ལུགས་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་བརྒལ་མི་རུང་། རྒྱུ་མཚན་ནི་བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱི་འདོད་བློ་དང་མི་རིགས་ཁག་གི་མི་དམངས་ཐུན་མོང་གི་ཁེ་ཕན་གཅིག་སྡུད་ཀྱིས་མཚོན་པ་ཞིག་ཡིན་པས་རེད། “ཆོས་ལུགས་རང་དབང”གི་བླང་བྱ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་ལུགས་ཀྱི་རྩ་དོན་དང་རྒྱབ་འགལ་བྱས་པ་མ་ཟད། ཆོས་ལུགས་ལ་དད་མོས་བྱེད་མཁན་ཚུད་པའི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་ཡང་རྩ་བ་ནས་འགལ་བ་རེད། ང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ནི་ཁྲིམས་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། ཆོས་ལུགས་ཀྱི་བྱེད་སྒོ་ཐམས་ཅད་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས། སྲིད་ཇུས་ཀྱིས་འོས་པའི་ཁྱབ་ཁོངས་སུ་སྤེལ་དགོས།

92.ཁྲིམས་དང་མི་མཐུན་པའི་ཆོས་ལུགས་བྱེད་སྒོའི་མཚན་ཉིད་ནི། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ། སྲིད་ཇུས། ཞིང་ཆེན་གྱི་འབྲེལ་ཡོད་ཆོས་ལུགས་སྲོལ་ཡིག་དང་སྒྲིག་སྲོལ་བཅས་དང་འགལ་བའི་ཆོས་ལུགས་བྱེད་སྒོ་ཡིན་ཕྱིན་ཚང་མ་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་ཡིན།

93.ཆོས་ལུགས་བྱེད་སྒོའི་ནང“ཁྲིམས་འགལ་གསུམ”ཟེར་བ་ནི། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་དང་། ཁྲིམས་འགལ་གྱི་ཆོས་ལུགས་དྲིལ་སྒྲོག་དངོས་རྫས། ཁྲིམས་འགལ་གྱི་ཆོས་ལུགས་དྲ་བའི་བརྒྱུད་སྒྲོག་བཅས་སྤེལ་བ་ལ་ཟེར།

94.ཁྲིམས་སྐྱོང་ནི་མཚོ་སྔོན་བཅོས་སྐྱོང་དང་སྲིད་དོན་སྐྱོང་བའི་གཞི་རྩའི་བྱེད་ཐབས་ཤིག་ཡིན། ཁྲིམས་ལྟར་མི་རིགས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ནི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཐབས་ཇུས་ལག་བསྟར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་བཅའ་ཁྲིམས་ཀྱི་མདུན་དུ་མི་རིགས་ཀྱི་གྲུབ་ཆར་དམིགས་བསལ་མེད་པ་དང་། ཆོས་དད་ལ་དམིགས་བསལ་མེད་པ། ལས་རིགས་ཀྱི་ཐོབ་ཐང་ལ་དམིགས་བསལ་མེད་པ་བཅས་དང་། སུ་ཞིག་ཡིན་རུང་བཅའ་ཁྲིམས་ལས་བརྒལ་བའི་དམིགས་བསལ་དབང་ཆ་མེད་པ་བཅས་ཤེས་སུ་འཇུག་དགོས་པ་དང་། རང་རྟོགས་ཀྱིས་ཁྲིམས་སྲུང་དང་། དོན་དག་བྱུང་ཚེ་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་པར་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཞིག་དོན་དངོས་ནས་ཆགས་སུ་འཇུག་དགོས།

95.མཚོ་སྔོན་ཞིང་ཆེན་ཏང་ཨུའི“ལྔ་བཞིའི”འཐབ་ཇུས་ནི། “ཏན་ཏན་ཏིག་ཏིག་བཞི”དང་། “འགྱུར་ལྡོག་བཞི”“ཅན་བཞི་མཉམ་བགྲོད”“སྔར་བས་བཞི”“འཇོན་ཐང་རིགས་བཞི”བཅས་ཡིན།

“ཏན་ཏན་ཏིག་ཏིག་བཞི”ནི། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་བཅོས་ཏན་ཏིག་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས།

“འགྱུར་ལྡོག་བཞི”ནི་དཔལ་འབྱོར་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་སྟོབས་ཆེའི་ཞིང་ཆེན་དུ་འགྱུར་བ་དང་། མི་འབོར་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོར་འགྱུར་བ། ས་གནས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ཞིབ་འཇུག་བྱེད་པ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་འདྲེས་བར་འགྱུར་ལྡོག་གཏོང་བ། རོང་འབྲོག་མང་ཚོགས་རྐྱང་པའི་འདེབས་འཛུགས་དང་། གསོ་ཚགས། སྐྱེ་ཁམས་ལྟ་སྐྱོང་བཅས་ནས་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་བཟང་པོ་འཁོར་རྒྱུར་འགྱུར་ལྡོག་གཏོང་བ་བཅས་བྱེད་དགོས།

“ཅན་བཞི་མཉམ་བགྲོད”ནི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་ཅན་བཅས་དུས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

“སྔར་བས་བཞི”ནི་སྔར་བས་འབྱོར་ཕྱུག་དང་། སྔར་བས་དཔལ་ཡོན། སྔར་བས་འཆམ་མཐུན། སྔར་བས་བདེ་སྐྱིད་བཅས་ཀྱི་མཚོ་སྔོན་གསར་པ་ཞིག་སྐྲུན་རྒྱུ་དེ་ཡིན།

“འཇོན་ཐང་རིགས་བཞི”ནི་སློབ་སྦྱོང་དང་ཆབ་སྲིད་ཀྱི་མགོ་ཁྲིད་འཇོན་ཐང་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་བ། ཁྲིམས་ལྟར་སྲིད་སྐྱོང་དང་མང་ཚོགས་ཀྱི་བྱ་བའི་འཇོན་ཐང་ཆེ་རུ་གཏོང་བ། དོན་འཁྱོལ་དམ་འཛིན་དང་ཉེན་ཁར་ཁ་ལོ་སྒྱུར་བའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱ་དགོས།

96.མཚོ་སྔོན་ཞིང་ཆེན་གྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ནི། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འགྲོ་བ་རྒྱུན་འཁྱོངས་དང་། སྤུས་ལེགས་ཚད་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤུས་ལེགས་ཚད་མཐོའི་འཚོ་བ་གཏོད་པ་དེ་ཡིན། དཔེ་སྟོན་ཞིང་ཆེན་ལྔ་ནི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་དང་། རྒྱལ་ཁབ་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན། མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་བཅས་འཛུགས་སྐྲུན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གཏོད་རྒྱུ་བཅས་རེད།

97.ཟླ9ཚེས23ཉིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་དུ་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གཏོད་རྒྱུའི་སྐུལ་སློང་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད། ཚོགས་འདུའི་ཐོག《རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གཏོད་རྒྱུའི་སྐོར་གྱི་གཏན་འབེབས》བཏོན་པ་རེད། ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་རྒྱུའི་ཐད་བླང་བྱ་བཏོན་ཡོད་པ་ནི། མི་རིགས་ལས་དོན་ལ་མཐོང་ཆེན་དང་ཞིབ་འཇུག་བྱེད་པ་དང་། མི་རིགས་ལས་དོན་ལ་རྒྱུས་མངའ་དང་ཁོང་དུ་ཆུད་པ། མི་རིགས་ལས་དོན་འཚོལ་ཞིབ་དང་གསར་གཏོད་བྱེད་པ། མི་རིགས་ལས་དོན་མཐོར་འདེགས་དང་ཤུགས་སྣོན་རྒྱག་དགོས་ཟེར།

98.མཚོ་བྱང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལོ་ལྔའི་རིང་སླར་ཡང་མཐོ་རུ་གཏོང་བའི་བྱ་བའི་དམིགས་ཚད་ནི། “ཐུན་མོང་དུ་ཡོད་པའི་བསམ་པའི་ཁྱིམ་གཞིས་དང་། བདེ་འཇགས་བརྟན་ལྷིང་གི་འཆམ་མཐུན་ཁྱིམ་གཞིས། བདེ་སྡོད་ལས་གཉེར་ལ་འཚམ་པའི་བདེ་སྐྱིད་ཁྱིམ་གཞིས”བཅས་ཀྱི་ཁྱིམ་གཞིས་གསུམ་གྱི་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་འཛུགས་པའི”འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཁྲིམས་ལྟར་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་ཡིན་པ། “རྨང་གསུམ”འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བཅས་བྱས་ཏེ།  གསར་འཛུགས་བྱ་བའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་བཅས་ཡིན།

གསར་འཛུགས་དཔེ་སྟོན་ལས་ཁུངས100དང་། ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི4ཡོད་པ་དང་། ལས་ཁུངས་དངསྡེ་བ། སྡེ་ཁུལ། སློབ་གྲྭ དགོན་སྡེ། དམག་སྒར་བཅས་ཀྱི་ཚད་གཞི་ལོན་ཚད95%ཡན་ཟིན་ཡོད་ལ། རོང་འབྲོག་དུད་ཚང80%དང་མཁར་གྲོང་གི་ཁྱིམ་ཚང60%“སྐར་ལྔའི་དཔལ་ཡོན་དུད་ཚང”དུ་གསར་བསྐྲུན་བྱས་ཤིང་། ཁུལ་ཡོངས་ཀྱི་རྫོང་བཞི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་དུ་ཚུད་ཡོད་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ནི་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་བོད་ཁུལ་གྱི་མདུན་གྲལ་དུ་བསྐྱོད་ཡོད།

99.མཚོ་བྱང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོའི་བཟོ་སྐྲུན་བཞི་སྟེ། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པར་ཕྱོགས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་བཟོ་སྐྲུན་ལག་བསྟར་དང་། གཞོན་ནུ་ལོ་ཆུང་ལ་ཁ་ཕྱོགས་ནས་རྨང་གཞི་སྐྲུན་པའི་བཟོ་སྐྲུན་ལག་བསྟར། ཆོས་ལུགས་ཀྱི་ཆོས་སྤེལ་མི་སྣར་ཕྱོགས་ནས་ཁྲིད་སྟོན་བཟོ་སྐྲུན་ལག་བསྟར། རོང་འབྲོག་པར་ཕྱོགས་ནས་རྨང་གཞི་བརྟན་གཏོང་བཟོ་སྐྲུན་ལག་བསྟར་བྱས་པ་བཅས་རེད།

100.མཚོ་བྱང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི“བཅུ་སྐྱོད”བྱེད་སྒོ་ནི། ཁྱིམ་ཚང་དང་ལས་ཁུངས། ཁེ་ལས། སྡེ་ཁུལ། ཡུལ་གྲོང་། སློབ་གྲྭ།  དགོན་སྡེ། དམག་སྒར། ཁྲོམ་ར། དྲ་རྒྱ་བཅས་སུ་སྐྱོད་པ་བཅུ་ཡིན།


མཉམ་སྤྱོད།