མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བློན་པོ་བྱ་རྒོད་ཀྱི་བསང་མཆོད།

2022-12-29 16:04:36   |   225

ཞ་ལུ་བ་ཚང་གིས་བརྩམས་པའི་བློན་པོ་བྱ་རྒོད་ཀྱི་བསང་ཡིག 

གསོར་གཏོར་གཉེན་པོ་རྡོ་རྗེ་གཡུ་རྒྱལ་དང་།། 

བཙུན་མོ་དམར་ཡག་ཀླུ་མོ་གཏེར་གྱི་བདག།

བློན་པོ་བྱ་རྒོད་སྤུངས་བ་ལ་སོགས་པ།། 

གཡས་རི་གཡོན་རི་མདུན་རི་རྒྱབ་རི་དང་།། 

ས་འདིར་གནས་པའི་མཁའ་འགྲོ་ཆོས་སྐྱོང་ཚོགས།།  

གཙང་མ་ཕུད་ཀྱི་བསང་གསུར་འདི་བཞེས་ལ།།

བདག་གི་བསམ་དོན་འགྲུབ་པའི་འཕྲིན་ལས་མཛོད།། 

ང་།  རྡོ་རྗེ་གཡང་རྒྱལ་གྱི་བསང་མཆོད། 

རྡོ་རྗེ་གཡང་རྒྱལ་ནོར་བུ་གཡུ་རྩེ་སོགས །། 

བྱང་རི་བར་དམ་གནས་་བདག་ཚོགས་རྣམས་ཀྱི།། 

དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་འདི་བཞེས་ལ།། 

བདག་ཅག་བསམ་དོན་ལྷུན་གྲུབ་འཕྲིན་ལས་མཛོད།། 




མཉམ་སྤྱོད།