མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཨ་མྱེས་སྟོང་སོའི་བསང་མཆོད།

2022-12-29 16:00:58   |   222

༈ ཡིད་འོང་ས་འཛིན་ཕྲེང་བའི་ཡོངས་བསྐོར་བའི།།  དགེ་མཚན་བཅུད་ལྡན་ས་ཡི་ཐིག་ལེ་མཆོག།  མདུང་རྩེ་ཞེས་གྲགས་ལྷུན་པོ་ལྟར་བརྗིད་པའི།། མཐུ་ལྡན་དྲེགས་པའི་སྡེ་དཔོན་འཁོར་བཅས་ཀྱིས།། གཙང་མ་ཕུད་ཀྱི་བསང་མཆོད་འདི་བཞེས་ལ།། མི་མཐུན་རྒུད་པའི་སྨག་རུམ་ཀུན་ཞི་ཞིང་།། ཁྲིམས་ལྡན་མཆོད་ཡོན་ཆོས་སྲིད་འབྱོར་བའི་ཚོགས།། མ་ལུས་གཡང་དུ་འདུ་བའི་འཕྲིན་ལས་མཛོད།། མདོར་ན་མཆོག་གསུམ་བདེན་པའི་བྱིན་རླབས་དང་།། རྟེན་འབྱུང་བསླུ་བ་མེད་པའི་ཆོས་ཉིད་ཀྱིས།། དཀར་ཕྱོགས་སྐྱོང་བའི་མཐུ་སྟོབས་གཟི་བྱིན་རྒྱས།། འགྲོ་རྣམས་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིག།  ཅེས་པ་འདི་ནི་དཔའ་རིས་དགེ་བཤེས་བློ་བཟང་རབ་གསལ་གྱིས་ཨ་རིག་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་ནས་སྦྱར་བའོ།།


མཉམ་སྤྱོད།