མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཨ་མྱེས་སྟོང་སོའི་བསང་མཆོད་དངོས་གྲུབ་ཀུན་སྩོལ།

2022-12-29 16:01:48   |   201

༈ ཀྱཻ༔འཛམ་གླིང་ཡངས་པའི་རྒྱལ་ཁམས་བྱང་གི་ཕྱོགས།། གནས་མཆོག་ཧོར་གྱི་ས་ཡི་གོང་བ་ན།། རབ་མཛེས་ལྷུན་པོ་གནས་བདག་སྟོང་སོ་ཁྱོད།། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱི།། ཕྱག་གཡས་གྲི་གུག་འཛིན་པས་དགྲ་བགེགས་འདུལ།། གཡོན་པས་རིན་ཆེན་གསེར་གྱི་གཞོང་བ་འཛིན།། རྐང་ལ་སག་ལྷམ་སྐུ་ལ་ཁྲབ་རྨོག་གསོལ།། རྟ་མཆོག་སྔོ་ནག་གསེར་གྱི་སྒ་སྲབ་མཛེས།། ཁྱད་པར་དཔའ་མོ་འབུམ་སྡེ་བཅས་པ་རྣམས།། འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ།། སློབ་དཔོན་དམ་པས་བཀའ་བསྒོས་གཉེར་དུ་གཏད།། དམ་ཚིག་ཚུལ་བཞིན་སྐྱོང་བའི་གནས་བདག་ཁྱོད།། གཙང་མ་ཕུད་ཀྱི་བསང་གསུར་འདི་བཞེས་ལ།། འཇམ་མགོན་བློ་བཟང་རྒྱལ་བའི་བསྟན་པ་དང་།། ཆོས་སྡེ་ཆེན་པོ་དགའ་ལྡན་ཆོས་འཕེལ་གླིང་།། གནོད་ཅིང་འཚེ་བར་བྱེད་པའི་བསྟན་དགྲ་རྣམས།། ཐལ་བའི་རྡུལ་བཞིན་བརླགས་པའི་འཕྲིན་ལས་མཛོད།།  ཁྱད་པར་གནས་བདག་གནོད་སྦྱིན་ཞལ་དྲོ་ཁྱོད།། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས།། དངོས་གྲུབ་སྩོལ་ཞིང་བར་ཆད་སེལ་བར་མཛོད།། ལས་བཞིའི་འཕྲིན་ལས་དངོས་གྲུབ་མ་ལུས་སྩོལ།། ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག། ཅེས་འདི་ནི་གདོང་ངན་ཞེས་པ་མེ་སྤྲེལ༼ ཕྱི་ལོ༡༩༥༦༽ལོའི་དབྱར་ཁར་དངུལ་རྭའི་དགེ་བཤེས་བསྟན་འཛིན་རྒྱ་མཚོས་ཨ་རིག་དགོན་ཆེན་དུ་སྦྱར་བའོ།།


མཉམ་སྤྱོད།