མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཨ་རིག་གི་བསང་མཆོད་བཀྲ་ཤིས་གཡས་འཁྱིལ།

2022-12-29 15:59:26   |   249

རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ། (ལན་གསུམ)  

མཆོད་འགོ་གཅིག་གཉིས་གསུམ་ བཞི………བཅུ་གསུམ་མཆོད།  

བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ།  ཆོས་སྐྱོང་སྲུང་མ།  ཡུལ་ལྷ་གཞི་བདག་མཆོད།

ཀྱེེ……སྐལ་ལྡན་ཐར་བར་འཁྲུངས་པའི་ས་མཁན་བླ་ན་མེད་པ།     འཛམ་གླིང་རྒྱན་དྲུག་མཆོག་གཉིས།  རྒྱ་གར་གྲུབ་ཆེན་བརྒྱད་ཅུ།  སྤྲུལ་བའི་ཆོས་རྒྱལ་མེ་དཔུང་།  མཁན་སློབ་ལོ་པཎ་གྲགས་མེད།  ལྔ་བརྒྱའི་གཙུག་རྒྱན་ཇོ་འབྲོམ་ཡབ་སྲས་སོགས།  གངས་ཅན་མཁས་པ་གཙུག་རྒྱན་རྒྱལ་བ་བློ་བཟང་གྲགས་པ།  རྒྱལ་ཚབ་དར་མ་རིན་ཆེན།  འཇམ་མགོན་གཙང་བ་བདུན་བརྒྱད།  རྒྱལ་དབང་བར་སྐུ་འཆང་བ་རིམ་བྱོན།  སྣང་མཐའི་སྡོས་ཀར་པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས།  ཁྱད་པར་དུ་དྲིན་  ཆེན་རྩ་གྱུར་གྱི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་གཙང་བ་ཕུལ་བའི་བསང་  མཆོད་རྒྱ་ཆེན་པོ་འདི་། (ལན་གསུམ)

འོག་མུན་སྟུག་པོ་བཀོད་པའི་ཞིང་ན་བཞུགས་པའི།  རྒྱལ་བོ་རྡོ་རྗེ་འཆང་སོགས།  ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་ཆོས་དབྱིངས་ལྷུན་གྱིས་གྲུབ་པའི་ཞིང་མཆོག་ན་བཞུགས་པའི་ཕ་རྒྱུད་གསང་བ་འདུས་པ།  མ་རྒྱུད་འཁོར་ལོ་བདེ་མཆོག  དཔལ་ཆེན་རྡོ་རྗེ་འཇིགས་བྱེད།  ཉམས་མེད་དུས་བཞིའི་འཁོར་ལོ་སོགས།  གསང་ཆེན་རྒྱུད་སྡེ་བཞིའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ། (ལན་གསུམ)

རྒྱལ་ཀུན་སྙིང་རྗེ་རང་གཟིགས་འཕགས་མཆོག་ཕྱག་ན་པདྨ།  མ་རུང་སྡིག་པ་འདུལ་ཕྱིར།  གནོད་སྦྱིན་དྲག་པོ་སྐུ་བཞེངས་པ།  གནམ་ལྕགས་ཐོག་རྒོད་བཞིན་ཏུ་དྲག་རྩལ་ཆེ་ཞིང་།  གློག་དམར་ཞགས་པ་ལས་ཀྱང་འཕྲིན་ལས་མྱུར་བའི་ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད་ཤིང་ཙན་ཏན་རྐང་གཅིག་གི་དྲུང་ན་བཞུགས་པའི་བསྟན་སྲུང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ།  དགོས་འདོད་ཆར་ལྟར་འབབ་པའི་མགོན་པོ་ཡིད་བཞིན་ ནོར་བུ།  མ་གཅིག་དཔལ་ལྡན་ལྷ་མོ།  གནོད་སྦྱིན་ཁྱི་ཁྲ་བ་ལ།  དབང་ཕྱུག་ཛི་ན་མི་ཏྲ།  གཤིན་རྗེ་ཊཀྐི་ར་ཛ།  བདུད་མགོན་དྲཀྴད་ནག་པོ།    གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་བོ་བཀའ་སྡོད་དམ་ཆེན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ།(ལན་གསུམ)

ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན་བཞུགས་ནས།  ཡི་དྭགས་ཀུན་གྱི་སྡེ་དཔོན་།  མ་མོ་ཀུན་གྱི་ཚོགས་རྗེ།  སྐྱེ་འགྲོ་ཡོངས་ཀྱི་དབུགས་ལེན།  མཐུ་དང་སྟོབས་ཀྱི་བདག་པོ།  སངས་རྒྱས་བསྟན་པའི་སྲུང་མ།  གཤིན་རྗེ་ཆོས་ཀྱི་རྒྱལ་བོ།  ཡུམ་མཆོག་ཙཱམུནྚ། ཡ་བ་ཏི་ལ་སོགས་པའི་གཤེན་རྗེ་ཕོ་བརྒྱད།  ཕོ་ཉ་མོ་ལ་སོགས་པའི་གཤེན་རྗེ་  འཁོར་ཚོགས་གྲངས་ལས་འདས་པ་ཁྱེད་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ།(ལན་གསུམ)

བྱང་རི་དམར་པོ་རྔམ་ཞིང་བརྗིད་པ།  བྱང་ཐང་དམར་པོ་བདེ་ཞིང་གཤོང་བ།  མི་རོ་རྟ་གཅལ་དུ་བཀྲམ་པ།  མི་ཁྲག་མཚོ་རུ་འཁྱིལ་བ།  བྱང་ཤར་མི་ལེ་དུང་གི་མཚོ་ནང་།  རང་སྣང་དག་པའི་གཞལ་ཡས་ཁང་ཆེན་པོའི་ནང་ཤེལ་ན་བཞུགས་ནས་མ་གཅིག་དཔལ་ལྡན་དམག་ཟོར་གྱི་རྒྱལ་ མོ་རེ་མ་ཏི།  སྔ་ཕྱིར་རྒྱག་པའི་གདོང་ཅན་རྣམ་གཉིས།  འཁོར་ཚོགས་དུས་བཞིའི་རྒྱལ་མོ།  བོད་ཡུལ་སྐྱོང་བའི་ཚེ་རིང་མཆེད་ལྔ།  འཛམ་གླིང་ བསྟན་མ་བཅུ་གཉིས་སོགས་གང་འདོད་འཕྲིན་ལས་ཐོགས་མེད་དུ་འགྲུབ་པའི་རྒྱལ་བོའི་བསྟན་སྲུང་ཆེན་མོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ།(ལན་གསུམ)

རི་རྒྱལ་ལྷུན་པོའི་བྱང་ཕྱོགས།  ལྕང་ལོ་ཅན་གྱི་ཕོ་བྲང་།  སེང་ཆེན་འགྱིང་བའི་གདན་སྟེང་ན་བཞུགས་ནས།  གནོད་སྦྱིན་བྱེ་བའི་སྡེ་དཔོན།  ཛམ་བྷ་ལ་དང་གང་བ་བཟང་བོ།  ནོར་བུ་བཟང་དང་ཀུ་བེ་ར་ནི།  ཡང་དག་ཤེས་དང་འབྲོག་གནས་ཆེན་པོ།  ལྔའི་རྩེན་པི་ཙི་ཀུནྚ་ལི་སོགས།  ས་བརྒྱད་ཐོབ་པའི་བྱང་ཆུབ་སེམས་དཔའི་སྤྲུལ་བ།  ཅི་བསམ་འགྲུབ་པའི་གྲོགས་ལྷ།  དངོས་གྲུབ་སྩོལ་བའི་ནོར་ལྷ།  བྱང་ཕྱོགས་སྐྱོང་བའི་རྒྱལ་བོ་ ཆེན་པོ་རྣམས་མང་ཐོས་སྲས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ། (ལན་གསུམ)

ཀྱེེ……ཉི་མ་བྱང་ཤར་མཚམས་ཤེལ།  འདབས་ན་ཁྲག་གི་མཚོ་ཆེན་འཁྱིལ་ཞིང་།  ཕུ་ན་ཟགས་ཀྱིས་བྲག་རི་བརྩགས་པ།  ཁོར་ཡུག་ཟགས་ཀྱིས་ལྕགས་རི་བསྐོར་བ།  གསེང་མཁར་སྨུག་པོ་མཆོང་གི་བ་དན་ཅན།   ཐོགས་པ་བརྩིགས་པའི་གཞལ་ཡས་ཁང་ཆེན་པོའི་ནང་ཤེལ་ན་བཞུགས་ པའི་གནོད་སྦྱིན་གྲགས་པ་ལྕམ་སྲིང་།  མ་ཅིག་སྲིད་པའི་ལྷ་མོ་གདོང་དམར་མ།  འཁོར་གྲི་ཐོགས་བརྒྱད་དང་ཤན་པ་ཉེ་གཅིག་ལ་སོགས་པ་   ཁྱེད་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ། (ལན་གསུམ)

ཁྱད་པར་དུ་མཚོ་སྐྱེས་རྡོ་རྗེ་བཀའ་ཉན།  པད་མ་དབང་གི་བཀའ་སྲུང་།  བདྡྷུ་ཧོར་གྱིས་གོར་བདག  བསམ་ཡས་ཆོས་འཁོར་བསྲུང་མ།    གནས་ཆུང་རྒྱལ་བ་རིགས་ལྔ།  སྣང་སྲིད་དྲག་པོའི་སྡེ་དཔོན།  བྱང་ཕྱོགས་ཐུགས་ཀྱི་རྒྱལ་པོ།  ཤར་ཕྱོགས་སྐུ་ཡི་རྒྱལ་པོ།  ལྷོ་ཕྱོགས་ཡོན་ཏན་གྱི་རྒྱལ་པོ།  ནུབ་ཕྱོགས་གསུང་གི་རྒྱལ་པོ།  བྱང་ཕྱོགས་འཕྲིན་ལས་ཀྱི་རྒྱལ་པོ།  རྒྱལ་པོ་སྐུ་ལྔ་གསུང་པའི་ཡུམ་ཆེན་རྣམས་ལྔ།  བཀའ་ཡི་བློན་ཆེན་སྡེ་ལྔ།  སྲོག་གཅོད་རི་འདྲེན་སྡེ་ལྔ།  སྤྲུལ་བའི་ལྷ་སྲིན་སྡེ་བརྒྱད།  གཞན་ཡང་ཁྱད་པར་དུ་རང་ཅག་རྣམས་ཀྱིས་རྟེན་ཞིང་མཆོད་པའི་སྲུང་མ།  རྒྱལ་   པའི་བསྟན་སྲུང་ཡོངས་ཀྱི་རྗེ་བོ།  མཐུ་ལྡན་སྣང་སྲིད་དྲག་པོའི་སྡེ་དཔོན། པད་མ་ཐོད་ཕྲེང་རྩལ་གྱིས་བཀའ་ཉན།  གཙུག་ལག་ཆོས་འཁོར་ཀུན་གྱི་བདག་པོ། བྱང་ཕྱོགས་འཕྲིན་ལས་ཀྱི་རྒྱལ་པོ།  གསང་ཡུམ་བདུད་གཟའ་སྨིན་དཀར།  བཀའ་བློན་པ་ཏྲ་ནག་པོ།  ཕྱོགས་བཞིའི་རི་འདྲེན་སྡེ་བཞི།  གནོད་སྦྱིན་ཙིའུ་དམར་སོགས་གནམ་ལྕགས་ཐོག་རྒོད་བཞིན་དུ་དྲག་རྩལ་ཆེ་ཞིང་།  གློག་དམར་ཞགས་པ་ལས་ཀྱང་འཕྲིན་ལས་མྱུར་བའི་རང་ཅག་ཨ་རིག་གྲོང་རི་དགོན་གཉིས་ཀྱི་རྟེན་ཞིང་མཆོད་པའི་སྲུང་མ་བྱང་ཕྱོགས་འཕྲིན་ལས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ། (ལན་གསུམ) 

བོད་མགོ་ནག་གི་སྐྱབས་རེས་ས།  ས་གནས་གོང་མ་རྒྱལ་མོ།  ས་བཅུ་བ་ཐོབ་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཨ་མྱེས་རྨ་རྒྱལ།  འཛམ་གླིང་ས་ཡི་ལྟེ་བ།  མདོ་སྨད་ཡུལ་དྲུག་གི་གོང་བ་ན་བཞུགས་པའི།  སྲིད་པ་ཆགས་པའི་ལྷ་རབས།  རྗེ་ཙོང་ཁ་བའི་བསྟན་སྲུང་།  གསང་ཡུམ་གོང་སྨིན་ལྷ་རི།  ནུ་བོ་དགྲ་འདུལ་དབང་ཕྱུག  དཔའ་བོའི་སྲས་དང་སྲས་མོ།  ཕྱོགས་བཞིའི་གཉན་ཆེན་སྡེ་བཞི།  རྨ་རིགས་སུམ་བརྒྱ་དྲུག་ཅུ།  རྨ་འཁོར་སྟོང་ར་ལྔ་བརྒྱ།  ཞང་བློན་ཧ་ཧ་བྲག་རི།  བློན་པོ་དགོས་ཐུང་བྲག་དཀར།  གཉེར་མགྲོན་གྱི་ཞྭ་དཀར།  ཨ་མཆོད་ཁ་ཚིར་བ་ནི།  དགྲ་ལྷའི་རྒྱལ་པོ་ དགྲ་འདུལ་དབང་ཕྱུག  གཉན་ཆེན་སྔོ་ལ་གཡུ་རྩེ། སྒོ་སྲུང་སྲིན་པོ་ཀླུ་དྲེས།  མཛོད་སྒོ་གསུམ་གྱི་བདག་པོ།  མཛོད་བདག་ཧ་རེ་དྲེལ་དཀར།   གཏེར་སྒོ་གསུམ་གྱི་བདག་པོ།  གཏེར་བདག་ཕ་ལོང་དྲི་བཞི།  གནས་ཁམས་ཆེན་སྒོ་མའི་སོ་རྒྱ་དྲུག  ཁྱེད་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ། (ལན་གསུམ)

སངས་རྒྱས་ཀུན་དངོས་པདྨ་འབྱུང་གནས།  མདོ་སྨད་ཤར་ཕྱོགས་བསྲུང་ཞིང་སྐྱོང་བའི།  གཉན་ཆེན་ཕོ་ལྷ་རག་པོ།  སྣང་སྲིད་གྲགས་ལྡན་ཡོངས་ཀྱི་རྗེ་བོ།  བདུད་མགོན་ཊ་ནག་པོ།  གཉན་ཆེན་སྔོན་ལྷ་གཡུ་རྩེ།  གཉན་རྒོད་དྲེགས་པའི་རྒྱལ་པོ།  ཕོ་བ་རོག་པའི་སྐྱེ་འགྲོ།  ཡུམ་གཉན་མ་མ་ལུ་གུ།  སྲས་གཉན་མཐོ་རིས་རྒྱལ་པོ།  སྦེབ་རི་ལྷ་བྲག་དར་རྒྱན་སྤུན།  ཞལ་དཀར་མགོ་དཀར་མགོ་སྔོན་གཉན་དམག་སྐྱ་མི་བརྒྱ་འཁོར་དང་བཅས་པ་གཏུམ་དག་རྔམས་ཤིང་བརྗིད་པའི་འཁོར་ཚོགས་འབུམ་གྱིས་སྐོར་ནས།  ཁྱད་པར་དུ་རང་རེས་བྱང་ཕྱོགས་སུ་གདན་དྲངས་ནས་སྲས་གཉན་མཐོ་རུས་རྒྱལ་པོ།  ཁྱེད་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ།(ལན་ གསུམ)

ཀྱེེ……ནུབ་ཕྱོགས་ཕ་བོང་ལུང་བའི་སྐུ་མཁར།  འཇའ་ཚོན་སྣ་ལྔའི་གུར་ཁྱིམ།  རང་སྣང་དག་པའི་གཞལ་ཡས་ཁང་ཆེན་པོའི་ནང་ཤེལ་ན་བཞུགས་ནས་སྡེ་བརྒྱད་ཀུན་གྱི་རྗེ་བོ།  ལྷ་དམག་ཀུན་གྱི་རུ་འདྲེན། གནམ་ས་ཕྱེད་ཀྱི་བདག་པོ།  སྐྱེ་མཆོག་རྡོ་རྗེ་ལགས་པ།  ཐུགས་སྤྲུལ་མགར་བ་ནག་པོ།  ལས་མཛོད་གངས་ཆེན་སྡེ་བཞི།  དགྱེས་སྡེ་བསྟན་མ་བཅུ་གཉིས།  མཆེད་འཁོར་སུམ་བརྒྱ་དྲུག་ཅུ།  བཀའ་ཡི་ལྷ་སྲིན་སྡེ་བརྒྱད།   ཐེའུ་རང་མོད་པ་སྟོང་སྡེ་ལ་སོགས་པ།  དམ་སྙམ་དྲག་ལྷ་ཐོག་ལྟར་རྒྱུག་  ཅིང་།  སྣང་སྲིད་འཕྲུལ་གྱིས་ཁ་ལོ་བསྒྱུར་བའི།  དམ་ཅན་སྐྱེ་བུ་ཆེན་པོ།  སྐྱེ་མཆོག་རྡོ་རྗེ་ལགས་པ།  ཐུགས་སྦྲུལ་མགར་བ་ནག་པོ།  ཁྱེད་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ།(ལན་གསུམ)

ཀྱེེ……རྒྱ་བོད་གཉིས་ཀྱི་ས་མཚམས།  རྨ་ཆུ་སྔོན་མོའི་གཡས་འགྲམ།  གྲགས་པ་གསེར་སྨུག་འཐིབས་པའི་རྫོང་ནང་ན་བཞུགས་ནས།  གོས་མང་ནག་གི་ན་བཟའ་བནབས་ནས།  ར་རོག་རོག་གི་ཤ་ཁྲག་བཞེས་ནས།     དྲེལ་དཀར་གྱི་ཅིབས་པ་བཅིབས་ནས།  རླུང་དཀར་གྱི་གཤོག་པ་ཐོགས་ནས།  སྐད་ཅིག་གི་ཡུལ་ལ་ཕེབས་ནས།  ཐེངས་གསུམ་བོས་ན་སྐྱིས་གསུམ་རྒྱག་ནས།  ཁྲི་ཀའི་ཤ་འབུམ་གྱི་རྒྱལ་པོ་ཨ་མྱེས་ཡུལ་ལྷ།  གཡས་ན་ཤན་པ་ཙི་ཐུང་།  གཡོན་ན་ཤན་པ་ར་མགོ།  སྤྲུལ་པའི་བློན་ཆེན་སྡེ་བཞི།  བཀའ་ཉན་བྲམ་གཡོག་བཅུ་གསུམ་སོགས།  བཀའ་བློན་འཁོར་ཚོགས་དང་བཅས་པ་ལས་ལ་རྔམ་པ།  དྲག་ཕོ་རྩལ་མྱུར་མགྱོགས་ཀྱི་བདག་པོ་ཁྱེད་ རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ། (ལན་གསུམ)

གཞན་ཡང་རྫ་རི་བྲག་རིའི་གཡས་ནས་བསྐོར་བ།  གཡའ་རི་སྤང་རིའི་གཡོན་ནས་བསྐོར་བ།  སྤང་རྒྱན་མེ་ཏོག་འཇའ་ལྟར་བཀྲ་བ།  དངོས་གསལ་ཆུ་ཀློང་ལྷང་ལྷུང་འབབ་པ།  ལྗོན་ཤིང་ནགས་ཚལ་ལྡེམ་ལྡེམ་གཡོ་བ།  བྱ་རིགས་སྣ་ཚོགས་སྐད་སྙན་སྒྲོག་པ།  རྩྭ་ཤིང་སྨན་གྱིས་དྲི་བཟང་འཐིབས་པ།  རི་དྭགས་མང་པོ་བག་ཡངས་རྒྱུ་བ།  ན་བུན་དཀར་པོ་བླ་བྲང་ཕྱོགས་ཀུན་ཏུ་འཁྲུགས་པ།  ཆར་སྤྲིན་ནག་པོའི་གུར་ཁང་རྒྱུན་དུ་ཕུབ་པ།  གཡའ་རི་སྔོན་མོའི་རྩེ་མོ་དགུང་ལ་བསྙེགས་པའི།  མདོ་སྨད་ས་འཛིན་ཡོངས་ཀྱི་རྒྱན་གཅིག་པུ།  དགེ་མཚན་བཅུ་ལྡན་ས་ཡི་ཐིག་ལེ།     མདུང་རྩེ་ཞེས་དྲག་ལྷུན་པོ་ལྟར་བརྗིད་པ། ཕྱིར་བལྟས་ས་འཛིན་གྱི་དབང་པོའི་རྣམ་པ་ལ།  ནང་བལྟས་གཞལ་མེད་ཁང་བཟང་གི་དབུས་ན།  ས་བརྒྱད་བྱང་ཆུབ་སེམས་དཔའི་སྤྲུལ་བ།  ཅི་བསམ་འགྲུབ་པའི་གྲོགས་ལྷ།  དངོས་གྲུབ་སྩོལ་བའི་ནོར་ལྷ།  དཀར་ཕྱོགས་སྐྱོང་བའི་ཁ་འཛིན།  མགོན་པོ་བདུད་ཀྱི་གཉའ་ཤིང་།  བཀྲ་ཤིས་ལྷ་རི་དཀར་པོ།  རང་ཅག་གྲོང་རི་དགོན་གཉིས་ཀྱི་བརྟེན་ཀྱང་མཆོད་པའི་སྲུང་མ།  དཀར་ཕྱོགས་སྐྱོང་བའི་ཨ་མེས་དུང་སོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ།(ལན་གསུམ)

  སྟོད་ཀྱི་གངས་དཀར་ཕྱོགས་ལས་རྣམ་རྒྱལ།  སྨད་ཀྱི་གངས་དཀར་བསམ་པའི་དོན་འགྲུབ།  མདོ་ལ་རིང་མོའི་རི་རྒྱུད་ན་བཞུགས་ནས་གངས་ དཀར་ཡིད་བཞིན་གྱི་ནོར་བུ།  གངས་ཕྲུག་བསམ་པའི་དོན་འགྲུབ། གཡས་ན་གངས་སེང་དཀར་མོ་གངས་ནས་འགྱིངས་འདྲ།  གཡོན་ན་རྒྱ་སྟག་ངར་མོ་ནགས་ནས་མཆོངས་འདྲ། ང་ཨ་རིག་འཚོ་བ་བཅུ་གཅིག་གི་སྐྱེ་ལྷ་ཁྱེད་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ།(ལན་གསུམ)

ཁྱེད་རྣམས་མཆོད་ཅིང་གསོལ་བ་བཏབས་པའི་མཐུས།  བདག་སོགས་གང་དེར་གནས་པའི་ས་ཕྱོགས་དེར།  ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།  ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།


མཉམ་སྤྱོད།